མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནང་འཛིང་གིས་མི་ ༢ བསད་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

རེབ་གོང་གཉན་ཐོག་ཡུལ་ཚོའི་སྡེ་བ་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་བསྐོ་བའི་ཐད་མ་འཆམ་པར་འཁྲུག་འཛིང་ཤོར་ཏེ་མི་གཉིས་ ༢ བསད་ཡོད་འདུག

ཟླ་འདིའི་ཚེས་ ༡༧ ཉིན་བོད་མདོ་སྨད་རྨ་ལྷོ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོའི་ཤ་སྦྲང་སྡེ་བ་དང་སྡེ་བ་དེའི་ཁྱིམ་མཚེས་བློན་ཆེན་སྡེ་བ་གཉིས་བར་དབྱར་རྩྭ་དགུན་འབུ་བརྐོ་སྐབས། མཁས་སྔོན་དང་འཁྱམ་མདོ་ཞེས་པའི་ས་ཐོག་ཏུ་ལག་འཛིང་ཤོར་ཏེ་ཕན་ཚུན་བར་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་དང་། ཁ་སང་ཕྱི་ཚེས་ ༣༠ ཉིན་སྡེ་བ་གཉིས་ཡང་བསྐྱར་འཁྲུག་འཛིང་བྱས་མཐར་ཤ་སྦྲང་སྡེ་མི་ཚོས་མེ་མདའ་བརྒྱབ་སྟེ། བློན་ཆེན་གྱི་རང་ལོ་ ༢༠ ཡས་མས་ཡིན་པའི་གཞོན་སྐྱེས་ཤིག་དང་། རང་ལོ་ ༤༠ ཡས་མས་ཡིན་པའི་རྒན་པ་ཞིག་བཅས་མི་གཉིས་བསད་ཡོད་པ་མ་ཟད། མི་ ༣  ལ་མེ་མདའ་ཕོག་ཏེ་རྨས་སྐྱོན་ཚབས་ཆེན་བཟོས་རྗེས་ཟི་ལིང་ལ་སྨན་ཁང་དུ་བསྐྱལ་ཡོད་འདུག  

རེབ་གོང་ཤ་སྦྲང་དང་བློན་ཆེན་སྡེ་བ་གཉིས་དེ་སྔོན་ནས་ས་ཆའི་རྩོད་རྙོག་གི་དབང་གིས། ཕན་ཚུན་བར་འགལ་ཟླ་རབ་དང་རིམ་པ་ཡོང་གི་ཡོད་འདུག་ལ། ད་ལྟའི་བར་ས་གནས་ཀྱི་བླ་ཆེན་དང་གནད་ཡོད་མི་སྣས་གང་ཐུབ་ཀྱིས་བར་འདུམ་བྱས་ཡོད་ཀྱང་། ཉེ་བའི་དུས་ནས་དབྱར་རྩྭ་དགུན་འབུ་བརྐོ་སའི་ཆ་བརྩད་དེ་ཐོག་མར་བློན་ཆེན་སྡེ་བས་ཤ་སྦྲང་གི་བོད་མི་ཞིག་གི་མིག་ཡ་གཅིག་བཀོག་ཡོད་སྟབས། ཁ་སང་ཡང་བསྐྱར་འཁྲུག་འཛིང་ཤོར་ཏེ་ཤ་སྦྲང་སྡེ་བའི་མི་གཉིས་བསད་པ་དང་ཁག་ཅིག་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ཡོད་པ་དང་། དེ་རིང་སྡེ་བ་གཉིས་བར་འཁྲུག་འཛིང་བྱེད་རྩིས་བྱེད་སྐབས་བར་འདུམ་པ་མང་པོ་ཡོང་སྟེ་བཀག་འགོག་བྱས་ཡོད་འདུག་པ་ལས། ད་ལྟའི་བར་རྒྱ་ནག་གཞུང་ཕྱོགས་ནས་གནས་ཚུལ་འདིའི་ཐད་དམིགས་བསལ་གྱི་བཀག་འགོག་སོགས་མ་བྱས་པར་ལྷག་ཡོད་འདུག 

འདིའི་ཐད་ས་གནས་བོད་མི་ཞིག་གནས་ཚུལ་མཁོ་སྤྲོད་པར། ཐེངས་འདིའི་གནས་ཚུལ་འདི་ངོ་ཚ་དགོས་པའིས་གནས་ཚུལ་ཞིག་ཡིན་སྟབས། ༧གོང་ས་མཆོག་གི་ཕྱི་ནས་བཀའ་སློབ་དང་མཉམ་དུ་བསྒྲགས་ཐུབ་པ་ཡིན་ན། མ་འོངས་པར་འདིའི་རིཊ་མི་ཡོང་བའི་ཕན་ཐོཊ་ཆེ་སྐོར་དང་། ཁོང་གི་ཟུར་ཟའི་ཚུལ་དུ་རེབ་གོང་རིག་གནས་དང་ཤེས་ཡོན་གྱི་ཆ་ནས་མཚན་སྙན་ཡོད་ཀྱང་། ད་ལྟ་དཔའ་འཛངས་རྟུལ་ཕོད་ཀྱི་ཆ་ནས་ཀྱང་མཚན་སྙན་ལྡན་པ་ཞིག་འདུག་ཅེས་བརྗོད་འདུག  

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༢༤ སྔོན་ལ།
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥
Mobile App

རྒྱ་ནག་གི་རྒྱལ་སྲུང་ལས་དོན་སྒྲུབ་མཁན་གྱི་ཚོགས་སྡེ་ ༡༥༦ ལྷག་ནག་ཁུངས་ནང་འཇུག་དགོས།

༢༠༢༦/༡༠/༡༥
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༦/༡༠/༡༥
པར་རྩོམ་པ་པོས་མཁོ་སྤྲོད་བྱས།
Mobile App

བོད་ཀྱི་བདུན་ཕྲག་སྲུང་བརྩི་དང་དཔེ་སྟོན་སློབ་གྲྭ་དབུ་བརྙེས་པའི་དུས་དྲན་ལས་འཕྲོས་པའི་གཏམ་ཐོར་བུ།

༢༠༢༦/༡༠/༡༥

མཆན། 3

  1. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ཀརྨ་པ་ལྷ་ཐོག་ལ་སྐུ་ལྟམ་པ་དེ་རྒྱུ་མཚན་འདུག ལས་ངན་འདི་དག་དགྲོལ་བའི་ཕྱིར་དུ་ངེས།

    Reply
  2. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    ལོ་ཤས་གོང་ནས་བོད་ནང་གི་བོད་མི་ཚོའི་བསམ་བློ་འགྱུར་ཏེ་མཚོན་ཆ་བསྡུས་ཏེ་མེ་བསྲེག་བཏང་རབས་སོགས་གསར་ལམ་ཁག་ཏུ་འཚང་ཁ་བརྒྱབས་སོང་་་་དོན་དངོས་སུ་སྐེད་པའི་གྲི་གཡུགས་ནས་མེ་མདའ་རིང་ཐུང་གི་རྒྱན་ཆ་བཏགས་འདུག་པ་དེ་རིང་གཞི་ནས་མཐོང་སོང་བ་རེད། དཔའ་བོ་དཔའ་མོ་བརྒྱ་དང་བཅོ་བརྒྱད་ཀྱི་ཚེ་སྲོག་དང་རེ་བ་དོན་མེད་དུ་བཏང་བ་རེད་་་རྒྱ་འདྲེ་ཚང་དགའ་བྱེད་འདི་ནས་གཞན་ཡོད་པ་མ་རེད་་་་ལྟོས་དང་གྱོད་དོན་འདི་ལ་ཉེས་པ་ཆེན་པོ་བརྩི་གི་མ་རེད་་་་

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    ང ཚ་རྒྱ་ནག་གིས་བཤད་པ་ཇི་བཞིན་འགྲོ་དགོས་དོན་ཅི། འདི་ལ་གཉེན་ཐོག་གི་མིང་དྲེངས་ན་ག་ལ་འགྲི སྡེ་བ་སོ་སོའི་མིང་གིས་འཛིན་དགོས། མི་གསོད་མཁན་ཤ་བྲང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese