མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྱོར་ལྡན་རྒྱལ་ཁབ་ ༨ དང་སི་རི་ཡ།

བོད་ཀྱི་དུས་བབ།
༢༠༡༣/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་ཐེངས་སོ་དགུ་བའི་སྟེང་ཚོང་འབྲེལ་ཡར་རྒྱས་གཏོང་ཕྱོགས་དང་སི་རི་ཡའི་གནད་དོན་བཅས་ཀྱི་ཐོག་གྲོས་ཆོད་བཞག་ཡོད་འདུག

ཕྱི་ཚེས་ ༡༧ དང་ ༡༨ ཉིན་གཉིས་རིང་བྱང་ཨར་ལན་ཌིའི་ནང་། འཛམ་གླིང་གི་འབྱོར་ལྡན་རྒྱལ་ཁབ་ ༨ དེ་(G8)། ཨ་རི་དང་ཨུ་རུ་སུ། ཉི་ཧོང་། ཧྥ་རན་སི། འཇར་མན། ཁེ་ན་ཌ། ཨི་ཊ་ལི། དབྱིན་ཡུལ་བཅས་ཀྱི་ཚོགས་འདུ་ཐེངས་ ༣༩ པ་དེ་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་། རྒྱལ་ཁབ་དེ་དག་གི་ཚོང་ལས་སྡེ་ཚོགས་དག་གི་འབྲེལ་ལམ་ཡར་རྒྱས་དང་དཔྱ་ཁྲལ་ཉུང་དུ་གཏོང་རྒྱུ། ལྷག་པར་དུ་དཔྱ་ཁྲལ་སྐོར་གྱི་གནས་ཚུལ་རྒྱལ་སྤྱིའི་ཐུན་མོང་གིས་མཉམ་སྤྱོད་བྱེད་རྒྱུ་དང་། ཁེ་ལས་སྡེ་ཚན་ཁག་གིས་ཚོང་ལས་བྱེད་སྒོའི་གནས་ཚུལ་ཕྱི་གསལ་ནང་གསལ་ཡོང་ཐབས་བཅས་ལ་གྲོས་མཐུན་བྱུང་ཡོད་པ་རེད། 
 
དབྱིན་ཇིའི་སྲིད་བློན་ཁམ་མེ་རོན་ ( David Cameron) ལགས་གསར་འགོད་པར་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་ཀྱི་ཚོང་ལས་གྲོས་མཐུན་སྐོར་བརྗོད་དོན། ཐེངས་འདིར་ཨ་རི་དང་ཡུ་རོབ་མཐུན་ཚོགས་གཉིས་བར་རང་དབང་ཚོང་ལས་བྱེད་ཆོག་པའི་མོས་མཐུན་བྱུང་བ་དེ། འཛམ་གླིང་ལོ་རྒྱུས་ནང་གི་རང་དབང་ཚོང་ལས་གྲོས་མཐུན་བྱུང་བ་གཞི་རྒྱ་ཆེ་ཤོས་དེ་ཆགས་ཡོད་ཟེར།

གཞན། ཐེངས་འདི་གོང་གསལ་རྒྱལ་ཁབ་བརྒྱད་ཀྱི་དབུ་ཁྲིད་ཚོས་སི་རི་ཡའི་གནད་དོན་ཐོག་གྲོས་མཐུན་དོན་ཚན་ ༧ བཞག་ཡོད་པ་དང་། དེ་ནི་རྒྱལ་ཁབ་ཁག་གིས་འགྲོ་བ་མིའི་བདེ་སྡུག་གི་ངོ་བོའི་ཐོག་ནས་ཨ་སྒོར་ཐེར་འབུམ་ ༡།༥ ཡི་སྐྱོབ་གསོའི་རོགས་དངུལ་སྤྲོད་རྒྱུ་དང་། རྒྱལ་སྤྱིའི་སྟེང་ནས་སི་རི་ཡའི་གཞུང་ལ་གནོན་ཤུགས་སྤྲད་དེ། སི་རི་ཡའི་གཞུང་དང་ཁ་གཏད་ངོ་རྒོལ་ཚོགས་པ་གཉིས་ཅོག་ཙེ་གཅིག་གི་སྟེང་གྲོས་མོལ་ཡོང་ཐུབ་བྱེད་འཇུག་རྒྱུ། ཕྱི་ཟླ་ ༩ ནང་འཚོགས་འཆར་ཡོད་པའི་ཇི་ནེ་བཱ་( Geneva) གྲོས་མོལ་སྔོན་ལ་སི་རི་ཡའི་བར་བརྒལ་སྲིད་གཞུང་ཞིག་འཛུགས་ཐུབ་པ་བྱས་ཏེ། ཞི་འཇམ་ངང་སྲིད་གཞུང་མི་དམངས་ལ་རྩིས་སྤྲོད་བྱེད་དགོས་རྒྱུ་དང་། སི་རི་ཡའི་ནང་གི་ཁ་ཆེ་འཇིགས་སྐུལ་པ་རྩ་མེད་བཟོ་རྒྱུ།  སི་རི་ཡའི་སྲིད་གཞུང་གིས་ཁ་གཏད་ངོ་རྒོལ་ཚོགས་པར་གཏོར་ཕམ་གཏོང་ཆེད་དུག་མཚོན་བེད་སྤྱོད་བྱས་པ་དེར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་གིས་དུག་མཚོན་བེད་སྤྱོད་བཏང་ཡོད་མེད་ལ་ཞིབ་འཇུག་ནན་མོ་བྱ་རྒྱུའི་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་གྲོས་ཆོད་བཞག་ཡོད་འདུག

སི་རི་ཡ་རྒྱལ་ཁབ་ནང་ལོ་གཉིས་རིང་འཁྲུག་འཛིང་ཤོར་ཏེ། མི་མང་ ༩༣༠༠༠ ལྷག་གི་ཚེ་སྲོག་ཤོར་ཡོད་པ་དང་། འབུམ་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་བྲོས་བྱོལ་གྱིས་སྐྱབས་བཅོལ་ཞུས་ཡོད་སྟབས། འཛམ་གླིང་རྒྱལ་ཁབ་ཁག་གིས་སི་རི་ཡའི་དཀའ་རྙོག་སེལ་ཆེད། འབྱུང་འགྱུར་གྱི་ཕྱི་ཟླ་ ༩ པའི་ནང་སིད་སུའི་གྲོང་ཁྱེར་ཇི་ནེ་བཱ་ནང་གྲོས་མོལ་ཚོགས་འདུ་ཞིག་སྐོར་རྒྱུའི་ལས་འཆར་སྒྲིག་ཡོད་འདུག འོན་ཀྱང་། སི་རི་ཡ་གཞུང་དང་ཁ་གཏད་ངོ་རྒོལ་ཚོགས་པ་སུ་གང་གིས་ཀྱང་ཇི་ནེ་བཱ་གྲོས་མོལ་ལ་འཛུལ་ཞུགས་བྱེད་རྒྱུ་ཡིན་མིན་གྱི་རྣམ་འགྱུར་བསྟན་ཡོད་མི་འདུག

འབྱོར་ལྡན་རྒྱལ་ཁབ་བརྒྱད་ཀྱིས་སི་རི་ཡའི་སྲིད་འཛིན་བྷ་ཤཱར་( Bashar Hafaz al Assd) གྱི་གཞུང་གིས་ཁ་གཏད་ངོ་རྒོལ་ཚོགས་པར་དུག་མཚོན་བེད་སྤྱོད་བཏང་བ་ལ་མཐའ་གཅིག་ཏུ་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། ཁ་སང་ཚེས་ ༡༨ ཉིན། རྒྱལ་ཁབ་ ༨  ཀྱི་གསར་འགོད་གསལ་བསྒྲགས་སྤེལ་པའི་ནང་། ཨུ་རུ་སུའི་སྲིད་འཛིན་པོ་ཊིན་( Putin) ལགས་ཀྱིས་སི་རི་ཡའི་སྲིད་འཛིན་བྷ་ཤཱར་གྱི་གཞུང་ནི་ཁྲིམས་མཐུན་གྱི་གཞུང་ཞིག་ཡིན་སྟབས་ང་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་ང་ཚོ་ཐུན་མོང་གི་དམིགས་ཡུལ་དེ་སི་རི་ཡའི་དཀའ་ངལ་གང་མགྱོགས་སེལ་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད་ཅེས་བརྗོད་འདུག ཡིན་ནའང་ཨ་རིས་སི་རི་ཡའི་གཞུང་གིས་དུག་མཚོན་བེད་སྤྱོད་བཏང་པའི་བདེན་དཔང་ཡོད་སྐོར་བརྗོད་དེ། སི་རི་ཡའི་ཁ་གཏད་ངོ་རྒོལ་ཚོགས་པར་མངོན་གསལ་དོད་པོས་མཚོན་ཆ་མཁོ་སྤྲོད་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ཨུ་རུ་སུའི་སྲིད་འཛིན་པོ་ཊིན་གྱིས་སི་རི་ཡའི་གཞུང་གིས་དུག་མཚོན་བེད་སྤྱོད་བཏང་བ་ངོས་ལེན་བྱས་མེད།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཆུ་ཚོད་ ༥ སྔོན་ལ།
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤
ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

༢༠༢༦/༠༢/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese