མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་ལི་ལ་ངོ་རྒོལ་བྱས།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ། རྒྱ་གར་རྒྱལ་ས་ལྡི་ལི་རུ་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་གསུམ་གྱིས་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་རྒྱ་གར་ལ་གཞུང་འབྲེལ་གཟིགས་སྐོར་བྱེད་བཞིན་པར་ངོ་རྒོལ་ཤུགས་ཆེན་བྱས་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་ཚོས་དེ་རིང་། སྲིད་བློན་ལི་ཁེ་ཆང་རྒྱ་གར་རྒྱལ་ས་ལྡི་ལིར་གཟིགས་སྐོར་རིང་སྡོད་སའི་ཏ་ཇ་མགྲོན་ཁང་གི་(Taj Palace་Hotel)གི་ཉེ་འགྲམ་མི་ཊར་ ༡༠༠ ཙམ་གྱི་སར་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་དང་། སྐབས་དེར་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་བཀྲ་ཤིས་ལགས་ཀྱིས། རྒྱ་དམར་བོད་ནས་ཕར་རྒྱུགས། རྒྱ་ནག་རྒྱ་གར་ནས་ཕར་རྒྱུགས། ལི་ཁེ་ཆང་། བོད་ལ་རང་དབང་མྱུར་དུ་ཐོབ་རྒྱུ་རེད་ཅེས་སོགས་ཀྱི་འབོད་ཚིག་འཁོད་པའི་ཕིཊི་ ༢༠ ཅན་གྱི་འཕྲེད་དར་རིང་པོ་ཞིག་བཏོན་ནས་བོད་རང་བཙན། བོད་མིའི་རང་དབང་ནི་རྒྱ་གར་གྱི་བདེ་འཇགས་ཡིན་ཞེས་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག ལི་ཁེ་ཆང་རྒྱ་གར་ནང་འབྱོར་བའི་ཁ་སང་དང་དེ་རིང་གཉིས་ཀྱི་ངོ་རྒོལ་ལས་འགུལ་དག་རྒྱ་གར་གྱི་གསར་ལམ་ཁག་ཏུ་ཤུགས་ཆེན་ཐོན་ཡོད་ཅིང་། བོད་མི་ལས་འགུལ་སྤེལ་མཁན་མང་ཆེ་བ་རྒྱ་གར་ཉེན་རྟོག་པའི་འཇུ་བཟུང་བྱས་ཏེ་ཉེ་འགྲམ་གྱི་བཙོན་ཁང་ཞིག་གི་ནང་བཀག་ཉར་བྱས་ཡོད་འདུག

ལས་འགུལ་ཐད་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འབྲེལ་མཐུད་པ་བསྟན་འཛིན་ཚེ་ལྷ་ལགས་ཀྱིས་ “ང་ཚོ་དེ་རིང་འདིར་ཡོང་ནས་ལས་འགུལ་སྤེལ་བ་དེ་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་ལ་བོད་ནང་གི་ད་ལྟའི་དངོས་ཡོད་གནས་སྟངས་རྣམས་ཁོ་སྲིད་བློན་ཞིག་ཡིན་པའི་ཆ་ནས་ནག་ཉེས་ཡོད་སྟབས། ཁོ་ལ་གདོང་ལེན་དང་ངོ་ཚ་ཕབ་པའི་ཆེད་དུ་ཡིན། རྒྱ་ནག་གི་དྲང་བདེན་མ་ཡིན་པའི་སྲིད་བྱུས་འོག ད་བར་བོད་མི་ ༡༡༧ གྱིས་རང་ལུས་མཆོད་མེར་ཕུལ་ཡོད་སྟབས། རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་དེ་མཚམས་འཇོག་བྱེད་དགོས་པའི་བརྡ་ལན་སྤྲོད་ཆེད་ཡིན”ཞེས་དང་། “གལ་ཏེ་རྒྱ་གར་གྱི་ཆེས་མཐོའི་མགོ་ཁྲིད་ཚོ་སོ་སོའི་རྒྱལ་ཁབ་ལ་ཞི་བདེ་དང་བདེ་འཇགས་སྲ་བརྟན་ཡོང་བའི་རེ་འདུན་ཡོད་ཚེ་སྲིད་བློན་ལི་དང་མཉམ་དུ་བོད་ཀྱི་གནད་དོན་ཐད་གྲོས་བསྡུར་བྱེད་དགོས་པ་དང་། རྒྱ་ནག་གིས་བོད་དོན་དཀའ་རྙོག་སེལ་བ་ཡིན་ན་རྒྱ་དཀར་ནག་བར་གྱི་ས་མཚམས་དཀའ་རྙོག་རང་བཞིན་གྱིས་སེལ་འགྲོ་བ་རེད” ཆེས་སོགས་བརྗོད་འདུག

གནས་ཚུལ་བཏང་འབྱོར་བྱུང་བའི་ནང་། ཉེ་ཆར་(Li Premier League)ཞེས་པའི་རྒྱ་ནག་གི་སྲིད་བློན་ཁོང་ལ་འཕྱ་སྨོད་དང་ཟུར་ཟའི་རྣམ་པ་གསལ་པོ་མཚོན་ཐུབ་པའི་བརྙན་པར་ཐུང་ངུ་ཞིག་རྒྱལ་སྤྱིའི་བརྙན་པར་དྲ་གནས་ཡོ་ཀྲོ་བྷི་དང་། རྒྱ་ནག་གི་བརྙན་པར་དྲ་གནས་ཁྱབ་ཆེ་ཤོས་ཡོ་ཁཱོ་གཉིས་ཀྱི་ནང་ཁྱབ་སྤེལ་བྱས་ཡོད་པ་དང་། བརྙན་པར་དེ་ནི་དེང་སང་རྒྱ་གར་ན་གྲགས་ཆེ་བའི་དབྱུག་རྕེད་རྩེད་མོའི་མཐུན་ཚོགས་( T20 Indian Premier League)ཀྱི་སྔོན་འགྲོའི་གླུ་དབྱངས་(Dil Jumpin Zapak)ཞེས་པ་དེ་ལས་དབྱངས་རྟ་བླངས་ཏེ་བེད་སྤྱོད་པ་ཞིག་ཡིན་འདུག

བརྙན་པར་ཐུང་ངུ་འདིའི་ནང་སྲིད་བློན་ལི་ཁེ་ཆང་གིས་སོ་སོ་རང་ཉིད་ཉེ་ལམ་རྒྱ་གར་གྱི་ས་མཚམས་ནང་རྒྱ་ནག་དམག་མི་ཆོག་མཆན་མེད་པར་སིམ་འཛུལ་བྱས་པར་འཕྱ་སྨོད་དང་གནོང་འགྱོད་བྱེད་པའི་རྣམ་པ་ཟུར་གཅིག་་བསྟན་ཡོད་ལ་པེ་ཅིན་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་གཞི་རྩའི་རང་དབང་འཕྲོགས་ཏེ་རྟག་ཏུ་གཉའ་གནོན་བྱེད་བཞིན་པའི་རྣམ་པ་གསལ་བོ་བསྟན་ནས་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་གང་མང་ཞིག་གིས་སྲིད་བློན་ཁོ་ལ་ངོ་རྒོལ་སྐད་འབོད་སོགས་ཀྱི་རྡུང་རྡེག་དྲག་པོ་ཕོག་པའི་གནས་སྟངས་མཚོན་ཐུབ་པ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 6

  1. ཁྱི་ཕྲུག says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟས།  ག་དུས་ཡིན་ཡང་མི་གཞན་གྱི་རྐང་པར་འཇུས་ནས་མར་འཐེན་རྩིས་བྱེད་གི  རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་མ་བྱས་པར་ཁོ་རང་ཁུ་སིམ་སིམ་ངང་ཕྱིར་ལོག་བཏང་ན།  རྒྱ་གར་རྒྱལ་ཁབ་ཀྱིས་ཀྱང་ང་ཚོར་འཕྱ་སྨོད་བྱེད་སྲིད

    Reply
  2. མི་རྒོད། says:
    ལོ་ 13 སྔོན།

    བོད་རིགས་གཞོན་ནུའི་ལས་འགུལ་ལ་བསྔགས་བརྗོད་ཡོད་པ་མ་ཟད་བོད་རང་དབང་སློབ་ཕྲུག་ཚོགས་པ་འདི་ཧ་ཅང་གི་བོད་དོན་ལས་འགུལ་བ་སྙིང་སྟོབས་ཅན་ཞིག་ཡིན་པས་ཧ་ཅང་གི་བཀྲིན་ཆེ་ཞུའོ།།།

    Reply
  3. མངའ་རིས་འཕྲིན་ལས། says:
    ལོ་ 13 སྔོན།

    རེད་སློབ་ཕྲུག་ཚོ་སློབ་སྦྱོང་བྱས་པའི་འབྲས་བུར་བོད་མི་རིགས་འདི་དགྲ་ལག་ནས་ལེན་པའི་ཐབས་ཤེས་བྱེད་ཀྱིན་པ་རེད། དེ་མིན་མི་རབས་ནས་མི་རབས་དགྲ་དར་གྱོན་ནས་རྒྱ་གར་རྒྱལ་སྒོའི་འཁྲིས་ཉལ་སྡད་རྒྱུ་ཡིན་པས། ལས་འགུལ་སྤེལ་མཁན་ལ་རྒྱབ་སྐྱོར་མེད་པ་མ་ཟད་ད་དུང་ཁ་བརྡུང་འདྲ་གཏོང་ག་བྱེད་ངོ་ཚ་ཡ་རེད། མི་རེའི་ངོས་ནས་འགན་རེ་ཁྱེར་ནས་ལས་དུས་སྐབས་དང་བསྟུན་ནས་ལས་འགུལ་སྤེལ་དགོས་པ་ལས། མི་རེ་ཟུང་གི་བཤད་ཚད་ལ་ཆ་འཛིན་བྱེད་སྡད་ན་སྔར་བཞིན་ལས་མདོག་གཅིག་ཐོན་རྒྱུ་འདུག་གམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཤར་ཕྱོགས་ཁུག་རྟ། ༼ ཆོས་འབྱོར། ༽ལགས། ཁུ་སིམ་མེར་བོད་མི་རྣམས་རྒྱ་འོག་ཏུ་སྡོད་དགོས་སམ། ལགས།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    བསྔགས་བརྗོད་ཡོད། རྒྱ་རྒན་དེ་ཚོ་ལ་ང་ཚོས་ག་ཚོད་གུ་ཡངས་དང་བསམ་གཞིག་བྱས་ཀྱང་དེ་དག་ལ་ངོ་ཚ་རྒྱུ་རྩ་བ་ནས་མི་འདུག ད་ནས་བཟུང་སྟེ་ང་ཚོས་ཀྱང་བསམ་བློ་གཉིས་པ་ཞིག་དང་ཁ་ཕྱོགས་གཉིས་པ་ཞིག་མ་བརྒྱུད་ཀ་མེད་རེད།

    Reply
  6. ཤར་ཕྱོགས་ཁུག་རྟ། ༼ ཆོས་འབྱོར། ༽ says:
    ལོ་ 13 སྔོན།

    བྱིས་པ་ཚོས་སློབ་སྦྱོང་ཡག་པོ་མ་བྱས་པར་ཚོར་བ་གནམ་ལ་ཞེ་དྲག་མ་འཕྱར་ན་ཡག་གི་རེད། ཁ་རྩང་༸གོང་ས་མཆོག་གིས་གསལ་བོར་གསུངས་འདུག རང་དབང་ལུང་པ་ནས་འདྲ་མི་འདྲ་བཤད་སྟོང་སྐད་རྒྱབ། གསར་འགྱུར་བརྒྱུད་ལམ་ཁག་ནས་སྟོང་སྐད་དེ་བོད་ནང་དུ་བསྒྲགས། བོད་ནང་གནས་ཚུལ་ཤེས་པའི་ལམ་ཁ་མེད་སྟབས། རེ་བ་སྟོང་པ་རྒྱབ། དངོས་གནས་ཅིག་འཇོན་མི་ཡོང་ངམ་བསམས་ནས་བརྡབ་གསིག་ཐེབས་ཀྱི་འདུག་གསུངས་པ་དེ་གནད་འགག་ཆེན་པོ་རེད། དེས་ན་གཟབ་གཟབ་བྱ་རོགས། རྒྱ་མི་བོད་ནས་ཕར་རྒྱུགས་ལབ་ན་ད་ག་འདྲ་ཞིག་ཕུད་ཀྱི་ཡིན་པེ། བསམ་བློ་མ་བཏང་བར་ལས་འགུལ་སྤེལ། མཇུག་འབྲས་ལ་བསམ་བློ་མ་བཏང་བར་བརྒྱུད་ལམ་ཁག་ཏུ་ཐོན་ཐབས་བྱས་ན་རང་མགོ་རང་གིས་བཅག་པ་ཆགས་མི་སྲིད་པ་མ་རེད།། བོད་སྤྱིའི་ཕུགས་རྒྱང་རིང་པོ་མཐོང་དགོས་པ་རེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese