མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱེད་རང་ཚོར་དཀའ་ངལ་ཡོད་པ་ང་ཚོས་ཚོར་གྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གསར་དུ་འབྱོར་མཁན་མང་པོ་ཞིག་ལ་རྒྱ་གར་ནང་གནས་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་མ་རག་པའི་དཀའ་ངལ་འཕྲད་ཀྱི་ཡོད་པའི་སྐོར་བདེ་སྲུང་བཀའ་བློན་མཆོག་བཅར་འདྲི་ཞུས་དོན་ལྟར། ད་ཆར་ལམ་ཁ་གཞན་ཞིག་གི་ཐོག་འབད་བརྩོན་ཞུ་བཞིན་ཡོད་ཟེར།

ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་ ༥ བའི་ཚེས་ ༣༠ ཉིན་ནས་བཟུང་རྒྱ་གར་གཞུང་གིས་བོད་ནས་རྒྱ་གར་ནང་སྐྱབས་བཅོལ་དུ་འབྱོར་བའི་རིཊ་ལ། བལ་ཡུལ་རྒྱ་གར་གཞུང་ཚབ་བརྒྱུད་རྒྱ་གར་ནང་འཛུལ་ཞུཊ་ཆོག་པའི་དམིཊ་བསལ་དེབ་དཀར་པོ་ཞིག་བཟོས་ཡོད་པ་ལྟར། འདས་པའི་ལོ་ཤས་རིང་ལག་དེབ་དེའི་ཐོག་ “ གནས་བསྐོར ” ཞེས་བཀོད་པའི་བོད་མི་མང་པོ་ཞིག་ལ་རྒྱ་གར་ནང་སྡོད་ཆོག་པའི་སྐྱབས་བཅོལ་ལག་དེབ་(RC)མ་རག་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད།  

༢༠༡༠ ལོར་སྐྱབས་བཅོལ་ལག་དེབ་ནང་ “ གནས་བསྐོར ”འཁོད་པའི་མི་ ༥༠༠ ལྷག་དང་། སྐྱབས་བཅོལ་ལག་དེབ་མེད་མཁན་ ༢༠༠ བཅས་ཁྱོན་མི་ ༧༠༠ ཡས་མས་ངྷ་རམ་ས་ལའི་པདྨ་ཐང་དུ་འཛོམས་ཏེ། ཆོལ་ཁ་གསུམ་གྱི་འཐུས་མི་དང་གྲྭ་བཙུན་གྱི་འཐུས་མི་སོགས་མི་ ༣༠ བདམས་ཏེ། ལོ་དེར་སྔ་ཕྱི་ཐེངས་ ༣ ལ་བཀའ་ཤག་དང་བོད་མི་མང་སྤྱི་འཐུས། བདེ་སྲུང་། ནང་སྲིད་བཅས་སུ་སྙན་ཞུ་ཕུལ་མཐར། བཀའ་ཤག་གིས་མིང་ཐོ་བསྡུ་རུབ་ཀྱིས་རྒྱ་གར་གཞུང་ལ་ཕུལ་དེ་སྐྱབས་བཅོལ་ལག་དེབ་ཅིག་བཟོས་ཡོད་ཀྱང་། ལག་དེབ་དེ་དོ་བདག་སོ་སོའི་ལག་ཏུ་འབྱོར་སྐབས་ཁག་ཅིག་གི་དུས་ཚོད་སྔར་ནས་རྫོགས་ཡོད་པ་དང་། ཁག་ཅིག་གི་དུས་ཚོད་ཉིན་བཅུ་གྲངས་ལས་མེད་པ་ཆགས་ཡོད། དེ་དག་ཡོངས་རྫོགས་ལ་བསྐྱར་རྒྱ་གར་(RC )ལས་ཁུངས་ཀྱིས་དུས་ཚོད་འཕར་འགྱངས་ངོས་ལེན་བྱས་མེད། ཕྱིས་སུ་སྐབས་གཉིས་པའི་མི་མང་གི་འཐུས་བདམས་ཏེ། སྔར་བཞིན་བཀའ་ཤག་སྐབས་བཅུ་བཞི་པ་དང་སྤྱི་འཐུས་སྐབས་བཅོ་ལྔ་པ། བདེ་སྲུང་ལས་བཅས་སུ་བཅར་ཏེ་སྙན་ཞུ་ཐེངས་མང་ཕུལ་ཡོད་པ་མ་ཟད། སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་བཅས་ལ་ཐད་ཀར་ཐུག་སྟེ་རེ་སྐུལ་ཞུས་ཡོད་འདུག   

དཀའ་ངལ་དེའི་ཐད་འདི་གའི་གསར་འགོད་པས་སྐབས་གཉིས་པའི་མི་མང་འཐུས་མི་རིན་ཆེན་རྡོ་རྗེ་ལགས་སུ། བཀའ་ཤག་སྐབས་གསར་པའི་ལམ་སྟོན་གང་འདྲ་ཕེབས་ཡོད་མེད་དྲིས་པར། ཁོང་གིས། “ འདི་ལོའི་ལོ་མགོར་ང་ཚོ་སྲིད་སྐྱོང་མཆོག་གི་སར་བཅར་སྐབས། ཁོང་གི་ངོས་ནས་མི་མང་གི་དཀའ་ངལ་ཤེས་ཀྱི་ཡོད་ཀྱང་། རྒྱ་གར་གཞུང་གིས་དེ་སྔོན་མི་ ༧༠༠ ལྷག་ཡོད་ཀྱང་ད་ཆར་མི་ ༣༠༠ ཙམ་ལས་མི་འདུག ལྷག་མ་རྣམས་གང་དུ་ཕྱིན་མིན་དྲི་བ་བཏང་ཡོང་གི་འདུག་ཟེར། ཉེ་ལམ་ཕྱི་ཟླ་ ༣ པའི་གྲོས་ཚོཊ་ནང་བདེ་སྲུང་བཀའ་བློན་མཆོག་གིས་སྐྱབས་བཅོལ་ལག་དེབ་ཐོག་དཀའ་ངལ་མེད་ཚུལ་དང་འཕར་འགྱངས་བྱས་ཡོད་སྐོར་གསུངས་བྱུང་། སྐབས་དེར་ང་ཚོ་ཡང་བསྐྱར་ཚོཊ་ཏེ་སྲིད་སྐྱོང་དང་བདེ་སྲུང་བཀའ་བློན་གཉིས་ཀར་ཐུག་ཏེ་གནས་ཚུལ་སྙན་སེང་ཞུས་ཀྱང་། དཀའ་ངལ་ཤེས་ཀྱི་ཡོད། ལས་ཀ་འགྲོ་བཞིན་པ་ཡིན་ཟེར་བ་ཙམ་རེད ” ཅེས་བརྗོད་བྱུང་།

ཁོང་ལ་ད་ལྟ་ལག་དེབ་མེད་པའི་གནས་སྐབས་རིང་དཀའ་ངལ་གང་དག་འཕྲད་ཀྱི་ཡོད་མེད་དྲིས་པར། ཁོང་གིས། “ ང་ལ་མཚོན་ལོ་བརྒྱད་དགུ་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་ལ་བསྡད་པ་ཡིན། ངས་དྲང་མོར་བཤད་ན་སྐྱབས་བཅོལ་ལག་དེབ་མེད་མཁན་ཚོ་ངྷ་རམ་ས་ལར་ལྷག་བསྡད་ཡོད་པ་རེད། མང་པོ་ཞིག་ཕྱིར་བོད་ནང་ལོག་ཚར་བ་རེད། སྐྱབས་བཅོལ་ལག་དེབ་མེད་ན་ཕྱི་རྒྱལ་དུ་འགྲོ་འདོད་མཁན་ཚོས་ཡིག་ཆ་གཅིག་ཀྱང་ཁྲིམས་མཐུན་གྱིས་བཟོ་ཐུབ་ཀྱི་ཡོད་པ་མ་རེད་ལ། ངྷ་རམ་ས་ལར་ཚོང་ཙག་ཙིག་བརྒྱབ་སྟེ་སྡོད་མཁན་ཚོར་ཡང་། ཐ་ན་སོལ་རླངས་ལག་དེབ་ཙམ་ཡང་བཟོ་ཐུབ་ཀྱི་ཡོད་པ་མ་རེད། སྤྱི་འཐུས་དང་བཀའ་ཤག་ནང་ངྷ་ས་གཡས་གཡོན་ཏུ་སྡོད་མཁན་ཚོར་ཁང་པ་རྒྱག་རྒྱུའི་སྐད་ཆ་ཞིག་ཡོང་གི་འདུག ངས་བལྟས་ན་ཁང་པ་ལས་ཨང་དང་པོ་སྐྱབས་བཅོལ་ལག་དེབ་བརྟན་པོ་ཞིག་བྱ་རྒྱུ་གལ་ཆེ་ཤོས་རེད་དྲན་ཡོད” ཅེས་བརྗོད་བྱུང་།

ཉེ་ལམ་གསར་འགོད་པས་བོད་མིའི་སྒྲིག་འཛུཊ་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་ལ་སྐྱབས་བཅོལ་ལག་དེབ་ཀྱི་གནས་སྟངས་གང་འདྲ་ཆགས་ཡོད་མེད་བཀའ་འདྲི་ཞུས་པར། ཁོང་གིས། “ ང་ཚོའི་ངོས་ནས་རྒྱ་གར་གཞུང་ལ། ལྷ་རབ་བྱུང་ན་སྤྱི་འགྲོས་སྤྱི་མཚུངས་ཀྱིས་ལོ་རེར་འཕར་འགྱངས་ཡོང་རྒྱུའི་རེ་བ་ཞུས་ཡོད་ལ། དེ་མིན་པའི་གནས་སྐོར་གྱི་ལེའུ་དེར་རྒྱ་གར་གཞུང་གིས་དམིཊ་བསལ་དགོངས་པ་བཞེས་ཏེ། སྤྱི་འགྲོས་སྤྱི་མཚུངས་ཤིག་བཟོ་ཐུབ་པ་གནང་རོཊ་ཞེས་འབོད་སྐུལ་ཞུ་བཞིན་ཡོད” ཅེས་གསུངས་སོང་། ཡང་ཁོང་ལ་སྐྱབས་བཅོལ་ལག་དེབ་མེད་མཁན་ཚོའི་དཀའ་ངལ་རིགས་སེལ་ཐབས་ཀྱི་ལམ་ཁ་གཞན་ཡོད་མེད་དྲིས་པར། “དེ་སྔོན་ལོ་གཅིག་རིང་འཕར་འགྱངས་བྱས་ཐུབ་ཡོད་ཀྱང་། ད་ཆར་འཕར་འགྱངས་མ་ཐུབ་པར་འགག་བསྡད་ཡོད། དེའི་ཐད་ཆད་པ་དང་ཉེས་པ་གང་ཡོད་ཀྱང་བོད་མིའི་སྒྲིག་འཛུཊ་ཀྱིས་ཕུལ་རྒྱུ་ཞེས་ཞུས་ཡོད། དེ་དོ་བདག་སོ་སོའི་ནོར་འཁྲུལ་ལ་བརྟེན་ནས་བྱུང་བ་མ་རེད། དོ་བདག་སོ་སོར་ཁྲིམས་ཐོག་ནས་བྱེད་རོགས་མ་བྱས་པ་དེ་འདྲ་འགྱངས་ཆད་རིཊ་ཕོག་གི་ཡོད་ན།  སྒྲིག་འཛུཊ་ཀྱི་ཕུལ་རྒྱུ་ཡིན་ཞེས་གསལ་པོ་ཞུས་ཡོད་པ་རེད། ད་ཆར་ང་ཚོས་ཕུཊ་ཀྱི་དཀའ་ངལ་སེལ་ཆེད་རྒྱུན་རིང་པོར་སྡོད་ཆོག་པ་(Longterm stay) བཟོ་ཐབས་སུ་དགོངས་བཞེས་གནང་རོཊ་ཞེས་ཞུས་ཏེ་བཀའ་མོལ་འགྲོ་བཞིན་པ་རེད། ཁ་སང་ཁེ་ཉིན་སྲིད་སྐྱོང་མཆོག་ལྡི་ལིར་ཡོད་དུས་དེའི་སྐོར་ལ་བཀའ་མོལ་གནང་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་གཞུང་གི་ཅོག་ཙེའི་སྒང་དུ་བཞག་ཡོད་པའི་དབང་གིས་ཚང་མར་ཐུགས་འཚབ་མ་གནང་རོཊ། ཁྱེད་རང་ཚོར་དཀའ་ངལ་ཡོད་པ་ང་ཚོས་ཚོར་གྱི་ཡོད།  ” ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 5

  1. ཅང་མེད། says:
    ལོ་ 13 སྔོན།

    RC ལ་འབྲེལ་ཡོད་བཀའ་ལས་བྱེད་ཐུན་མོང་ནས་གསོན་དང་། ་མི་དམངས་ཚོའི་དཀའ་ངལ་ཤེས་ཀྱིན་ཡོད་ཟེར་བ་གནས་སྐབས་ཙམ། ༢༠༠༣ལོ་ནས་བར་ཐོན་པའི་གསར་འབྱོར་༧༠༠་བརྒྱ་ལྷག་ལ་RCགྱིན་དཀའ་ངལ་འཕྲད་ཀྱིན་ཡོད་པའི། ཁྱེད་ཚོའི་དེའི་སྐོར་ལ་ནམ་ཞིག་ལ་ཆེད་ལས་བྱས་པ་ཡིན། གསར་འབྱོར་བ་་ཚོ་ཧིན་སྐད་དང་དབྱིན་སྐད་རང་རྐང་མི་ཚུག་པའི་ཕྲུ་གུ་འདྲ་བའི། ཁོང་ཚོ་RCསྐོར་གྱི་ནུས་པ་ཅི་ཡང་ཡོད་པ་མ་རེད།
    དངོས་གནས་བྱས་ན་བཙན་བྱོལ་བོད་མིའི་བདེ་སྡུག་ལ་ཁྱེད་ཚོས་གཟིགས་དགོས་མོད། རྡ་ས་མ་ཡིན་པའི་གསར་འབྱོར་བ་རྒྱ་གར་ནང་དུ་བཀྲམ་སྡད་ཡོད། ན་ཉིན་2012/6ནང་རྡ་སའི་གསར་འབྱོར་མ་གཏོགས་སྙན་ཞུ་མ་ཕུལ་སྟབས། ས་གནས་གཞན་ཁག་ཏུ་RCདུས་ཚོད་བསྣུར་བ་དཀའ་ངལ་གང་འདྲ་འཕྲད་ཡོད་མེད་ཤེས་སོང་ངམ། ཉེ་སྔོན་ནང་བཞིན་ང་ཚོའི་སྤྱི་ཚོགས་ནང་ལ་འདྲ་མིན་སྣ་ཚོགས་ཡོང་བ་མང་ལ། དེའི་རིགས་་་་་ལས་བྱེད་མི་སྣའི་བོད་པའི་སྤྱི་ཚོགས་བདག་སྐྱོང་མ་བྱས་པའི་གནད་དོན་ཞིག་ཏུའོ།

    Reply
  2. མཉམ་ཞུགས says:
    ལོ་ 13 སྔོན།

    སྐད་ཆ་དྲང་མོར་བཤད་ཚེ”ཁྱེད་རང་ཚོར་དཀའ་ངལ་ཡོད་པ་ང་ཚོས་ཚོར་གྱི་མི་འདུག”ཅེས་བརྗོད་ཚེ་སྐུ་ངོའི་སེམས་གཏམ་དང་བར་ཐག་ཉེ་བ་ཡོད། ང་ཚོའི་སྐུ་ངོ་ཚོ་ལ་སྐྱབས་བཅོལ་ལག་དེབ་ཀྱི་ཐོག་དཀའ་ངལ་འཕྲད་པའི་ཉམས་མྱོང་ཅི་ཡང་མེད་པར་བརྟེན་ཁ་བཤད་ལས་ལག་ལེན་ཐོག་བསྐྱེལ་རྒྱུ་ཧ་ཅང་ཁག་པོ་ཡིན་པར་སེམས།གལ་ཏེ་དེ་འདྲ་མིན་ཚེ་སྐུ་ངོ་རྣམ་པས་སོ་སོ་དང་སོ་སོའི་ནང་མི་རྣམས་འབྱོར་ལྡན་རྒྱལ་ཁབ་མི་སེར་བཟོ་རྒྱུར་དུས་འགྱངས་དང་འཐུས་ཤོར་ཅ་ཡང་མེད་པར་བཟོ་རྒྱུ་ནུས་པ་དང་ཐབས་ལམ་ཆ་ཚང་བྱང་ཆུད་པ་རྐྱང་རྐྱང་ཡིན་པས་སོ་སོའི་ལས་དོན་ནང་བཞིན་དོ་སྣང་དང་ཐབས་ཤེས་བྱས་ཚེ་སྐྱབས་བཅོལ་ལག་དེབ་ཀྱི་དཀའ་ངལ་ནི་སྔ་ས་སངས་ཚར་ཡོད་པ་ཧ་ཅང་གསལ་བོ་རེད།འོན་ཀྱང་ང་ཚོ་སྐུ་ངོ་ཚོ་སྤྱི་དོན་ཐོག་ཁ་བཤད་ཆུའི་ལྦུ་བ་ལས་ལག་ལེན་གསེར་གྱི་ཐིག་པ་ལ་དེ་འདྲའི་མྱོས་པོ་མེད་པར་བརྟེན་དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པ་ཁྱེད་རྣམས་ནས་ད་དུང་མུ་མཐུད་ནས་གསུང་བཤད་སྙན་པོ་དེར་ཉན་བཞིན་ད་དུང་སྐུ་ལས་ཏོག་མྱང་དགོས་ཁེལ་ས་རེད་བསམ་གྱི་འདུག ཉིན་རེ་བཞིན་དཀའ་སྡུག་དང་འཇིགས་སྣང་ནང་འཚོལ་བ་བསྐྱེལ་བཞིན་པ་ཁྱེད་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ སྤྱི་འཐུས་དང་བཀའ་ཤག་ནང་ངྷ་ས་གཡས་གཡོན་ཏུ་སྡོད་མཁན་ཚོར་ཁང་པ་རྒྱག་རྒྱུའི་སྐད་ཆ་ཞིག་ཡོང་གི་འདུག ངས་བལྟས་ན་ཁང་པ་ལས་ཨང་དང་པོ་སྐྱབས་བཅོལ་ལག་དེབ་བརྟན་པོ་ཞིག་བྱ་རྒྱུ་གལ་ཆེ་ཤོས་རེད་དྲན་ཡོད” ཅེས་བརྗོད་བྱུང་། ་་་་་་ཟེར།

    Reply
  4. Dawai Shonu says:
    ལོ་ 13 སྔོན།

    བོད་གཞུང་བཀའ་ཤག་ཡིན་ནའང་རེད། བདེ་སྲུང་ལས་ཁུངས་ཡིནའང་རེད། འབྲེལ་ཡོད་ལས་ཁུངས་སུ་ཡིན་ནའང་གནས་ཚུལ་འདིའི་སྐོར་ཁ་གསལ་འགྲེལ་བརྗོད་རྒྱག་དགོས་པ་རེད། སྐྱབས་བཅོལ་ལག་དེབ་བཟོ་མ་ཐུབ་པའི་རྒྱུ་མཚན། དཀའ་ངལ་ག་རེད་འཕྲད་བཞིན་པ་སོགས་མི་ཚང་མས་ཧ་གོ་ཡས་ཀྱི་གསལ་བཤད་བྱས་ན་གོ་བ་ལོག་རྟོགས་ཡོང་མི་སྲིད། དེ་མིན། སུའི་ནོར་འཁྲུལ་ཡིན་ཤེས་དཀའ་ལ་མི་མང་ཚོས་གོ་མ་ཚོད།

    དང་པོ། དང་པོ་ཡིག་ཆའི་ནང་གནས་སྐོར་ཞེས་འཁོད་སྟངས་གང་འདྲ་རེད། སུ་བཀོད་པ་རེད། ག་རེ་བྱས་ནས་བཀོད་པ་རེད།
    གཉིས་པ། སྐྱབ་ས་བཅོལ་ལག་དེབ་སོ་སོས་ག་རེ་བྱས་ནས་བཟོ་ཐུབ་ཀྱི་ཡོད་མ་རེད། ངའི་ནང་མིའི་ལག་དེབ་ཚང་མ་སོ་སོ་སྒེར་གྱིས་འབྲེལ་ཡོད་རྒྱ་གར་ལས་ཁུངས་ལ་བཅར་ནས་བཟོས་པ་ཡིན།
    གསུམ་པ། བོད་ནས་རྒྱ་གར་ལ་བྱོར་བསྡད་མཁན་ཚོས་ཡུལ་ཁྲིམ་དང་ལུག་སྲོལ་དང་མཐུན་པའི་སྤྱོད་པ་བསྟན་པ་ཡག་པོ་ཡོང། བོད་ནང་བྱས་པ་ནང་བཞིན་རྒྱ་གར་ལུང་པར་བྱེད་ན་རྟག་རྟག་ཅིག་བསྡད་ཀྱི་མ་རེད། དེས་རྒྱ་གར་བ་ཚོའི་སེམས་ནང་དོགས་པ་རྣམ་རྟོག་མི་ཡོང། སྐྱབས་བཅོལ་ལག་དེབ་ཐོབ་ཡས་ལའང་ལས་སླ།

    Reply
  5. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    དང་ཐོག་གནས་སྐོར་འཁོད་པ་ནི་གཞུང་གི་ནོར་འཁྲུལ་ཡིན་ཙང་།
    གཞུང་གིས་ལྷག་བསམ་རྣམ་དག་གིས་གསར་འབྱོར་ཚོར་རོགས་རམ་
    གནང་དགོས། དེ་མ་ཚད་གཞུང་གི་ལས་ཁུངས་ཁག་གིས་གསར་འབྱོར་
    བརྩི་བཀུར་བྱེད་དགོས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese