མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གདམ་ག་ཚོགས་པ་སྒོ་རྒྱག་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༥/༣༠
Share on FacebookShare on TwitterShare on EmailShare on Whatsapp

ལས་ཀ་ཉུང་དུ་ཕྱིན་པ་དང་དཔལ་འབྱོར་གྱི་དཀའ་ངལ་བཅས་ལ་བརྟེན་ཏེ་ངྷ་སའི་གདམ་ག་ཚོགས་པ་འབྱུང་འགྱུར་བརྒྱད་པའི་ཚེ་གཅིག་ཉིན་ནས་སྒོ་རྒྱག་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ པའི་ཐོག་ངྷ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ། གཞུང་འབྲེལ་མིན་པའི་ཚོགས་པ་གདམ་ག་ཚོགས་པ་ (CHOICE) ཡི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། འབྱུང་འགྱུར་ཕྱི་ཟླ་ ༨ ཚེས་ ༡ ཉིན་ནས་བཟུང་ངྷ་རམ་ས་ལའི་གདམ་ག་ཚོགས་པས་ལས་མཚམས་འཇོག་རྒྱུ་ཡིན་ཟེར། གསལ་བསྒྲགས་ཐོག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བོད་མི་མང་སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་ཨེམ་ཆི་བསྟན་འཛིན་རྣམ་གྲོལ་ལགས། ཚོགས་པའི་འགན་འཛིན་ཕུན་ཚོཊ་ཆོས་འཕེལ་ལགས་བཅས་ཕེབས་འདུག

སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས་གདམ་ག་ཚོགས་པས་པར་བསྐྲུན་ཞུས་པའི་ཕྱི་ལོ་ ༢༠༠༧ ནས་ ༢༠༡༣ ལོའི་བར་གྱི་སྙན་ཐོ་དབུ་འབྱེད་གནང་རྗེས། ཨེམ་ཆི་བསྟན་འཛིན་རྣམ་གྲགས་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ༢༠༠༧ ལོའི་ཕྱི་ཟླ་ ༤ བའི་ནང་ལྡི་ལིར་ཟབ་སྦྱོང་ཞིག་ལ་ཕྱིན་སྐབས། མཱ་ངྷི་ཁྲི་རེ་སཱའི་ཚོགས་པ་བརྒྱུད་ལྡི་ལི་བཞུགས་སྒར་བསམ་ཡས་གླིང་དུ་བོད་པའི་གཞོན་སྐྱེས་ ༡༠༠ ཙམ་ལ་ན་ཚ་ཡོད་པ་ཤེས་རྟོགས་བྱུང་བ་དང་། ཕྱིར་བཞུགས་སྒར་དུ་འབྱོར་ཏེ་ས་གནས་ཁག་ཏུ་གོ་རྟོགས་སྤེལ་དུ་སྐྱོད་སྐབས་གནས་ཚུལ་མང་པོ་ཞིག་མཐོང་ཐོས་བྱུང་བ་བཅས་ལ་བརྟེན་ཏེ། སྤྱི་ཚོགས་ནང་གོ་རྟོགས་སྤེལ་བ་ཙམ་གྱི་འགྲིག་གི་མེད་པར་ལས་ཁུངས་ཤིག་འཛུགས་དགོས་པར་མཐོང་སྟེ་གདམ་ག་ཚོགས་པ་གསར་འཛུགས་བྱས་སྐོར་བརྗོད་བྱུང་།   

ཐེངས་འདིར་ལས་ཁུངས་སྒོ་རྒྱག་དགོས་པའི་རྒྱུ་རྐྱེན་ཐད། ཁོང་གིས། “  འདས་པའི་ལོ་ ༦ རིང་ང་ཚོའི་ངོས་ནས་གང་ཐུབ་ཀྱིས་འབད་བརྩོན་བྱས་པ་ཡིན། ལོ་གཉིས་ཀྱི་གོང་ནས་བཟུང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱིས། གཉེན་ནད་རེག་དུག་དང་འབྲེལ་བའི་གོ་རྟོགས་ལས་འགུལ་དང་ས་གནས་ས་ཐོག་ཏུ་བཅར་དེ་ནད་པར་སྨན་བཅོས་སོགས་ལས་འགུལ་རྒྱ་ཆེན་པོ་སྤེལ་གྱི་འདུག དེར་བརྟེན། ང་ཚོས་ལས་གོ་རྟོགས་སྤེལ་རྒྱུ་སོགས་ཀྱི་འགུལ་རིགས་ཉུང་དུ་བཏང་སྟེ། ནད་པ་རང་ལ་བདག་པོ་རྒྱག་རྒྱུ་དང་སྨན་བཅོས་བྱ་རྒྱུ། ནད་པ་ཚོའི་ཕྲུ་གུ་སློབ་གྲྭར་གཏོང་ཐབས་སོགས་ཀྱི་ལས་ཀ་བྱས་པ་ཡིན། ཉེ་ཆར་ང་ཚོ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དང་ལས་བྱེད་ནང་ཁུལ་གྲོས་བསྡུར་བྱས་ཏེ། འདི་ལོ་ཕྱི་ཟླ་ ༨ པའི་ཚེས་ ༡ ཉིན་ནས་ལས་ཁུངས་མཚམས་འཇོག་བྱ་རྒྱུའི་ཐག་གཅོད་བྱུང་ཡོད།” ཅེས་བརྗོད་བྱུང་།

གསར་འགོད་པས་གདམ་ག་ཚོགས་པའི་འདས་པའི་ལོ་དྲུག་རིང་གི་ལས་དོན་ཁྲོད་རེག་དུག་ནད་པ་ག་ཚོད་ཤེས་རྟོགས་བྱུང་མིན་དྲིས་པར། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས། “ང་ཚོའི་ངོས་ནས་ད་ལྟའི་བར་ཤེས་བསྡད་པའི་ནད་པ་ ༡༢༠ བྱུང་ཡོད། དེའི་ཁྲོད་ཀྱི་མི་ ༡༧ འདས་གྲོངས་སུ་ཕྱིན་འདུག ད་དུང་དོགས་པ་ཡོད་མཁན་གང་འཚམ་ཞིག་འདུག ཁྱོན་ཡོངས་སུ་ག་ཚོད་ཡོད་མེད་ཞུ་ཐུབ་ཀྱི་མི་འདུག” ཅེས་བརྗོད་བྱུང་།

གསར་འགོད་པས་སླར་ཡང་ཚོགས་པ་སྒོ་རྒྱག་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཡིན་དྲིས་པར། ཁོང་གིས་ཨང་དང་པོ་དཔལ་འབྱོར་ཐད་ཀྱི་དཀའ་ངལ་ཡིན་པ་དང་། གཉིས་པ་འཕྲོད་བསྟེན་ལས་ཁུངས་ཀྱིས་རེག་དུག་ཐོག་ལས་འགུལ་ཤུགས་ཆེན་པོ་སྤེལ་ཡོང་སྐབས་ང་ཚོའི་ལས་ཀ་ཉིས་བརྩེགས་ལྟ་བུ་ཆགས་འགྲོ་བཞིན་འདུག་ཅེས་བརྗོད་བྱུང་། ཁོང་གིས“ མ་འོངས་པར་གང་ཟག་སྒེར་ལས་ལས་ཁུངས་ཀྱི་ངོ་བོའི་ཐོག་ནས་ཡོིང་གི་མ་རེད་ལ། སུ་ཞིག་གིས་ཚོགས་པའི་མིང་བེད་སྤྱོད་གཏོང་གི་ཡོད་ན་དེ་ཁྲིམས་འགལ་རེད། ང་ཚོའི་ངོས་ནས་རྒྱ་གར་གྱི་ལས་ཁུངས་ཁག་དང་། དགའ་ལྡན་ཕོ་བྲང་དང་འཕྲོད་བསྟེན་ལྷན་ཁང་། སྤྱི་འཐུས་གྲོས་ཚོགས་བཅས་ཚང་མར་ཞུས་ཚར་བ་ཡིན། ” ཞེས་བརྗོད་བྱུང་།

ངྷ་རམ་ས་ལའི་འདེམས་ཀ་ཚོགས་པ་ནི་ ༢༠༠༧ ལོར་གསར་འཛུགས་གནང་ཡོད་པ་དང་། འདས་པའི་ལོ་ ༦ རིང་རྒྱ་བལ་སུ་ཟབ་སྦྱོང་ ༡༦༢ དང་། ནང་མི་དང་མི་སྒེར་གྱི་ནད་པ་ ༤༦ ལྷག་ལ་བདག་སྐྱོང་སྨན་བཅོས་གནང་ཡོད་ཟེར།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 7

  1. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    སྒོ་རྒྱབ་པ་འགྲིག་ཤག

    Reply
  2. ཐོ་རེངས། says:
    ལོ་ 13 སྔོན།

    ཧ་ཅང་ཡག་པོ་རེད། མྱུར་དུ་སྒོ་རྒྱབ་ན་ཡག་ཤོས་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ གསར་འགོད་པས་གདམ་ག་ཚོགས་པའི་འདས་པའི་ལོ་དྲུག་རིང་གི་ལས་དོན་ཁྲོད་རེག་དུག་ནད་པ་ག་ཚོད་ཤེས་རྟོགས་བྱུང་མིན་དྲིས་པར། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་ཀྱིས། “ང་ཚོའི་ངོས་ནས་ད་ལྟའི་བར་ཤེས་བསྡད་པའི་ནད་པ་ ༡༢༠ བྱུང་ཡོད། དེའི་ཁྲོད་ཀྱི་མི་ ༡༧ འདས་གྲོངས་སུ་ཕྱིན་འདུག ད་དུང་དོགས་པ་ཡོད་མཁན་གང་འཚམ་ཞིག་འདུག ཁྱོན་ཡོངས་སུ་ག་ཚོད་ཡོད་མེད་ཞུ་ཐུབ་ཀྱི་མི་འདུག” ཅེས་བརྗོད་བྱུང་། ་་་་་་་ཟེར།

    Reply
  4. དུག་མདུང་རྩེ་དགུ། says:
    ལོ་ 13 སྔོན།

    དེ་རིང་མ་གཏོགས་ཚོགས་པ་འདི་འདྲ་ཞིག་ཡོད་པ་གོ་མྱོང་མེད། གོ་བའི་ཉིན་དེ་སྒོ་རྒྱག་པའི་ཁྱབ་བསྒྲགས་དང་མཉམ་དུ་གོ་སོང་། ཧཧཧཧ

    Reply
  5. ལུང་རྟོགས། says:
    ལོ་ 13 སྔོན།

    ཁོ་རེ་འབྲོང་བུ་སོག་ཚ། ཁྱོད་བོད་མིའི་སྒྲིག་འཛུགས་སྒོ་རྒྱབ་མ་ཐུབ་ནས་ལྟས་སྡད་ཡོད་དམ།

    Reply
  6. བློ་བཟང་བསྟན་པ། says:
    ལོ་ 13 སྔོན།

    ཚོགས་པ་འདི་ལོ་གཉིས་གསུམ་གོང་ནས་སྒོ་བརྒྱབ་ཚར་ཡོད་པ་མ་རེད་དམ། ཡ་མཚན་པ་ལ། འཛམ་གླིང་ཡོངས་དང་། ལྷག་པར་དུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རེག་དུག་གི་གནས་སྟངས་ཛ་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ལ། མི་ཚང་མས་རེག་དུག་སྐོར་ལ་སེམས་འཚབ་ཆེ་རུ་སོང་སྟེ་ལས་ཁུངས་དང་ལས་གཞི་མང་པོ་མགོ་འཛུགས་ཀྱི་ཡོད་སྐབས། ངྷ་སའི་གདམ་ཁ་ཚོགས་པས་ང་ཚོར་ལས་ཀ་མི་འདུག་སྒོ་རྒྱག་རྒྱུ་ཡིན་ཟེར་བ་འདི་ཡ་མཚན་རེད། དོན་དག་རྡོག་རྡོག་ཐོག་མའི་དམིགས་ཡུལ་གཞིར་བཟུང་པེད་ཤག་འབལ་བོ་ཞིག་མ་རེག་པ་ཡིན་ཤག ད་དུང་ཚོགས་པ་གཞན་དང་ལས་ཁུངས་གཞན། མི་སྒེར་གཞན་ལ་ཟུར་རྒྱག་བྱེད་ཀྱི་ཡོད་པའང་གདོན་མི་ཟ།
    གང་ལྟར་ཁྱད་པར་མི་འདུག bye bye ་་་་་་་་་་་་་

    Reply
  7. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཡག་པོ་རེད་མ་འཇོན་ན་དེ་ག་རང་རེད། ག་ལེར་ཕེབས། ག་ལེར་ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཡང་དེ་ག་རང་ཡིན་ད། དཔེ་འདི་ལ་ལྟོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese