མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ལངས་ཕྱོཊ་ལ་འགྱུར་བ་གཏོང་དགོས་སམ།

བོད་ཀྱི་དུས་བབ།
༢༠༡༣/༠༥/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་ཀྱི་གཞོན་ནུ་ལྷན་ཚོཊ་ཀྱི་ཚོགས་ཆེན་ཐེངས་ ༡༥ པའི་ཉིན་དང་པོར། འདི་གའི་གསར་འགོད་པས་ས་གནས་ཁག་ནས་ཕེབས་པའི་ཚོཊ་བཅར་བ་ཁག་ཅིག་ལ། ཉེ་ལམ་ཞིག་ནས་ས་གནས་གཞོན་ནུ་ཁ་ཤས་ནང་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་མིན་གྱི་གླེང་སློང་ཞིག་ཡོང་གི་ཡོད་པའི་ཐད་བསམ་ཚུལ་དྲིས་ཡོད།  

སྤིར་ས་གནས་གཞོན་ནུའི་ཚོགས་གཙོ་ཚུལ་ཁྲིམས་བློ་གྲོས་ལཊ་ཀྱིས་བརྗོད་དོན། “༧གོང་ས་མཆོག་གིས་བཀའ་སློབ་རབས་དང་རིམ་པ་ཕེབས་བཞིན་པར། སྤིར་ས་གནས་གཞོན་ལྷན་གྱི་ངོས་ནས་གུས་འདུད་ཞུ་བཞིན་ཡོད། ང་ཚོ་ས་གནས་གཞོན་ནུ་ལྟ་བུ་ཡིན་ནའང་། དབུ་མའི་ལམ་ལ་ག་དུས་ཡིན་ནའང་གུས་བརྩི་ཞུ་བཞིན་ཡོད། ཚོཊ་འདུ་འདིའི་ཐོག་ག་འདྲ་ཆཊ་རྒྱུ་ཡིན་མིན་ཞུ་ཐུབ་ཀྱི་མི་འདུག་ཀྱང་། ༧གོང་ས་མཆོག་དབུ་མའི་ལམ་ལ་ཕེབས་ཀྱི་ཡོད་སྟབས་ང་ཚོ་ཡང་མ་འོངས་པར་དབུ་མའི་ལམ་ལ་བསྐྱོད་ཐུབ་པའི་རེ་བ་ཡོད” ཅེས་བརྗོད་བྱུང་།  

ཁེ་ན་ཌའི་གྲོང་ཁྱེར་ཊོ་རོན་ཊོ་ས་རྒྱུན་འབྲེལ་མཐུད་པ་སྒྲོལ་མ་མཚོ་ལཊ་ཀྱིས་བརྗོད་དོན། “ང་ཚོ་ས་རྒྱུན་དང་རྒྱུན་ལས་ཟུར་པ་ཚོ་ཚོགས་འདུ་ཚོཊ་སྐབས། ང་ཚོའི་ལྟ་བ་དེ་རང་བཙན་གཙང་མ་རང་འཇགས་གནས་དགོས་པའི་གྲོས་འཆམ་བྱུང་སོང་། རྒྱལ་ཁབ་ཅིག་གི་ནང་རང་བཙན་གཙང་མ་དང་དབུ་མའི་ལམ་བཅས་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་དགོས་ཀྱི་ཡོད་པ་རེད། གཅིག་མ་གཏོགས་མེད་ན་དེ་ཉེན་ཁ་ཚ་བོ་རེད། ང་ཚོའི་ཁ་གཏད་དེ་ཀླ་ཀློ་ཞིག་ཡིན་སྟབས། ད་ལྟའི་བར་སུ་གང་ལའང་ཉན་འཇོག་དང་སྐྲག་གི་མེད་ལ།  ཁོ་ཚོའི་དགྲ་དེ་ང་ཚོ་རང་བཙན་རྩོད་མཁན་རེད། ང་ཚོ་མེད་པ་ཆགས་ན་ཁོ་ཚོར་དེ་ལས་ལྷག་པའི་རྔན་པ་ཞིག་དགོས་ཀྱི་ཡོད་པ་མ་རེད། དེའི་ཕྱིར་བོད་རང་བཙན་ཀྱི་འཐབ་རྩོད་དེ་མུ་མཐུད་གནས་ཐུབ་ཆེད་ང་རང་འདིར་བཅར་བ་ཡིན། གལ་སྲིད་ཚོགས་ཆེན་འདིའི་ཐོག་གཞོན་ནུའི་ལངས་ཕྱོགས་དབུ་མར་བསྒྱུར་བ་ཡིན་ན། ང་ཚོ་ཊོ་རིན་ཊོ་ས་གནས་གཞོན་ནུ་སྒོ་རྒྱག་རྒྱུའི་བཀའ་མོལ་བྱུང་སོང་། གང་ཡིན་ཟེར་ན། བོད་མི་ཚང་མ་དབུ་མའི་ལམ་ཁོ་ནའི་ཐོག་ཕེབས་ན་འགྲིག་གི་ཡོད་ཚེ། ང་ཚོ་གཞོན་ནུའི་ངོས་ནས་ཟུར་དུ་དབུ་མའི་ལམ་ཟེར་ནས་ཡང་བསྐྱར་གཅིག་འཛུགས་དགོས་པའི་རྒྱུ་མཚན་མི་འདུག” ཅེས་བརྗོད་སོང་།

སྤོག་ར་ས་རྒྱུན་རྟ་མགྲིན་ཚེ་སྒྲུབ་ལཊ་ཀྱིས་བརྗོད་དོན། “ ང་ཚོས་༧གོང་ས་མཆོག་གི་བཀའ་སློབ་ཕེབས་པ་གལ་ཆེན་དོན་ཆེན་དུ་བརྩིས་ཏེ། ས་གནས་ཚོགས་མི་ཡོངས་ལ་བསམ་ཚུལ་བསྡུ་རུབ་བྱས་སྐབས། ཚོགས་མིའི་ནང་ནས་གཅིག་གཉིས་ཤིག་མ་གཏོཊ་ཚང་མས་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་གི་འདུག ང་རང་སྒེར་ངོས་ནས་ཞུས་ན། སྔོན་ཆད་ང་རང་བཙན་གཙང་མ་རྩོད་མཁན་ཞིག་ཡིན་ན་ཡང་། ༧གོང་ས་མཆོག་གིས་བཀའ་སློབ་རིམ་པ་མང་པོ་ཕེབས་ཡོང་སྐབས། འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧གོང་ས་མཆོག་ལས་ལྷག་པ་ཞིག་མེད་སྟབས།  ད་ལྟ་ངས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུ་བཞིན་ཡོད་ལ། ཐེངས་འདིའི་ཚོགས་ཆེན་བརྒྱུད་༧མགོན་པོ་གང་ཉིད་ཀྱི་བཀའ་དགོངས་ཐོག་བསྐྱོད་ཐུབ་པའི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོས་མུ་མཐུད་དུ་རང་བཙན་ཁོ་ན་གླེང་བསྡད་ན། བཙན་བྱོལ་དུ་ཡོད་པའི་ཚོགས་པ་ཆེ་ཤོས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དོ་ཕོག་འགྲོ་བའི་ཉེན་ཁ་ཞིག་མཐོང་གི་འདུག” ཅེས་བརྗོད་སོང་།

སྒང་ཏོག་ས་རྒྱུན་ཆུང་ཆུང་ལཊ་ཀྱིས་བརྗོད་དོན། “༧གོང་ས་མཆོག་གིས་དབུ་མའི་ལམ་གྱི་ཐོག་བཀའ་སློབ་ཕེབས་ཀྱི་ཡོད་པ་རེད། མི་མང་གི་ཁྲོད་དུའང་གཞོན་ནུ་ལྷན་ཚོགས་ཀྱིས་༧མགོན་པོ་གང་ཉིད་ཀྱི་བཀའ་དགོངས་བཞིན་བསྒྲུབ་ཀྱི་མེད་པའི་གླེང་སློང་མང་པོ་ཡོང་གི་འདུག ཡིན་ནའང་།  ང་ཚོས་༧མགོན་པོ་གང་ཉིད་ཀྱི་བཀའ་དང་མ་འགལ་བའི་ཐོག་ནས་ཞི་བའི་ཐབས་ལམ་ལ་བརྟེན་ནས་རང་བཙན་རྩོད་ཀྱི་ཡོད་མ་གཏོགས། གྲི་དང་རྡོ་སོགས་འཁུར་ནས་རང་བཙན་འཐབ་རྩོད་བྱེད་ཀྱི་མེད། དམངས་གཙོ་ཡིན་སྟབས་རང་བཙན་གྱི་ལམ་དུ་འགྲོ་ཆོག་གི་ཡོད་པ་རེད། བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གང་གིས་ཀྱང་ང་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་བསམ་བློ་ཐོངས་ཟེར་བ་ཙམ་ལས་འགྱུར་བ་གཏོང་དགོས་ལབ་ཐུབ་ཀྱི་མེད་སྟབས། ང་ཚོའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་མ་རེད”  ཅེས་བརྗོད་སོང་།

ཨ་རི་མི་ནི་སོ་ཌཱ་ས་རྒྱུན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ལཊ་ཀྱིས་བརྗོད་དོན། ཚོགས་མི་སུ་ཞིག་ཡིན་རུང་དང་ཐོག་ནས་རང་བཙན་གྱི་ལྟ་བ་འཁུར་ནས་ཚོགས་པ་འདིའི་ནང་ཞུགས་པ་ཡིན་དུས། མ་འོངས་པར་མུ་མཐུད་དུ་རང་བཙན་ལངས་ཕྱོཊ་ཐོག་བརྟན་པོ་གནས་དགོས་པའི་བསམ་ཚུལ་བྱུང་སོང་ལ། མི་མང་དང་མཉམ་དུ་ཚོགས་འདུ་བསྡུས་སྐབས་ཀྱང་ཉུང་ཤས་ཤིག་མ་གཏོགས་མང་མོས་ཐོག་ནས་རང་བཙན་ལ་མུ་མཐུད་རྒྱབ་སྐྱོར་ཞུས་སོང་། ཡིན་ནའང་། ལས་འགུལ་སྤེལ་སྟངས་ཐོག་ལ་སྔར་ལས་གཟབ་གཟབ་དང་ཡག་པོ་གནང་དགོས་པའི་བསམ་ཚུལ་བྱུང་སོང་། མ་འོངས་པར་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་ཐེབས་པ་ཡིན་ན་ཡང་། ང་རང་བོད་པ་ཞིག་ཡིན་སྟབས་ཚོགས་པ་ཡོད་ན་རེད། མེད་ནའང་རེད། བོད་དོན་བདེན་མཐའ་སེལ་བར་སོ་སོའི་ངོས་ནས་གང་ཐུབ་ཐུབ་བྱེད་རྒྱུ་ཡིན” ཞེས་བརྗོད་སོང་།

སྤན་ཌ་ར་ས་རྒྱུན་ཚོགས་གཙོ་བློ་བཟང་བསྟན་པ་ལཊ་ཀྱིས་བརྗོད་དོན། “༧གོང་ས་མཆོག་གིས་རང་བཙན་ལ་དེ་ཙམ་གྱིས་དོན་འབྲས་སྨིན་གྱི་མེད་པ་དང་། དབུ་མའི་ལམ་ལ་དོན་འབྲས་གང་འཚམ་ཐོན་གྱི་ཡོད་པའི་སྐོར་ནས་བཀའ་སློབ་མང་པོ་ཕེབས་ཡོང་དུས། ང་ཚོ་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་དང་མི་འགྲོ་གང་ཡིན་ཡང་། གཞོན་ནུའི་ལས་ཀ་བྱེད་སྟངས་ལ་འགྱུར་བ་ཞིག་ཏན་ཏན་གཏོང་དགོས་པའི་བསམ་ཚུལ་ཡོད་ལ། མི་མང་གི་ངོས་ནས་ཀྱང་རེ་བ་དེ་རང་རྒྱག་གི་འདུག ཡིན་ནའང་། ང་ཚོར་ཆབ་སྲིད་ཀྱི་ལམ་ཀ་གཉིས་དགོས་པ་རེད་དྲན་གྱི་ཡོད། ཁྱིམ་ཚང་གཅིག་ལ་ཆ་བཞག་ནའང་། པ་ལགས་ཀྱི་འཆར་གཞི་དང་ཨ་མ་ལགས་ཀྱི་འཆར་གཞི་བཅས་ཡོད་དགོས་པ་ལྟར།  རྒྱལ་ཁབ་ཅིག་ལ་ངེས་པར་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་མ་འདྲ་བ་དགོས་པ་རེད་ཅེས་ངས་རྒྱུན་དུ་བཤད་ཀྱི་ཡོད། འོན་ཀྱང་། མང་ཆེ་བ་ཞིག་གིས་གཞོན་ནུའི་ལངས་ཕྱོགས་བསྒྱུར་དགོས་ཀྱི་ཡོད། མ་བསྒྱུར་ན་གཞོན་ནུའི་ནང་དུ་འདུག་རྒྱུ་མིན་ཟེར་མཁན་མང་པོ་འདུག་སྟབས། ཚོགས་ཆེན་འདི་བརྒྱུད་དེ་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་གང་ཡིན་ཡང་ལས་ཀ་བྱེད་ཕྱོགས་ལ་འགྱུར་བ་ཆེན་པོ་ཞིག་གཏོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད” ཅེས་བརྗོད་སོང་།

ར་ཅི་པུར་ས་རྒྱུན་ཚོགས་གཙོ་ལཊ་ཀྱིས་བརྗོད་དོན། “ང་ཚོས་ནམ་རྒྱུན་ལམ་དབུ་མ་དང་རང་བཙན་བར་དུ་རྩོད་པ་མེད་པར་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་གྱི་ཡོད་པ་རེད། གཙོ་བོ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་བརྩིས་ཏེ་ལས་འགུལ་ཞི་བའི་ཐོག་ནས་སྤེལ་གྱི་ཡོད་པ་རེད། ལམ་དབུ་མ་དང་རང་བཙན་གང་ཡིན་རུང་འགྲོ་ས་གཅིག་པ་རེད། ས་གནས་མི་མང་གི་ཁྲོད་དུ་རང་བཙན་ལངས་ཕྱོགས་ལ་དམིགས་བསལ་གྱིས་མ་དགའ་བའི་བསམ་ཚུལ་དེ་འདྲ་ཡོང་གི་མི་འདུག་ལ།  མ་འོངས་པར་གཞོན་ནུའི་ལངས་ཕྱོགས་ལ་འགྱུར་བ་གཏོང་རྒྱུ་དེ་ཕལ་ཆེར་ཁག་པོ་རེད” ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 14

  1. གནས་ཚང་། says:
    ལོ་ 12 སྔོན།

    ངའི་བསམ་ཚུལ་ཡང་བསྐྱར་སྤེལ་གྱི་ཡིན། ད་རེས་དུས་བབ་རྩོམ་སྒྲིག་པ་ལྷན་རྒྱས་ནས་མང་གཅོ་དང་རང་དབང་གི་ངོར་བལྟས་ནས་བསམ་ཚུལ་མི་འགོག་པའི་རེ་བ་ཡོད།

    ༡ བོད་ཀྱི་གཞོན་ནུ་ནས་དབུ་མའི་གཞོན་ནུ་ཆགས་མིན་ནི་ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་ལས་གསལ་ཡོད།
    ༢ གཞོན་ལྷན་གྱིས་ལངས་ཕྱོགས་ལ་འགྱུར་བ་བཏང་ཉིན་ཁྱོན་ཡོངས་ནས་བྲོས་བྱོལ་བ་དག་གི་ནུས་པ་ཉམས་ཚར་ཡོད།
    ༣ གནས་སྟངས་འདིར་རེ་བ་རྒྱག་མཁན་དང་ལག་བསྟར་བྱེད་མཁན་ཁྲོད་རྒྱ་ནག་སྲིད་གཞུང་ལས་གཞན་སུ་ཡོད་དམ།
    ༤ རྒྱ་གར་མང་གཙོའི་ཡུལ་དུ་བོད་མིར་ཚོར་ད་དུང་སྨྲ་བརྗོད་རང་དབང་ཆ་ཚང་ཞིག་མེད་དོན་ཅི་ཡིན་ནམ། གནད་དོན་འདི་རྒྱ་གར་ཁྲིམས་སྟེང་ནས་ཇི་ལྟར་ཐག་གཅོད་བྱེད་དགོས་སམ།

    Reply
  2. བོད་དགའ། says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལང་ཕྱོགས་ལ་ཅིས་ཕྱིར་འགྱུར་བ་གཏོང་དགོས་སམ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༸རྒྱལ་བའི་དགོངས་པ་ག་དུས་དཀྲུགས་པ་རེད། ལས་འགུལ་དང་བྱ་སྤྱོད་ཅི་ཞིག་གིས། གནའ་ནས་ད་བར་ཕྲུ་གུས་འཇའ་སྣེ་དེད་པ་བཞིན་ང་ཚོར་ནམ་ཡང་ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོ་ཞིག་མེད་པ་འདི་འདྲ་གང་ཡིན་ནམ། ང་ཚོས་ཁ་ནས་སྲིད་ཕྱོགས་ཀྱི་སྐད་ཆ་འཆད་ཀྱང་ཡོད་ཚད་ཀྱི་མཇུག་དད་པ་དང་དམ་ཚིག་ཅིག་གིས་བསྡུ་དགོས་པ་འདི་གང་ཡིན་ནམ། ང་ཚོའི་སྤྱི་ཚོགས་ནང་གི་ཆབ་སྲིད་ཀྱི་ལྟ་སྒྲུབ་ཞིག་སྐྱོང་དགོས་ན་རྒྱལ་བའི་དམ་ཚིག་དང་བླ་ལྷའི་བཀའ་དབང་དེ་ཨང་དང་པོ་ཅིས་ཕྱིར་འཛིན་དགོས་སམ། འདི་ལྟ་བུའི་ལྟ་སྒྲུབ་དེ་ལ་ཡང་དག་པའི་མང་གཙོ་དང་ཆབ་སྲིད་ཀྱི་ལྟ་སྒྲུབ་ཟེར་རམ་ཡང་ན་ཆོས་ཉམས་ལེན་གྱི་ལྟ་སྒྲུབ་ཟེར།
    ཕྱི་ལོ་ ༡༩༤༦ ཡས་མས་ནས་རྒྱ་གཞུང་གིས་ངན་སེམས་བསྐྱངས་པ་དེའི་མཇུག་འབྲས་ང་ཚོར་ཡང་དག་པའི་ཆབ་སྲིད་ཀྱི་ལྟ་སྒྲུབ་སྲ་བརྟན་ཞིག་མེད་སྟབས་མཐར་ ༡༩༥༩ ནང་བོད་ས་ཡོངས་རྫོགས་རྒྱ་འོག་ཏུ་ཤོར་བ་མ་ཡིན་ནམ། ༸རྒྱལ་བའི་དགོངས་གཞི་སྒྲུབ་རྒྱུ་ཨང་དང་པོ་དེ་བོད་མི་མི་རེའི་ངོ་ནས་བོད་དོན་འཐབ་རྩོད་བྱེད་རྒྱུ་དེ་མིན་པར་ཚོགས་པས་ཚོགས་པ་རྩ་གཏོར་གཏོང་རེས་ཀྱིས་བོད་མའི་ནང་འཁུལ་འགལ་ཟླ་བཟོ་རྒྱུ་འདི་དག་ཡིན་ནམ། གལ་སྲིད་བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་སྒོ་རྒྱག་སྟེ་ཚོགས་མི་ཡོད་ཚད་དབུ་ལམ་དུ་ཤར་སྐྱོད་བྱ་ནུས་ཚེ། དེའི་མཇུག་འབྲས་རྒྱ་ནག་གཞུང་གིས་ད་གྲོས་མོལ་བྱེད་ཀྱི་ཡིན་ད་ཟེར་སྲིད་དམ། ཀྲུང་ཧྭ་མི་མང་སྤྱི་འཐུས་རྒྱལ་ཁབ་ཟེར་བའི་མི་མང་དུང་ཕྱུར་བཅུ་གསུམ་ཙམ་གྱི་བདག་པོ་འདི་ཡང་དག་པའི་མང་གཙོའི་ལམ་ཞིག་མ་ཆགས་པའི་གོང་དུ་ང་ཚོར་དབུ་ལམ་ལ་བསྟེན་ནས་བོད་ཀྱི་དཀའ་བརྙོག་སེལ་ཐུབ་པའི་གདེངས་ཚོད་ཡོད་དམ། གལ་སྲིད་ཡོད་ན་ད་ལྟའི་དམར་པོའི་གཞུང་འཛིན་པ་ཚོའི་བསམ་བློར་འགྱུར་བ་འགྲོ་དགོས་སྟབས་དེ་ག་དུས་འགྲོ་རྒྱུ་རེད། གང་འདྲ་ཞིག་བྱ་ནས། མང་གཙོ་མ་ཡིན་པའི་རྒྱུ་རྐྱེན་གང་ཞིག་ལ་བརྟེན་ནས་འགྱུར་བ་འགྲོའམ།
    ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་འཐབ་རྩོད་དེར་བོད་པ་ཁོ་ན་ཙམ་མིན་པར་འཛམ་གླིང་ཡུལ་གྲུ་ཀུན་ཏུ་རྒྱལ་ཁབ་གཞན་དག་གི་མི་མང་འབུམ་ཕྲག་དུ་མས་དུས་ནས་དུས་སུ་སྲང་ལམ་དུ་ཐོན་ཏེ་སོ་སོའི་རང་སྐད་ཐོག་ཏུ་བོད་རང་བཙན་ཡིན། བོད་ནང་དུ་འགྲོ་བ་མི་ཡི་ཐོབ་ཐང་དགོས་ཟེར་བ་ལས་གཞན་པའི་འབོད་ཚིག་ཞིག་མི་སྒྲོག་པ་འདི་ཅི་ཡིན་ནམ། ཁོ་ཚོས་བོད་པས་ལྟ་སྒྲུབ་གཞན་ཞིག་རྩོད་ཀྱིན་ཡོད་པ་མི་ཤེས་པ་ཡིན་ནམ། མི་མང་དེ་དག་ལ་ལོ་ངོ་ལྔ་བཅུ་དང་དྲུག་ཅུའི་རིང་གཞོན་ནུས་རྒྱུད་བསྐུལ་བྱས་པ་ཡིན་ནམ་ཡང་ན་ལོ་རྒྱུས་རང་བཞིན་ལྡན་པའི་བོད་རང་བཙན་གྱི་འཐབ་རྩོད་དེར་ཁོ་ཚོས་རང་ངོས་ནས་རྒྱབ་སྐྱོར་བྱེད་པ་ཡིན། ང་ཚོས་ནམ་ཡང་ཕྱི་ཡི་རྒྱལ་ཁབ་ཁག་ནས་རོགས་རམ་བཙལ་དང་འཚོལ་བཞིན་པ་དང་། ཁོ་ཚོས་ཀྱང་ཆས་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་རོགས་རམ་སྤྲད་དང་སྤྲོད་བཞིན་པ་ཁག་ལས། ལྷག་དོན་ཆབ་སྲིད་ཀྱི་རྒྱབ་སྐྱོར་འདི་དག་དབུ་མའི་ལམ་ཁོ་ནར་བསྟེན་ནས་བྱུང་བ་ཡིན་ནམ་ཡང་ན་འཐབ་རྩོད་དེ་གཉིས་ཀའི་ཐོག་ནས་བྱུང་བ་ཞིག་རེད། ཡང་ན་ཁོ་ཚོར་བོད་དོན་ལ་འཛིན་པའི་ལྟ་སྒྲུབ་ཅི་ཡང་མེད་ཁར་ནམ་ཡང་འཐོབ་རྒྱུ་མེད་པའི་གང་ཚོད་དུ་རྒྱ་གཞུང་ལ་ངོ་རྒོལ་དང་སྐད་འབོད་བྱེད་ཀྱིན་པ་ཡིན་ནམ།
    གལ་སྲིད་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་ཡིག་ཆ་དང་དེའི་མཆན་འགྲེལ་སོགས་ལྟར་ན། བོད་ལ་དེ་འདྲའི་རང་སྐྱོང་དེ་རག་པ་ནས་བཟུང་བོད་མི་སྤྱི་བོ་གནམ་སྟན་ཡོངས་རྫོགས་ཀྱིས་དམར་པོའི་ལྟ་སྒྲུབ་དང་ཏང་ལ་ཡིད་ཆེས། ཏང་གླུ་ལེན་བཞིན་མེས་རྒྱལ་སྲུང་སྐྱོབ། དེ་སྔོན་རྒྱ་གཞུང་གིས་བོད་མི་ས་ཡ་གཅིག་ཙམ་བསད་པ་དང་། ད་དུང་ཡང་གསོད་དང་འཛིན་བཞིན་པ་རྣམས་ལ་ཁོངས་འགྲས་དང་ཞེ་སེམས་གང་ཡང་མེད་ཟེར་དགོས་སམ། ཡང་ན་སྐབས་དེ་དུས་ཆོལ་ཁ་གསུམ་ལ་རྒྱ་གཞུང་གིས་དམིགས་བསལ་མང་གཙོའི་ལྟ་སྒྲུབ་ཞིག་སྐྱོང་དུ་འཇུག་པར་མ་ཚད། ང་ཚོས་ཀྱང་སྐབས་དེར་གངས་ཅན་པའི་དཔའ་བོ་དཔའ་མོ་དང་མེས་པོ་ཚོར་དུས་ནས་དུས་སུ་རྗེས་དྲན་ཞུ་རུ་འཇུག་རྒྱུ་ཡིན།
    དུས་རབས་ཉེར་གཅིག་པའི་མང་གཙོ་དང་རང་དབང་གི་ས་སྒང་ཆེན་པོ་འདིའི་སྟེང་དུ་གློ་བུར་དུ་མི་བུ་ས་ཡ་དྲུག་ཙམ་སོ་སོའི་ཕ་མ་དང་མེས་པོ། གཉེན་ཉེ་དང་སྤུན་གྲོགས་བསད་པའི་དགྲ་བོ་ལག་དམར་དེའི་ཚེ་གཡོག་ཏུ་འགྱུར་ཚེ། སྐབས་དེར་ང་ཚོ་དང་འདྲ་བའི་རང་དབང་དང་མང་གཙོ་ལ་དགའ་བའི་འཛམ་གླིང་སྐྱེ་བོ་ཀུན་ལ་ཚོར་བ་ཇི་འདྲ་ཞིག་སྐྱེ་སྲིད།
    རང་བཙན་གྱི་ལྟ་སྒྲུབ་རྩོད་ཟེར་དུས་མཚོན་ཆ་དང་དྲག་སྤྱོད་མ་གཏོགས་གཞན་པའི་ཐབས་ལམ་ཞིག་མེད་དམ། ལོ་རྒྱུས་རང་བཞིན་ལྡན་པའི་རང་བཙན་གྱི་འཐབ་རྩོད་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཁྲིམས་ཁང་། དེ་བཞིན་འགྲོ་བ་མི་ཡི་ཐོབ་ཐང་ཚོགས་སྡེ་ཁག་ལ་ཞུ་བཏུག་གིས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་དངོས་ཟོག་དངོས་བདག་རང་ལ་ཕྱིར་དག་སྤྲོད་ཐུབ་པའི་རང་བཙན་གྱི་འཐབ་རྩོད་ཅིག་བྱ་རྒྱུ་མེད་དམ།
    གང་ལྟར་རྨོངས་པ་ང་ལ་མཚོན་ན་དྲི་བ་འདི་དག་ལ་ལན་དགོས་པ་ཤ་སྟག་རེད་འདུག

    Reply
  3. གཉན་མི། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གིས་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་གནང་མེད་་་་་གཞོན་ནུ་དང་འབྲེལ་བ་ཡོད་མེད་ཅི་རིགས་ཤིག་གིས་རང་བཙན་གྱི་ལྟ་བ་ཁ་ལ་ཁྱེར་ལ་༸གོང་ས་མཆོག་དང་ཁོང་གི་དགོངས་དོན་ལ་སྙོན་འཛུགས་དང་་་སྐྱོན་བརྗོད་་་ཟུར་ཟ་བཅས་བྱས་ཡོད་་་གནས་ཚུལ་དེ་དག་གི་ཐད་ལ་༸གོང་ས་མཆོག་གིས་གསལ་བཤད་རེ་གནང་བ་གཞིར་བཟུང་ནས་གཞོན་ལྷན་གྱི་ལངས་ཕྱོགས་ལ་འགྱུར་དགོས་ལུགས་བཤད་པ་ནི་གོ་རྟོགས་དང་རང་ཚུགས་མེད་པའི་རྟགས་རེད།

    གནད་དོན་དེའི་འགན་ནི་འགན་མི་ཁུར་བའི་སྐད་ཆ་བཤད་མཁན་དག་ལ་ཡོད་ཅིང་་་གཞོན་ལྷན་གྱིས་རྗེས་འདེད་གཏོང་དགོས་པའང་དེ་དག་ཡིན་པ་ཤེས་དགོས།

    ཁྱེད་ཚོས་རང་ཉིད་ཀྱི་ལས་འགན་ལེགས་པོ་མ་བསྒྲུབ་པའམ་་བསྒྲུབ་མ་ཤེས་པའི་རང་ངོས་ཀྱི་ནོར་འཁྲུལ་ལ་དག་སེལ་དང་དག་བཅོས་བྱེད་མ་ཐུབ་པར་་་ཡང་བསྐྱར་༸གོང་ས་མཆོག་ལ་ཁ་གཡར་ལག་བཤུ་བྱ་མི་འོས།
    མ་གཞིན་ནས་གཞོན་ལྷན་ལ་ནང་ཁུལ་གྱི་ཁ་འཐབ་དང་་་་རང་ཁོངས་ཀྱི་མི་སྣའི་བྱ་སྤྱོད་ཙམ་ལ་ཡང་སྟངས་འཛིན་བྱེད་པའི་ནུས་པ་མེད་པ་རེད་དམ།

    Reply
  4. ཚེ་རིང་ལྷ་མོ། says:
    ལོ་ 12 སྔོན།

    གསར་འགོད་པ་ཐུགས་རྗེ་ཆེ། དུས་ཐོག་ཆར་པ་ལྟ་བུའི་དྲི་བ་གནད་ཐོག་ཏུ་འཁེལ་བ་བཏང་འདུག ད་དུང་ཉི་མ་རེ་རེ་བཞིན་ཚོགས་བཅར་བ་ཚོར་བསམ་ཚུལ་ལེན་ཐུབ་པ་ཡིན་ན་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ།

    Reply
  5. ཤར་བ་བསྟན་པ། says:
    ལོ་ 12 སྔོན།

    ༧གོང་ས་མཆོག་གིས་ཞལ་གསལ་བོས་གསུངས་མིན་ལ་མ་ལྟོས་པར་ད་རེས་གཞོན་ནུའི་རང་བཙན་ལངས་ཕྱོགས་ལ་འགྱུར་བ་མ་བཏང་ཚེ་གཞོན་ནུའི་ཚོགས་མི་མང་པོ་ཞིག་ཕྱིར་འཐེན་བྱེད་ངེས་ཡིན་པ་མ་ཟད། བོད་གཞུང་དམངས་གཉིས་དང་རྦད་དེ་བར་ཐག་ཇེ་རིང་དུ་འགྲོ་སྲིད། མཐའ་ན་གཞོན་ནུའི་ལས་འགུལ་གང་ཞིག་སྤེན་ཡང་མི་མང་གིས་མཉམ་རུབ་བྱེད་ཁག་པོ་ཡིན།

    Reply
  6. ཤར་ཕྱོགས་ཁུག་རྟ། says:
    ལོ་ 12 སྔོན།

    ལངས་ཕྱོགས་ལ་འགྱུར་བ་གཏོང་མིན་འདི་ལ་རྩ་འཛིན་བྱ་ཐུབ་བམ།།

    ༡ གཞོན་ལྷན་ལ་”བོད་མདོ་དབུས་ཁམས་གསུམ་ལ་རང་བཙན་གཙང་མའི་གནས་བབ་ཅིག་ཕོ་ཟད་མོ་ལ་ཐུག་ཀྱང་རྩོད་ཀྱི་ཡིན་མིན་དང། ཐ་ན་བོད་མི་རིགས་རྩ་སྟོང་ལ་འགྲོ་དགོས་ཀྱང་གནས་བབ་དེ་ག་རང་རྩོད་ཀྱི་ཡིན་པའི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད་དམ་མེད། ཡང་ན། བཙན་བྱོལ་དུ་མི་ལོ་ཆིག་སྟོང་ལྷག་གནས་དགོས་བྱུང་ཡང་གནས་བབ་དེ་རྩོད་ཀྱི་ཡིན་པའི་ཕྱི་གསལ་ནང་གསལ་གྱི་དམ་བཅའ་བརྟན་པོ་ཅི་ཞིག་ཡོད། དམ་བཅའ་དེ་འཇིག་རྟེན་ཡོངས་གྲགས་བཟོས་པ་བརྟེན་ནས་བོད་ས་ཆུང་ངུ་ཞིག་ལ་རང་བཙན་བྱུང་ཡང་འགྲིག་པའི་འདོད་ཚུལ་དང་གླེང་ཕྱོགས། དོགས་པ་རྣམས་གཏན་འགོག་བཟོ་ཐུབ་བམ།

    ༢ འཇམ་དབྱངས་ནོར་བུ་སོགས་མི་ཁ་ཤས་ཀྱི་སློབ་སྟོན་འོག་ཕྱིན་ནས། བོད་མི་རིགས་གནས་དགོས་པའི་སྙིང་དོན་”བོད་ཀྱི་སྐད་ཡིག་དང་རིག་གནས་མི་ཉམས་རྒྱུད་འཛིན་བྱ་རྒྱུ་འཐབ་རྩོད་ཀྱི་དཀྱིལ་སྙིང་དང་གཙོ་བོར་”མི་འཇོག་པའི་ད་ལྟའི་བྱེད་སྟངས་འདི་རིགས་ལ་འགྱུར་བ་གཏོང་རྒྱུའི་གསལ་བསྒྲགས་ཁ་གསལ་གཏིང་གསལ་ཞིག་བྱེད་འདོད་ཡོད་དམ་མེད།

    ༣ རང་བཙན་འཐབ་རྩོད་པའི་མགོ་ཁྲིད་རང་ངོས་ནས་དབུ་བརྩམས་ཏེ་བོད་ཀྱི་རིག་གནས་དཀྱིལ་སྙིང་ཡིན་པའི་མདོ་དབུས་ཁམས་གསུམ་སྐྱིད་མཉམ་སྡུག་མཉམ་གྱི་རང་བཙན་ཞིག་གི་ཆེད་ལུས་སྲོག་ལོངས་སྤྱོད། བཟའ་ཟླ་བུ་ཕྲུག ཁེ་ཕན་གཏམ་གྲགས་མཆིལ་མ་བཞིན་འདོར་དགོས་ཀྱང་འདོར་ཐུབ་པ་དང། འདོར་ཐུབ་མཁན་གྱི་གྲངས་འབོར་མང་དུ་གཏོང་བའི་ཚད་ལྡན་གྱི་སྒྲིག་འཛུགས་ཤིག་བསྐྲུན་རྒྱུའི་ནུས་པ་ཡོད་དམ་མེད།

    ༤ རྒྱལ་སྤྱི་དང། རྒྱ་ནག་གི་ད་ལྟའི་ཆབ་སྲིད་ཁྲོམ་རྭའི་ནང་གི་འབྲེལ་ལམ་ནས་རང་རེའི་གནས་བབ་ལ་དཔྱད་དེ། དབུ་མའི་ལམ་ལས་རང་བཙན་གྱི་ལམ་དུ་ཕྱིན་པ་ཡིན་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་འགན་འཁུར་ཐུབ་ངེས་ཀྱི་གདེང་ཚོད་དང་སྤོབས་པ་གཉིས་ཀ་གསལ་བསྒྲགས་ཀྱི་ལམ་ནས་སྤེལ་ཐུབ་དང་མི་ཐུབ་བཅས་གནད་དོན་ཆེ་ཁག་བཞི་ལ་ལན་འདེབས་དངོས་གནས་ཤིག་རྙེད་དང་མི་རྙེད་ལ་དཔྱད་ཞིབ་བྱས་རྗེས།

    གཞོན་ནུའི་སྒྲིག་འཛུགས་འདི་དང་འདིའི་ལངས་ཕྱོགས་མི་མཐུད་གནས་དགོས་དང་མི་དགོས་ཐག་གཅོད་བྱས་ན་བོད་སྤྱི་ལ་ཕན་ཐོག་ངེས་ཅན་ཞིག་ཡོང་གི་ཡོད་པར་ངས་ཇུས་གཏོགས་བྱེད་བཞིན་ཡོད།

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ང་ཚོ་བོད་ཀྱི་གཞོན་ནུ་ཚོ། ད་ནས་ལྟ་བ་ལ་འགྱུར་བ་གཏོང་མ་གཏོགས། ཟམ་གདོང་བླ་མས་༧རྒྱལ་བ་རིན་པོ་ཆེ་ཡི་ལྕགས་བཙན་དེ་ཤར་བཅུག་ཡོང་ད། ཡིད་གཟབ་གྱིས།
    དཔེར་ན། འཆར་གཞི་དེ་ཁོས་བཞག དེ་ཐོག་ལ་མ་འགྲོ་ན་༧རྒྱལ་བ་རིན་པོ་ཆེ་ཁྲིད་ཀྱི་འདུག་པ།

    Reply
  8. ཚྭ་སྒང་ཕོ་ཉ says:
    ལོ་ 12 སྔོན།

    དྲྭ་གྲོགས་རྣམ་པས་དགོངས་ཚུལ་གསལ་པོ་རེ་གསུངས་བར་སྙིང་ནས་གུས་འདུད་ཞུ།
    ད་ལྟའི་དུས་འདིར་བོད་དོན་བདེན་མཐའ་སེལ་མ་ཐུབ་པའི་འགག་ས་དེ་རང་བཙན་གྱི་ལྟ་གྲུབ་འཁྱེར་བའི་རྒྱུ་མཚན་གྱིས་འགག་མེད་པས། ཅིའི་ཕྱིར་རང་བཙན་གྱི་ལྟ་གྲུབ་དེ་འགྱུར་བ་གཏོང་དགོས་སོང་བ་རེད། དེ་ནི་སྐབས་དོན་བོར་བའི་ལས་ཀ་ཞིག་ལས། ད་ལྟའི་དུས་སུ་གནང་དགོས་པའི་ཕྱག་ལས་ཞིག་ལ་ནས་མ་རེད་འདོད། ལ་ནས་ས་གནས་ཁ་ཤས་ཀྱི་འཐུས་མི་དེ་དག་གིས་བཤད་ལུགས་ལྟར་བྱས་ན་ཁོ་ཚོས་ལྟ་གྲུབ་འགྱུར་བ་གཏོང་དགོས་པའི་རྒྱུ་མཚན་ནི་༧སྐྱབས་མགོན་རིན་པོ་ཆེས་ཡང་ཡང་བཀའ་གནང་བའི་རྒྱུ་མཚན་གྱིས་འགྱུར་བ་གཏོང་དགོས་ཟེར། དེ་ནི་ཆབ་སྲིད་མ་ཤེས་པའི་མིའི་སྐད་ཆ་བཤད་སྟངས་ཞིག་ལས་དོན་དངོས་ཐོག་ལངས་ཕྱོགས་དེ་དང་དེས་བོད་མི་རིགས་ལ་ཕན་དང་མི་ཕན་གྱི་སྐད་ཆ་ཞིག་རྩ་བ་ནས་རེད་མི་འདུག། དེ་འདྲ་ཡིན་དུས་གནད་དོན་འདི་འདྲའི་སྐབས་སྐབས་འཚོ་བ་དག་གིས་གོ་སྐབས་དམ་འཛིན་བྱེད་ངེས་པས། དབུ་རང་སོགས་ལངས་ཕྱོགས་གང་ཞིག་འཛིན་མཁན་གྱི་བོད་མི་ཡིན་རུང་གཟབ་གཟབ་བྱེད་དགོས་པ་དང། ལྷག་པར་ཧོབ་རྒྱུག་གཏན་ནས་བྱེད་མི་རུང་ཞེས་སྙིང་ནས་ཞུ། །

    Reply
  9. ཕྱུགས་རྫི says:
    ལོ་ 12 སྔོན།

    བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་སྔར་བཞིན་རང་བཙན་ལམ་ནས་སྐྱོད་དགོས་དམངས་གཙོ་རྒྱབ་ཁབ་དག་ལ་གཞུང་དང་ཁ་གཏད་ཚོགས་པ་དགོས་པ་ནང་བཞིན་ང་ཚོ་ལ་ཡང་གཞུང་དང་ཁ་གཏད་ཚོགས་པ་ལོས་དགོས། གཞུང་གིས་དབུ་ལམ་ནས་རྩོད་གཞུང་འབྲེལ་མ་ཡིན་པས་རང་བཙན་ནས་རྩོད་ན་གཅིག་གིས་གཅིག་ལ་ཕན་པ་ལས་གཅིག་གིས་གཅིག་ལ་གནོད་ཀྱི་མ་རེད་གང་ཡིན་ཟེར་ན་དམངས་གཙོ་ཚད་ལྡན་གྱི་རྒྱལ་ཁབ་དག་ལ་མ་གནོད་ན་ང་ཚོ་ལ་མི་གནོད་པ་ཨ་ཅང་ཅང་ཡིན། མ་གཞི་འཐབ་རྩོད་དང་ལས་ཀ་གང་བྱས་ནའང་རྒྱུན་འཁྱོངས་ཐུབ་དགོས་པ་དེ་གལ་ཆེ་སྙམ་ཉིན་གཅིག་དབུ་མའི་ལམ་ལ་རྒྱུགས་ཉིན་གཅིག་རང་བཙན་ལམ་ལ་སོང་ན་མཐའ་འགྲོ་ཡ་ཁ་ཙམ་རེད་སྙམ། དབུ་ལམ་དང་རང་བཙན་གཉིས་ཀས་མཐའ་ཐུག་གི་འབྲས་བུ་ནི་སུས་འགྲུབ་མེད་གནས་སྐབས་ནི་གཉིས་ཀ་ལ་རྩོད་ཡ་འདྲ་ནི་གཉིས་ཀ་ལ་ཡོད་རེད་འདོད།

    Reply
  10. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ཕྲན་རང་ཉིད་ཀྱི་ངོས་ནས་བྱས་ན་རང་བཙན་ལྟ་གྲུབ་ཀྱི་ཐོག་ནས་ཐབས་ཤེས་སྣ་མང་གིས་བོད་མི་རིགས་ཀྱི་བདེན་དོན་རྩོད་ཅིང་མཐའ་མ་དུས་སྐབས་དང་བསྟུན་ནས་རྒྱ་བོད་གྲོས་མཐུན་ཐོགས་ནས་བོད་ཀྱི་དཀའ་རྙོག་བསེལ་དགོས་པ་འདོད་མཁན་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་ལྟ་གྲུབ་མཐུན་མིན་བར་གོ་སྐབས་ནམ་ཡོད་ལ་ཕན་ཚུན་སྐྱོན་བརྗོད་དང་ཟུར་ཟ་མི་བྱེད་པར། ལས་འགུལ་གང་ཞིག་སྤེལ་རུང་བོད་མི་རིགས་ཀྱི་བདེན་དོན་ཡིན་པ་ཤེས་པར་བྱས་ནས་སོ་སོའི་ལྟ་གྲུབ་སོ་སོ་རེད་དེ་ཕན་ཚུན་གུས་བཀུར་དང་མཐུན་འབྲེལ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་གལ་ཆེ། དེ་མིན་ཕྱོགས་གཅིག་ནས་སྐྱོན་བརྗོད་བྱས་ན་ཕྱོགས་ནས་དེ་ལ་ལན་ཞིག་ཡོང་རྒྱུ་ཡིན་པ་ཆོས་ཉིད་རེད། ཕྱོགས་གཅིག་ནས་གུས་བཀུར་དང་བརྩེ་བ་ཡོད་ན་གཞན་དེས་ཀྱང་དེ་བཞིན་ཡོང་རྒྱུ་སྨྲོས་མེད་རེད། མདོར་ན་ཕན་ཚུན་མཐོ་དམན་ཚང་མའི་མཐུན་འབྲེལ་ལ་ཁ་ཡོད་ལག་ཡོད་ཀྱི་འབད་ཐབས་གནང་གལ་ཆེ།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 12 སྔོན།

    གཞོན་ལྷན་རང་ངོས་ནས་རང་བཙན་ལངས་ཕྱོཊ་ལ་འགྱུར་བ་ངེས་པར་དུ་གཏོང་དགོས་རེད་དོ། །

    Reply
  12. མངའ་རིས་འཕྲིན་ལས། says:
    ལོ་ 12 སྔོན།

    ཆེས་བཀུར་བར་འོས་པའི་དུས་བབ་གསར་ཁང་གི་ད་རེའི་གཞོན་ལྷན་ཚོགས་ཆེན་གྱི་གོ་སྐབས་དང་བསྟུན་ནས་ས་གནས་ཁག་གི་ཚོགས་གཙོ་སོགས་འབྲེལ་ཡོད་ཁག་གཅིག་ལ་དགོངས་ཚུལ་བཀའ་འདྲི་ཞུས་འདུག་པར་ཐུགས་རྗེ་ཆེ། ད་དུང་ས་གནས་གཞན་དང་གཞན་གྱི་ཚོགས་མི་དང་འབྲེལ་ཡོད་རྣམས་ལ་མུ་མཐུད་ནས་བསམ་ཚུལ་བཅར་འདྲི་གནང་ཐུབ་ཐབས་འབད་བརྩོན་གནང་རོགས།

    Reply
  13. འཇམ་བཟང་། says:
    ལོ་ 12 སྔོན།

    ཡ་ཡ་ད་ངས་ཡང་རང་ཉིད་ཀྱི་བསམ་ཚུལ་ཐུང་ཐུང་ཞིག་ཞུ་རྒྱུ་ཡིན། རང་ཉིད་ཡིན་ན་སྔོན་མ་ནས་རང་བཙན་རྩོད་མཁན་ཞིག་ཡིན་ལ། ད་དུང་ཡང་དེ་ལ་འགྱུར་བ་གང་ཡང་མེད། འོན་ཀྱང་ངས་ལམ་དབུ་མ་ལ་ངོ་རྒོལ་བྱེད་གི་མེད། ང་ཚོ་ལ་འདི་གཉིས་ངེས་པར་ཅན་དུ་དགོས། འདི་གཉིས་གཅིག་ལས་གཅིག་གནད་འགག་ཆེ། ད་དུང་གཞོན་ལྷན་ཚོགས་གཙོ་གཙོས་པའི་ཚོགས་མི་ཡོངས་ལ་ཞུ་རྒྱུ་ཞིག་ཡོད་པ་ནི། ཁྱེད་རང་ཚོའི་མི་མཐུད་ནས་རང་བཙན་རྩོད་དགོས་པ་དང་། རྩོད་སྟངས་དེ་ཡང་སྔོན་མ་ལས་འགྱུར་བ་གཏོང་ན་ཡག་པོ་མེད་འགྲོ་སྙམ། རྒྱུ་མཚན་ནི། ང་ཚོའི་གཙོ་བོ་གཞན་གྱིས་དོ་སྣང་བྱེད་མཁན་ཞིག་བཟོ་དགོས་དུས། རྩོད་སྟངས་དེ་ཡང་རྣམ་པ་འགྲོ་མིན་ཀྱི་ཐོག་ནས་རྩོད་ན་ཡག་པོ་ཡོད་རྒྱུ་རེད། ང་ཚོ་བོད་ནི་སྔོན་མ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་སྟབས་དེ་ལ། སུས་ཀྱང་བསྒྱུར་མི་ཐུབ། དེས་ན་ང་ཚོའི་ཡབ་མེས་ཚོའི་བཞག་པའི་རང་དབང་དེ་ལ་རྩོད་ལེན་བྱེད་དགོས། ང་ཚོ་བོད་ལ་རང་བཙན་མེད་ཚེ། ནམ་ཡང་བོད་ལ་རང་དབང་དང་ཞི་བདེ་ཞིག་ཡོང་མི་ཐུབ།
    ཡིན་ན་ཡང་། ང་ཚོའི་ཞི་བདེའི་ལམ་ལ་འགྲོ་རྒྱུ་གལ་ཆེ། འདི་ནི་རྒྱལ་བའི་བཀའ་དགོངས་ཡིན་ལ། དེང་དུས་ཀྱི་ལག་ཆ་ཞིག་ཀྱང་ཡིན། མ་ཚད་འདི་ནི་བདེ་སྐྱིད་ཀྱི་གཞི་མ་ཡིན། བོད་རྒྱལ་ལོ། བོད་རང་བཙན།།།།།།།།།།།།།།།།།།།།།

    Reply
  14. ཚེ་རིང་བསམ་འགྲུབ། says:
    ལོ་ 12 སྔོན།

    ད་རེས་གཞོན་ནུའི་རང་བཙན་ལ་འགྱུར་བ་འགྲོ་ཐུབ་གི་མ་རེད། དེ་སྔོན་ནས་འགྱུར་བ་འགྲོ་གཞིའི་ལམ་ཁ་གཏན་འགོག་བྱས་ཚར་ཡོད་པ་རེད་ཟེར་བ་ཞིག་གོ་སོང་། དབུས་གཞོན་ནུའི་ཐབས་བརྒྱ་ཇུས་སྟོང་གིས་ས་གནས་ཁག་ནས་དབུ་མའི་ལམ་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་མཁན་དག་ཐེངས་འདིའི་ཚོགས་བཅར་བའི་ནང་སླེབས་མ་ཐུབ་པ་བཟོས་ཡོད་པ་རེད་ཟེར། ད་གང་ལྟར་ང་ལ་བསམ་ཚུལ་གཞན་གང་ཡང་མེད། སྐབས་བཅུ་གསུམ་བཅུ་བཞི་བའི་དབུས་རྒྱུན་ལས་དག་གི་བཤད་སྤྱོད་ཐལ་ཆ་ཅན་དེ་དག་ད་རེས་ཚོགས་ཐོག་ནས་ཐེར་འདོན་འགག་རྒྱག་ཡག་ཐག་ཆོད་བྱས་ཏེ་ཁོང་ཅག་ལ་ནོར་འཁྲུལ་ངོས་ལེན་ཐོག་༧གོང་ས་མཆོག་དང་བོད་གཞུང་། བོད་ཀྱི་གཞོན་ནུའི་ཚོགས་པ་དང་། ས་གནས་ཚོགས་མི་རྣམ་པར་དགོངས་སེལ་ཞུ་འཇུག་དགོས་པ་རེད། ལྷག་པར་དུ་ཚོགས་གཞོན་དོན་གྲུབ་ལྷ་དར་གྱི་སྒེར་སྤྱོད་དང་ཧོལ་རྒྱུག་ཐོད་རྒལ་གྱི་བཤད་སྤྱོད་དག་རེ་རེ་བཞིན་ཕྱིར་འདོན་དགོས་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese