མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༥༠༠༠ ཨ་རིར་ལེན་འཆར།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་གིས་འབྱུང་འགྱུར་ལོ་ ༣ གྱི་ནང་ཚུད་དུ། རྒྱ་གར་དང་བལ་ཡུལ་གཉིས་ནང་གི་བོད་མི་སྐྱབས་བཅོལ་བ་ ༥༠༠༠ ཙམ་ལ་ཨ་རིའི་ནང་གཞིས་སྤོ་ཆོག་པའི་ཐོངས་མཆན་སྤྲོད་རྒྱུའི་ཐག་གཅོད་བྱུང་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ནང་འདས་པའི་ལོ་མང་རིང་ཕྱི་ལོགས་ནས་ཁྲིམས་འགལ་ཐོག་བསླེབས་པའི་མི་མང་པོ་ཞིག་ལ་མ་འོངས་པར་ཁྲིམས་མཐུན་གྱི་ལམ་ཁ་བཟོ་ཐབས་ཐོག་གྲོས་བསྡུར་བྱེད་སྐབས། གྲོས་ཚོགས་གོང་མའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein) ཆོག་གིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་འོག བོད་ནང་གི་བོད་མི་ཚོས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་ཡོད་པ་མ་ཟད། ༢༠༠༩ ནས་བཟུང་ད་བར་བོད་མི་བརྒྱ་ལྷག་ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ། བལ་ཡུལ་ནང་རྒྱ་གཞུང་གིས་གནོན་ཤུགས་སྤྲད་དེ་བོད་མི་སྐྱབས་བཅོལ་བ་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་སོགས་ངོ་སྤྲོད་གནང་བ་བརྒྱུད། བོད་མི་སྐྱབས་བཅོལ་བ་ཨ་རིར་ལེན་རྒྱུའི་ཁྲིམས་གཞིར་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Chuck Grassley)ཡིས་ཀྱང་ལས་གཞི་འདི་ལམ་ལྷུངས་ཡོང་རྒྱུར་རྒྱ་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་གནོན་ཤུགས་ཡོང་ངེས་ཡིན་མིན་ལ་མ་ལྟོས་པར་ང་རང་གིས་ཐག་གཅོད་འདིར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བརྗོད་འདུག

གོང་གསལ་གནད་དོན་དེ་ད་དུང་བརྒྱུད་རིམ་མང་པོ་ཞིག་བརྒྱུད་དགོས་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་རྒྱབ་སྐྱོར་ཐོབ་མིན་གྲོས་གཞི་དེར་གཞི་ནས་བགྲོ་གླེང་འགྲོ་དགོས་པ་ཞིག་ཡིན་འདུག

 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༩ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 14

  1. བསྟན་ཆོས། says:
    ལོ་ 13 སྔོན།

    གངས་ཀྱིས་བཤད་པ་བས་སྐྱུག་གཏམ་རེད། རྒོད་ཀྱང་མི་ལེགས། ཨོ་གླིང་རྒྱན་ཁུངས་སུ་འཛུལ་ཆོག་པ་དང། དེ དག་གི་ནང་མི་རྣམས་གཞན་ལོ་བཅོ་བརྒྱད་ཡན་ཚང་མ་མཉམ་ཞུགས་ཆོག་པ་བྱེད་དགོས། ཡིན་ན་ཡང་བཅོ་བརྒྱད་ཡན་པ་སུ་ཡིན་ཀྱང་རང་ལ་རྒྱན་བབ་ཚེ། རང ཉིད ལས ནང མི་དང། ཁོའི་ཕ་མར་རྒྱན་བབ་ཚེ་ཁོ་རང་མི་ཚུད་པ་བྱེད་དགོས་སོ།།

    Reply
  2. རྒོད། says:
    ལོ་ 13 སྔོན།

    ང་ལ་བསམ་ཚུལ་ཞིག་ཡོད།གཞི་ཆགས་དང་གསར་འབྱོར་དབྱེ་བ་དང་རྩོད་པ་བྱེད་ཀྱི་མེད།བོད་མི་ཤ་ཁྲག་ཅིག་པ་རེད།འོན་ཀྱང།གཞི་ཆགས་རྣམས་ལ་སྡོད་ཁང་དང་ས་ཞིང་བ་ཁྱུ་སོགས་།ཡིན་ན་གསར་འབྱོར་བ་དག་ལ་གང་ཡང་མེད་།སོང་ཙམ།དཀའ་ངལ་མང་དག་ཞིག་གསར་འབྱོར་དག་ལ་འཕྲད་ཀྱི་ཡོད།རྒྱ་ཆ་བརྒྱ་ནང་ལ་རྒྱ་ཆ༧༠ཙམ་གསར་འབྱོར་ལ་གོ་སྐབས་དང་རྒྱ་ཆ༣༠ཐམ་པ་གཞི་ཆགས་ཁག་ལ་གནང་ན་འོས་བབས་མཚམས་བ་ཞིག་མི་འདུག་གམ།ཡིན་ན་སྔོན་མ་བཞིན་མི་ག་གེ་མོ་ཡི་སྐད་ཆ་ལ་གཟིགས་ནས་བཀག་སྡོམ་མ་གནང་རོགས་གནང།བོད་པ་ཕྱི་རྒྱལ་ལ་སླེབས་ན་འཚོ་བ་གང་ཅི་ཐད་བརྟན་པོ་ཆགས་འགྲོ་གི་ཡོད་སྟབས་།བོད་པའི་རང་དབང་རྩོད་ལེན་་ཐོག་ལ་ཤུགས་རྐྱེན་ཐད་ཐུབ་ཀྱི་རེད་དྲན་གྱི་འདུག

    Reply
  3. བདེ་རྒྱལ། says:
    ལོ་ 13 སྔོན།

    བཙན་བྱོལ་ནང་མགྲོན་ཁང་དང་ཟ་ཁང་ཡོད་མཁན་ཚོ་དཔལ་འབྱོར་གྱི་རྐང་ཚུགས་ཡོད་པས་འགྲོ་མི་དགོས། གནད་དོན་དེ་ཚོར་ནང་སྲིད་ཀྱིས་ཞིབ་འཇུག་ལེགས་པོ་གནང་དགོས། ལས་དོན་འདིས་བོད་མི་ཉམ་ཐག་ཚོ་སྐྱོབ་པ་དང་བྱེས་ཀྱི་བོད་མིའི་དཔལ་འབྱོར་དོ་མཉམ་འབྱུང་བ་ཞིག་ལ་དམིགས་པ་དང་། དེ་ཡང་མཐར་གཏུགས་ན་རྩ་དོན་ལ་གཞི་རྐང་འཛུགས་ས་ཞིག་ལ་དམིགས་པར་ཤོག

    Reply
  4. མངའ་རིས་འོད་ཟེར། says:
    ལོ་ 13 སྔོན།

    ཡང་སྲིད་སྐྱོང་གིས་འདིའང་ཁོང་གི་བྱས་རྗེས་ཡིན་གསུངས་མདོག་ཁ་པོ་རེད་ཝ། ཧཧཧ ཡིན་ནའང། ད་ཐེངས་ཁོང་གིས་ཁ་སྔོན་དུ་མ་གྲགས་པ་འདི་ཨ་རིའི་གཞུང་གི་ཐབས་མཆོག་ཅིག་བེད་སྤྱོད་བཏང་འདུག

    ངས་གོ་ཚོད་བྱས་ན་འདིའང་༸གོང་ས་སྐྱབས་མགོན་ཆེན་པོས་བཀོད་མངགས་གནང་བ་ཞིག་རེད་ཟེར།། ༸གོང་ས་མཆོག་བཀའ་དྲིན་ཆེ། ཡང་ཁ་ཤས་ཀྱིས་ཉེ་ཆར་ཟམ་གདོང་རིན་པོ་ཆེ་༸གོང་ས་མཆོག་གི་སྐུ་ཚབ་ཏུ་འཛམ་གླིང་གི་ཆོས་ཚོགས་སུ་ཞུགས་སྐབས་ཡེ་ཤུའི་བླ་ཆེན་ཁག་དང་བཀའ་མོལ་བྱུང་སྟེ། བཙན་བྱོལ་བོད་མིའི་གཞི་རིམ་ཞི་བའི་སྤྱི་ཚོགས་ལ་དཔལ་འབྱོར་དང་ཤེས་ཡོན་འཕྲོད་བསྟེན་ཐོག་རོགས་རམ་གནང་ཐུབ་ན་ཅེས་པ་དེ་ཕྱིས་སུ་འདི་ལྟར་གྱུར་བ་རེད་ཅེས་བཤད་མཁན་ཡང་འདུག གང་ལྟར་ག་རེ་ཡིན་ན་མིན་ན། ཐུགས་རྗེ་ཆེ། ད་ཐེངས་ཕར་འགྲོ་མཁན་དེ་གསར་འབྱོར་བདག་མེད་ཚོའི་ཁོངས་ནས་གཏོང་ཐུབ་ན་ཡག་པོ་མེད་འགྲོ

    Reply
  5. འཇམ་གཅེས ། says:
    ལོ་ 13 སྔོན།

    གསར་འབྱོར་རྙིང་འབྱོར་གང་ཡིན་ཡང་ཆོག གཙོ་ཆེར་དཀའ་ང་ཡོད་རིགས་རྣམ་འགྲོ་ཐུབ་ན་ཡག་པོ་རེད་་་་་་་

    Reply
  6. རྒོད། says:
    ལོ་ 13 སྔོན།

    གཏམ་བཟང་ཞིག་རེད།
    བཀྲ་ཤིས་བདེ་ལེགས་།
    བོད་མི་སྒྲིག་འཛུགས་ཀྱི་ལས་སྣེ་བ་རྣམས་ཀྱིས་དེ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རོགས།

    Reply
  7. རྒྱང་ལྟ། says:
    ལོ་ 13 སྔོན།

    ད་རེས་ཨ་རིར་གཞིས་ཆགས་སུ་གནས་སྤོ་བྱེད་ཕྱོགས་ལ་བསམ་གཞིགས་ནན་མོ་བྱེད་དགོས། 
    ཆ་རྐྱེན། ༡༽གསར་འབྱོར་ཡིན་ན། རྒྱ་གར་ལ་འབྱོར་ནས་ཉུང་མཐར་ཡང་མི་ལོ་ཉི་ཤུ་ལྷག་ལ་གཞུང་སྒེར་གང་རུང་ནས་བོད་མི་རྩ་དོན་ཐོག་ཕྱག་ལས་གནང་ནས་སྡོད་མུས་ཡིན་པ་ཅན།
    ༢༽གཞིས་ཆགས་ཡིན་ན་ཁྱིམ་ཚང་དེ་ནས་མི་གཅིག་ཀྱང་ཕྱི་རྒྱལ་དུ་སོང་མེད་པ་ཅན།
    གོང་གསལ་ཆ་རྐྱེན་འདི་གཉིས་ལ་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པས་ལྷག་སེམས་ཅན་ཚོས་བསམ་གཞིགས་གནང་རོགས།

    Reply
  8. Ngawang Norbu says:
    ལོ་ 13 སྔོན།

    ༄༅། འཇམ་གཅེས་ལགས། །རྟ་བོ་ལ་རྒྱུགས་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། ཨ་སྒོར་ཀྱང་ཀྱང་རེད། སྟག་ཤར་གཞོན་པར་ལག་ཆ་ཡོད་ན། །ཨ་མོ་ཀྱང་ཀྱང་རེད། ཤེས་འབྱོན་ལག་ཆ་མེད་ན། ཉལ་ས་རྒྱ་ལམ་སྟོང་པ་རེད།

    Reply
  9. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་ཧ་ཤེལ་དཀར་བློ་བཟང་གི་དཀའ་ངལ་སེལ་ཐབས་ལ་ཡིད་བསྔགས་བྱེད་པ་སྔ་དྲགས་ཁོ་བལ་ཡུལ་རྒྱ་ཡུལ་དུ་འགྱུར་རྗེས་གཞིས་ནས་བལ་པོས་ཧ་གོ་ཐུབ་ཀྱང་ད་བོད་པ་འདི་འདྲའི་མགྱོཊ་པོ་ཨ་རིར་སླེབས་ཚེ་ཨ་ནི་བལྟ་མོ་ཉུང་ཉུང་མ་གཏོགས་མཐོང་ས་མིན་འདུག།།

    Reply
  10. གངས says:
    ལོ་ 13 སྔོན།

    ཨོ་ལེ་་་་་་ད་ཡིན་ན་ཡང་གཞི་ཆགས་ཚོའི་བསྟན་པ་དར་ནི་རེད། གསར་འབྱོར་ཚོ་ལ་ཅང་ཡོད་ནི་མ་རེད། བཀའ་ཤག་གི་བཀའ་དེ་དེ་བཞིན་བརྩི་ངེས་ཡིན།

    Reply
  11. ལུང་རྟོགས། says:
    ལོ་ 13 སྔོན།

    རེད་་་་བཙན་བྱོལ་བོད་མི་ཚང་མ་ཨ་རི་ལ་རྒྱུག ཨ་རིའི་མི་སེར་བཟོས། ཨ་སྒོར་མང་ཙམ་བསག ཨ་རི་རྒྱལ་ཁབ་ལ་མིའི་ཞལ་འདེབས་ཅུ་ཟེད་རེ་ཨེ་ཕོག་བལྟས་ན་ཏག་ཏག་རེད།

    Reply
  12. འདྲེ་ལྡག says:
    ལོ་ 13 སྔོན།

    ཁང་པ་དང་ས་ཞིང་སོགས་ཡོད་པའི་རྙིང་འབྱོར་བོད་མི་ཚོས་རེ་བ་རྒྱག་ཆོག་པ་ལས། བརྟེན་ས་ཁེན་མེད་པའི་གསར་འབྱོར་བོད་མི་ཚོས་རྩ་བ་ཉིད་ནས་རེ་བ་རྒྱག་མི་ཆོག དེ་བཀའ་ཡིན། དེ་བཀའ་ཤག་རྙིང་པ་ནས་བཀའ་ཤག་གསར་བར་བརྒྱུད་བའི་སྲིད་བྱུས་ཡིན།

    Reply
  13. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཨ་རིའི་གྲོས་ཚོགས་གོང་མས་དངོས་ཡོད་ཀྱི་བོད་མིའི་བདེ་སྡུག་ལ་དགོངས་པ་བཞེས་པར་བསྔགས་བརྗོད་ཡོད། དེ་བཞིན་གྲོས་ཚོགས་འོག་མས་ཀྱང་མོས་མཐུན་གནང་བའི་རེ་བ་དང་ཡིད་ཆེས་ཡོད།
    གལ་སྲིད་དེ་ལྟར་ལམ་ལྷོངས་བྱུང་ན་དངོས་ཡོད་དཀའ་ངལ་འཕྲད་བཞིན་པའི་བོད་མི་ཉམ་ཐག་ཚོར་དགོངས་པ་བཞེས་དགོས་པ་ལས་སྔར་བཞིན་ཕྱུག་བདག་དང་གོ་གནས་ཡོད་མཁན་རྒྱབ་རྩ་ཡོད་མཁན་རྐྱང་རྐྱང་གཏང་ན་ཡག་པོ་མེད། །

    Reply
  14. འཇམ་གཅེས ། says:
    ལོ་ 13 སྔོན།

    ཨ་རི་གཞིས་ཆག་ས་ཚུགས་པར་ཤོག །
    ཨ་རི་ཡུལ་དུ་སྐྱེ་བ་ཤོག །
    ཨ་སྒོའི་བདག་པོར་འགྱུར་བ་ཤོག །
    ཨ་མོ་དགའ་རོགས་ཐོབ་པར་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese