མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངྷ་སའི་སྒེར་གཉེར་བོད་ཡིག་འཛིན་གྲྭ་ཞིག་གི་སྐད་ཆ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མའི་བསྟི་གནས་བཞུགས་སྒར་ངྷ་རམ་ས་ལའི་མེག་གྷན་སྟོད་པ་སྐྱིད་སྡུག་ཚོགས་ཁང་གི་ཐབ་ཚང་དུ། དྷ་ས་མཚན་ཉིད་གྲྭ་ཚང་གི་དགེ་འདུན་པ་བསྟན་འཛིན་འཕགས་པ་ལགས་ཀྱིས་དང་བླང་ཐོག་བོད་ཡིག་གི་འཛིན་གྲྭ་ཞིག་སྒྲུབ་བཞིན་འདུག བོད་ཡིག་འཛིན་གྲྭ་དེར་ངྷ་ས་ཁུལ་གྱི་ལོ་ན་ ༢༠ ནས་ ༧༩ བར་གྱི་རྒན་གཞོན་ཉི་ཤུ་ལྷག་ཅིག་གིས་<<བོད་ཀྱི་ཡིག་རྨོངས་སེལ་བའི་བསླབ་དེབ>>ཞེས་པའི་དཔེ་དེབ་བསླབ་གཞིར་བཟུང་སྟེ་བོད་ཡིག་གི་རྨང་གཞིའི་འབྲི་ཀློག་ནས་སྦྱོང་གི་འདུག  

ཕྱི་ཚེས་ ༤ ཉིན་འདི་གའི་གསར་འགོད་པས་རྒན་བསྟན་འཛིན་འཕགས་པ་ལགས་དང་ཁོང་གི་སློབ་ཕྲུག་གཉིས་ལ་བཅར་འདྲི་ཞུས་པ་ལྟར་ན། རྒན་བསྟན་འཛིན་འཕགས་པ་ལགས་ནི་བོད་ནས་ཡོང་བ་ཞིག་ཡིན་ཞིང་། བོད་ཕྱི་ནང་གཉིས་སུ་ལོ་ངོ་བཅུ་གྲངས་རིང་བོད་ཡིག་དགེ་རྒན་གནང་མྱོང་ཡོད་འདུག སྐད་ཡིག་འཛིན་གྲྭ་འདི་ནི་ ༢༠༡༢ ལོར་ཐོག་མར་མགོ་འཛུགས་གནང་བ་ཞིག་ཡིན་པ་དང༌། མ་འོངས་པར་བོད་ཡིག་གི་རྨང་གཞི་མཐོ་དམན་གྱི་ཐོག་ནས་འཛིན་གྲྭ་ཁག་གཉིས་སུ་བགོས་ཏེ་སློབ་འཁྲིད་གནང་འཆར་ཡོད་འདུག

ཁོང་གིས་སྐད་ཡིག་འཛིན་གྲྭ་འདིའི་དམིགས་ཡུལ་སྐོར་ངོ་སྤྲོད་བ་ལྟར་ན། དེང་སྐབས་བོད་ཕྱི་ནང་གཉིས་སུ་བོད་རང་གི་སྐད་ཡིག་གི་སྒང་ལ་ཉམས་ཆག་དང་འཐུས་ཤོར་མང་པོ་འགྲོ་བཞིན་ཡོད་པ་དང༌། ༧གོང་ས་མཆོག་གིས་ནམ་རྒྱུན་སོ་སོའི་སྐད་ཡིག་ཐོག་རྒན་པ་ཚོས་སྣེ་འཁྲིད་དགོས་པའི་བཀའ་སློབ་རིམ་པར་ཕེབས་བཞིན་ཡོད་པ། ལྷག་པར་དུ་བོད་མིའི་མི་འབོར་ཉུང་ཉུང་དེ་དེང་གི་མི་རིགས་མང་པོ་དང་སྐད་རིགས་སྣ་མང་གི་སྤྱི་ཚོགས་དང་གདོང་ཐུག་བརྒྱབ་ཡོང་དུས། བོད་པའི་སྐད་ཡིག་ལ་ཉམས་ཆག་ཆེན་པོ་འགྲོ་བཞིན་ཡོད་ཅིང༌། སྐད་ཡིག་ཉམས་ཆག་ཏུ་སོང་ན་མི་རིགས་དེའང་རང་བཞིན་གྱིས་ཉམས་ཆག་ཏུ་འགྲོ་བཞིན་ཡོད་པར་བརྟེན། ཁོ་རང་སྒེར་ངོས་ནས་མ་སྐུལ་དང་བླང་ཐོག་འཛིན་གྲྭ་དེ་འདྲ་ཞིག་བསྒྲུབ་པ་ཡིན་སྐོར་བརྗོད་བྱུང༌།

ཁོང་གིས་བརྗོད་དོན “འཛིན་གྲྭར་ཡོང་མཁན་མང་ཆེ་བ་ལོ་རྒན་པ་དང༌། སྔོན་ཆད་སློབ་གྲྭར་འགྲོ་བའི་གོ་སྐབས་མ་རག་པ་དེ་འདྲ་རེད། ད་ལྟ་ཁོ་ཚོ་སློབ་གྲྭ་ཞིག་ལ་འགྲོ་བསམ་ན་འགྲོ་ས་མེད་ལ། ཚོགས་པ་ཞིག་གི་ནང་དུ་ཡི་གེ་སྦྱོང་དུ་འགྲོ་འདོད་ན་དེ་ཡང་མེད་པས། ཁོ་ཚོར་སྙིང་རྗེ་དགོས་པ་དང་བདག་པོ་རྒྱག་དགོས་པའི་ཚོར་བ་ཞིག་གི་ཐོག་ནས་ཆ་རྐྱེན་འཛོམས་མིན་ལ་མ་ལྟོས་པར་འཛིན་གྲྭ་འདི་བཙུགས་པ་ཡིན” ཞེས་དང༌། “ཁོང་ཚོ་མང་ཆེ་བ་ལོ་རྒན་པ་ཡིན་དུས་བོད་སྐད་ཀྱི་རྨང་གཞི་བརྟན་པོ་ཡོད་པ་རེད། ཡིན་ནའང༌ཡི་གེ་འབྲི་ཀློག་ཐོག་དཀའ་ངལ་འདུག དེར་བརྟེན། ངས་ཁོང་ཚོར་རྨང་གཞིའི་ཡི་གེ་འབྲི་ཀློག་དང་ཚིག་གྲུབ་བཟོ་སྟངས། ནང་དོན་ཡང་གོ་བདེ་བོའི་ཐོག་ནས་རྟོགས་ཐུབ་པ་ཞིག་ལ་འབད་བརྩོན་བྱེད་ཀྱི་ཡོད” ཅེས་བརྗོད་སོང༌།

མཇུག་ཏུ་བོད་རིགས་གཞོན་སྐྱེས་ཚོས་རང་གི་སྐད་ཡིག་དང་སྲོལ་རྒྱུན་གྱི་གོམས་གཤིས་བཟང་པོ་རྒྱུན་འཛིན་སླར་གསོ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ལ་ཁོང་གིས། “ངས་རྒྱུན་དུ་བོད་རིགས་གཞོན་སྐྱེས་ཚོ་གཙོར་བྱས་པའི་བོད་རིགས་ཤིག་ཡིན་པ་ཚང་མ་ལ། བོད་སྐད་ཐར་ཐོར་ཞིག་བཤད་པ་དང་བོད་ལྭ་ཞིག་གྱོན་པ་ཙམ་གྱིས་བོད་པ་རྣམ་དག་ཅིག་ཡིན་པ་མཚོན་མི་ཐུབ་པས། བོད་སྐད་ཡིག་གི་རྨང་གཞི་གང་ལ་གང་འཚམ་ཡོད་པའི་ཐོག་བོད་རང་གི་སྲོལ་རྒྱུན་གོམས་གཤིས་བཟང་པོ་གང་འཚམ་ཞིག་ཡོད་ན་ད་གཟོད་བོད་པ་ཡང་དག་ཅིག་ཡིན་པས། དེའི་ཕྱོགས་ལ་ཚང་མས་འབད་བརྩོན་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན” ཞེས་བརྗོད་སོང༌།

དེ་ཡང་འཛིན་གྲྭར་ཡོང་མཁན་ལོ་ ༧༢ ཡིན་པ་ཨ་མ་རིན་ཆེན་སྒྲོལ་མ་ལགས་ཀྱིས་བོད་རང་གི་སྐད་ཡིག་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པའི་སྐོར་ནས་བརྗོད་རྒྱུར། “དེང་སང་བོད་རིགས་གཞོན་སྐྱེས་ཚོས་སྐད་ར་མ་ལུག་འདྲ་བོ་བརྒྱབ་ནས་ང་ཚོ་ཡིན་ནའང་ཡག་པོ་ཞིག་མགོ་འཚོས་ཀྱི་མི་འདུག སྐད་དེ་འདྲ་བརྒྱབ་ཡོང་དུས་མིག་ནས་མཆི་མ་ཤོར་ཡོང་གི་འདུག ང་ཚོ་མིའི་ལུང་པར་ལོ་ངོ་མང་པོར་ལྷག་ཚེ་སོ་སོའི་སྐད་ཡིག་དེ་བརླག་འགྲོ་རྒྱུ་རེད་བསམ་ནས་སེམས་པ་ཧ་ཅང་སྐྱོ་གི་འདུག  ང་རང་ལོ་བརྒས་ཚར་བས་མཁས་པ་ཆེན་པོ་ཞིག་ཆགས་ཐུབ་ཀྱི་མ་རེད་དེ། ང་རང་མ་ཤི་བར་དུ་སློབ་སྦྱོང་བྱེད་རྒྱུ་ཡིན” ཟེར།

ཡང་འཛིན་གྲྭར་ཡོང་མཁན་ལོ་ན་ ༧༠ ཅན་ཨ་མ་བདེ་སྐྱིད་ལགས་ཀྱིས།  “ང་ནང་ཆོས་འཛིན་གྲྭར་འགྲོ་བཞིན་ཡོད། བོད་ཡིག་མི་ཤེས་པས་རྒན་ལགས་ཀྱིས་འགྲེལ་བཤད་བརྒྱབ་པ་ཚང་མ་བརྗེད་འགྲོ་གི་འདུག གཙོ་བོ་༧རྒྱལ་མཆོག་གིས་རྒན་འཁོགས་ཡིན་ནའང་ཡི་གེ་སྦྱོང་དགོས་པ་རེད། ཉི་མ་རེར་ཚིག་རེ་ཤེས་ནའང་ཤེས་པ་རེད་གསུངས་པ་དེས། ང་རང་ལ་སེམས་ཤུགས་འཕར་ནས་འཛིན་གྲྭར་ཡོང་བ་ཡིན།  ལོ་གཞོན་པའི་སྐབས་སུ་ཡི་གེ་སྦྱོང་རྒྱུ་གལ་ཆེན་ཡིན་པ་ཤེས་ཡོད་པ་མ་རེད། ང་ལོ་གཞོན་སྐབས་བོད་ཁྱིམ་གྱི་ཁྱིམ་ཚང་ཨ་མ་ལགས་བྱས་ནས་བསྡད་དེ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་མ་སོང་”ཞེས་བརྗོད་སོང༌།

 

 

མཆན། 6

  1. རྫ་ཆུའི་ཟླ་བ། says:
    ལོ་ 9 སྔོན།

    འདི་ན་དེ་རིང་གྲྭ་རྐྱང་དཀྱུས་མ་ཞིག་གི་རང་ནུས་ཅི་ཡོད་ཀྱི་ཕྱག་ལས་གནང་བར་རྗེས་སུ་ཡི་རིངས་ཡོད། ངོོ་མ་དེ་རིང་སང་གི་བཙན་བྱོལ་ནང་གི་བོད་ཀྱི་སྐད་ཡིག་ནི་ཧ་ཅང་ཉམས་ཐགས་པའི་གནས་སུ་ལྷུང་ཡོད་པ་ནི་ཚང་མའི་མཁྱེན་གསལ་རེད། བོད་ཡིག་མི་ཤེས་མཁན་ཚོས་དབྱིན་ཇི་ལ་ཧོན་འཐོར་ནས་སྡད་ཡོད་པ་རེད། མི་སྐྱ་ཕོ་མོ་ཚོ་ཕར་ཞོགས་གྲྭ་ས་ནས་སླེབ་མཁན་ཚོས་བོད་ཡིག་གི་རང་རྐྱ་འཕེར་གྱི་མི་འདུག རྟགས་བསལ་ཐབས་ཆགས་རེའི་ནང་མགོ་འཁོར་ནས་སྡོད་རྒྱུ་ལས་ཤོག་ལྷེ་གཅིག་ཡོད་པའི་སྙན་ཞུ་ཙམ་ལའང་རོགས་པ་བཙལ་དགོས་ཀྱི་ཡོད་རེད། བྱས་ཙང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐུགས་རྗེ་ཆེ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 9 སྔོན།

    རྨ་མེད་ལྷག་བསམ་ཏི་སེ་གངས་ཀྱི་ཟླ།།
    དྲང་པོའི་སྤྱོད་ལམ་དྲང་སྲོང་ཆེན་པོའི་སྤུན།།
    རིགས་ཀྱི་འདུན་མར་བརྩེ་བ་རབ་རྒོད་པས།།
    རིགས་པ་སྨྲ་བའི་ལས་འདིར་སྙིང་ནས་བསྟོད།།

    Reply
  3. མཉམ་ཞུགས says:
    ལོ་ 9 སྔོན།

    འདི་ནི་ལས་དོན་ཧ་ཅང་ཡག་པོ་ཞིག་རེད། རྒན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཨ་མ་རིན་ཆེན་སྒྲོལ་མ་དང་མ་བདེ་སྐྱིད་ཀྱི་སྙིང་སྟོབས་དང་སེམས་ཤུགས་རྗེས་སུ་ཡུ་རང་ཡོད། རིག་པ་ནང་པར་འཆི་ཡང་བསླབ།།ཚེ་འདིར་མཁས་པར་མ་གྱུར་ཀྱང།། སྐྱེ་བ་ཕྱི་མར་བཅོལ་བ་ཡི།། ནོར་ལ་རང་ཉིད་ལེན་པ་འདྲ།། ཞེས་པའི་ས་སྐྱ་ལེགས་བཤད་ཀྱི་གདམས་ངག་དོན་ཐོག་ལག་ལེན་བྱས་པ་རེད། ཨ་མ་ཁོང་གཉིས་ཀྱིས་མཚོན་པའི་ཤེས་ཡོན་ལ་དོ་སྣང་ཆེ་བའི་རྒན་པ་རྣམས་ལ་གཞུང་ངོས་ནས་ཀྱང་མཐུན་འགྱུར་རོགས་རམ་གནང་སྟེ་མུ་མཐུད་ནས་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་གལ་ཆེན་པོ་རེད། འདི་ནི་ཡར་རྒྱས་དང་ཤེས་ཡོན་ལྡན་པའི་སྤྱི་ཚོགས་ཀྱི་རྣམ་པ་གསལ་བོ་ཞིག་རེད།

    Reply
  4. བོད་དགའ། says:
    ལོ་ 9 སྔོན།

    “ང་ཚོ་མིའི་ལུང་པར་ལོ་ངོ་མང་པོར་ལྷག་ཚེ་སོ་སོའི་སྐད་ཡིག་དེ་བརླག་འགྲོ་རྒྱུ་རེད་བསམ་ནས་སེམས་པ་ཧ་ཅང་སྐྱོ་གི་འདུག ང་རང་ལོ་བརྒས་ཚར་བས་མཁས་པ་ཆེན་པོ་ཞིག་ཆགས་ཐུབ་ཀྱི་མ་རེད་དེ། ང་རང་མ་ཤི་བར་དུ་སློབ་སྦྱོང་བྱེད་རྒྱུ་ཡིན།”

    “གཙོ་བོ་༧རྒྱལ་མཆོག་གིས་རྒན་འཁོགས་ཡིན་ནའང་ཡི་གེ་སྦྱོང་དགོས་པ་རེད། ཉི་མ་རེར་ཚིག་རེ་ཤེས་ནའང་ཤེས་པ་རེད་གསུངས་པ་དེས། ང་རང་ལ་སེམས་ཤུགས་འཕར་ནས་འཛིན་གྲྭར་ཡོང་བ་ཡིན།”

    གོང་གི་ཨ་མ་ལགས་དེ་གཉིས་ཀྱི་སེམས་ཁོང་གི་གཏམ་དེས་ངའི་སྣ་རྩར་ཚ་བེར་བཏང་སོང་། ཇི་འདྲའི་སེམས་འགུལ་ཐེབ་པའི་བསླབ་བྱ་ཞིག་རེད།

    Reply
  5. འདྲེ་མགོ་རྡོ། says:
    ལོ་ 9 སྔོན།

    སྐུ་ཞབས་མཆོག་གི་ཕྱག་ལས་རྗེས་སུ་ཡི་རངས་ཡོད། ང་ཚོའི་སྤྱི་ཚོགས་ནང་འདི་འདྲ་ཉུང་ཉུང་རེད། ཐམས་ཅད་ཁེ་ཕན་གྱི་རྗེས་སུ་འབྲངས་ནས་མིག་དཔེར་འོས་པ་འདི་འདྲ་དཀོན་སེ་འདུག ཐུགས་རྗེ་ཆེ། བོད་ཀྱི་སྐད་ཡིག་གིས་ཁྱེད་མི་བརྗེད།།

    Reply
  6. སྟག་ཚང་རིག་རྒོད་། says:
    ལོ་ 9 སྔོན།

    ཡག་པོ་རེད།་་་་་་་་་་་་་རྗེས་སུ་ཡི་རང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist