མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུའུ་ཀེ་སྲིད་འཛིན་འོས་མིར་ལངས་འཆར།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

འབར་མའི་དམངས་གཙོ་དོན་གཉེར་པ་ལྕམ་ཨང་སན་སུའུ་ཀེ་འབར་མའི་རྩ་ཁྲིམས་ནང་སྲིད་འཛིན་འོས་བསྡུར་ཞུགས་མི་ཆོག་པ་བཟོས་ཡོད་ཀྱང་། ཉེ་ལམ་མོས་འབར་མའི་སྲིད་འཛིན་ཆགས་འདོད་ཡོད་ཅེས་བསྒྲགས་འདུག

ཕྱི་ཚེས་ ༦ ཉིན་འབར་མའི་དམངས་གཙོ་དོན་གཉེར་པ་ལྕམ་ཨང་སན་སུའུ་ཀེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག འབར་མའི་རྩ་ཁྲིམས་ནང་མོ་རང་སྲིད་འཛིན་འོས་མིར་ལངས་ཆོག་གི་མེད་ཀྱང་། མོ་རང་ ༢༠༡༥ ལོའི་འབར་མའི་སྲིད་འཛིན་འོས་མིར་ལངས་འདོད་ཡོད་ཅེས་བསྒྲགས་ཡོད་པ་མ་ཟད། གལ་སྲིད་མོ་རང་སྲིད་འཛིན་དུ་འདུག་འདོད་མེད་ཁུལ་བྱས་པ་ཡིན་ན། དེ་ནི་སོ་སོས་དྲང་པོ་མ་བྱས་པ་ཞིག་ཡིན་སྐོར་བརྗོད་འདུག

འབར་མའི་རྩ་ཁྲིམས་ནང་། འབར་མའི་མི་རིགས་སུ་ཞིག་གི་བཟའ་ཟླ་འམ་བུ་ཕྲུག་ཕྱི་མི་ཡིན་ཚེ་གཞུང་གི་གནས་བབ་མཐོ་ཤོས་ཀྱི་གོ་གནས་ཐོག་ཡོང་ཆོག་གི་མེད་པ་གསལ་ཡོད་འདུག ད་ལྟའི་ཆར་འབར་མའི་གྲོས་ཚོགས་ཀྱི་རྐུབ་སྟེགས་བརྒྱ་ཆ་ ༢༥%  དམག་གིས་བཟུང་ཡོད་པ་དང་། ད་སྔའི་གཞུང་གི་རྩ་ཁྲིམས་བསྐྱར་བཅོས་དང་ལྕམ་ཨང་སན་སུའུ་ཀེ་འོས་མིར་ལངས་ཆོག་པ་བཟོ་རྒྱུར་ཉུང་མཐར་གྲོས་ཚོགས་འཐུས་མི་བརྒྱ་ཆ་ ༧༥% རྒྱབ་སྐྱོར་དགོས་པ་མ་ཟད། དེའི་སྟེང་མི་མང་གི་བསམ་ཤོག་བསྡུས་ཏེ་བརྒྱ་ཆ་ ༥༠%  རྒྱབ་སྐྱོར་ཐོག་དགོས་ཀྱི་ཡོད་འདུག  

དེའི་ཐད་ལྕམ་ཨང་སན་སུའུ་ཀེ་ཡིས།  “རྩ་ཁྲིམས་བསྐྱར་བཅོས་འདི་དཀའ་ངལ་ཆེ་ཤོས་རེད། གྲོས་ཚོགས་འཐུས་མི་བརྒྱ་ཆ་ ༢༥%  དམག་དོན་ལྷན་ཁང་གིས་ཐད་བསྐོས་བྱས་ཡོད་སྟབས། ང་ཚོ་མི་མང་གི་རྐུབ་སྟེགས་གཅིག་ཀྱང་མ་ལྷག་པར་འཐུས་མི་བསླེབས་ཐུབ་པར་བྱ་དགོས་པ་དང་། ཚང་མས་རྩ་ཁྲིམས་བསྐྱར་བཅོས་རྒྱབ་སྐྱོར་བྱས་ཏེ་ཉུང་མཐར་བློ་སྟོབས་ལྡན་པའི་དམག་མི་ (ཐད་བསྐོས་འཐུས་མི་) གཅིག་གིས་དེར་རྒྱབ་སྐྱོར་བྱེད་དགོས་སྟབས། རྩ་ཁྲིམས་བསྐྱར་བཅོས་འདི་ཧ་ཅང་དཀའ་ལས་ཁག་པོ་ཞིག་ཆགས་ཡོད་ཀྱང་། ཡོང་མི་སྲིད་པ་ཞིག་མ་རེད། ལོ་ ༣ ཐུང་ཐུང་མ་རེད། ང་ཚོས་རྩ་ཁྲིམས་བསྐྱར་བཅོས་ཐད་མི་མང་གི་ཡིད་ཆེས་བརླག་འཇུག་འདོད་མེད ” ཅེས་བརྗོད་འདུག

ད་ལྟའི་ཆར་ཕྱི་ནང་གི་རྒྱུ་རྐྱེན་དང་ལྷག་པར་དུ་རྒྱལ་སྤྱིའི་གནོན་ཤུགས་འོག འདས་པའི་ལོ་གཉིས་ལྷག་གི་རིང་འབར་མའི་ནང་ལྕམ་ཨང་སན་སུའུ་ཀེ་གཙོས་པའི་ཆབ་སྲིད་བཙོན་པ་རྣམས་ཀློད་གྲོལ་དང་། དམངས་གཙོ་ཚོགས་པ་སོགས་ལ་གཞུང་གི་ངོས་འཛིན་ཆོག་མཆན་གནང་བ། ཨང་སན་སུའུ་ཀེ་གྲོས་ཚོགས་འཐུས་མིར་འོས་འདེམས་དང་ཕྱི་རྒྱལ་ཁག་ཏུ་ཕྱོགས་སྐྱོད་བྱེད་བཅུག་པ་སོགས་འབར་མའི་ཆབ་སྲིད་བཅོས་བསྒྱུར་ཕྱོགས་གང་ཐད་ནས་འཕེལ་རྒྱུས་སུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༡༩ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༠ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༠ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese