མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་སྐད་ཡིག་གི་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་གཟའ་པ་སངས་ཉིན་བོད་མདོ་སྨད་ཀན་ལྷོ་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོའི་ནང་བོད་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བགྲོ་གླེང་ཞིག་ཚོགས་ཡོད་འདུག  

ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་འདི་གར་གནས་ཚུལ་བཏང་འབྱོར་ལྟར་ན། ཁ་སང་ཕྱི་ཚེས་ ༡༤ ཉིན་བོད་མདོ་སྨད་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོའི་མདུན་ཕྱོགས་རྒྱུ་མདོའི་བཀྲ་ཤིས་ཐང་དུ།  ས་གནས་ཀྱི་བོད་ཕ་སྐད་དམ་སྲུང་མཐུན་ཚོགས་ཀྱིས་ཆུ་ཁ་མའི་མི་མང་གི་བསམ་བློ་གོང་འཕེལ་དང་ཀུན་སྤྱོད་ལེགས་ལམ་དུ་འགོད་ཕྱིར་ ༼ འཇིག་རྟེན་མི་ཆོས་དང་བོད་སྐད་ཡིག་སྐོར་གྱི་སློབ་གསོ། མི་ཚེའི་ལམ་སྟོན༽ ཞེས་པའི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཡོད་འདུག་ལ། བགྲོ་གླེང་གི་གདན་ཞུ་སྐུ་མགྲོན་དུ་ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ་དང་དམར་ཤུལ་འཇིགས་མེད་ཚུལ་ཁྲིམས། རྩོམ་པ་པོ་ནགས་ཚང་ནུས་བློ། རྩོམ་པ་པོ་རྨ་ཆུའི་བསམ་གཏན་ཕེབས་ཡོད་པ་དང་།  གཞན། ཨ་མཆོག་མཚན་ཉིད་དགོན་གྱི་ཚོགས་ཆེན་ཁྲི་བ་དང་། བོད་ཕ་སྐད་དམ་སྲུང་ཚོགས་པའི་ཚོགས་མི་ཁྱོམ་མཆོག་སྤྲུལ་བློ་བཟང་བཟོད་པ། ཆུ་ཁ་མ་ཡུལ་ཚོའི་སེར་སྐྱ་མང་ཚོགས་དང་ས་གནས་གཞན་ནས་ཡོང་བའི་བོད་མི་བཅས་མི་ ༢༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག

བགྲོ་གླེང་ཐོག་བཀྲ་ཁྱོམ་མཆོག་སྤྲུལ་བློ་བཟང་བཟོད་པ་རྣམ་རྒྱལ་ལགས་ཀྱིས་བསམ་བློ་ཀུན་སྤྱོད་དང་གཙང་སྤྲ་འཕྲོད་བསྟེན་སྐོར་ལ་གཏམ་བཤད་དང་། ཁ་ཤུལ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཁོར་ཡུག་སྲུང་སྐྱོབ། དམར་ཤུལ་འཇིགས་མེད་ཚུལ་ཁྲིམས་ཀྱིས་བོད་སྐད་ཡིག་སྲུང་སྐྱོབ་སྐོར། ནགས་ཚང་ནུས་བློ་ལགས་ཀྱིས་ཁྲིམས་ལུགས་སྐོར། རྩོམ་པ་པོ་རྨ་ཆུ་བསམ་གཏན་ལགས་ཀྱིས་རིག་གནས་སློབ་གསོའི་སྐོར་བཅས་ཀྱི་གཏམ་བཤད་བགྲོ་གླེང་གནང་ཡོད་འདུག་ལ། ཐེངས་འདི་ནི་ ༢༠༡༣ ལོར་བོད་ཕ་སྐད་དམ་སྲུང་ཚོགས་པའི་ས་གནས་སུ་སྤེལ་བའི་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བྱ་འགུལ་ཐེངས་གཉིས་པ་ཆགས་ཡོད་འདུག

བོད་ཕ་སྐད་དམ་སྲུང་མཐུན་ཚོགས་དེ་ནི། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༤ ཚེས་ ༡༥ ཉིན་རྨ་ཆུ་རྫོང་ཆུ་ཁ་མ་ཡུལ་ཚོའི་བོད་མི་ཁག་ཅིག་གིས་མ་སྐུལ་དང་བླངས་ཐོག་གསར་འཛུགས་གནང་བ་ཞིག་ཡིན་འདུག་ལ། ད་ལྟའི་བར་ཚོགས་པ་འདིས་ལོ་ལྟར་ས་གནས་སྐྱ་སེར་གཉིས་ལ་ཕ་སྐད་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་ཡོད་པ་མ་ཟད། འདི་ལོའི་རྒྱལ་སྤྱིའི་སྐད་ཡིག་ཉིན་མོ་སྲུང་གཙི་གནང་ཡོད་འདུག་ལ། མ་འོངས་པར་ཚོགས་པ་འདིས་ས་གནས་སུ་ཐ་སྙད་གསར་བ་དང་འོད་སྡེར་འགྲེམས་སྤེལ་སོགས་ཀྱི་ལམ་ནས་ཕ་སྐད་སྲུང་སྐྱོབ་ཀྱི་བྱ་འགུལ་སྤེལ་འཆར་ཡོད་འདུག

 

གསར་འགོད་པ། དོན་གོ

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist