མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་བསྐྱར་གསོ་དགོས།

བོད་ཀྱི་དུས་བབ།
༢༠༡༣/༠༦/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་ཐོག་རྒྱལ་སྤྱིའི་མནར་གཅོད་འགོག་པའི་ཉིན་མོ་སྲུང་གཙི་གནང་སོང་།

ཁ་སང་ཕྱི་དྲོའི་ཆུ་ཚོད་ ༤  པའི་སྟེང་ངྷ་ས་མེག་གྷན་ཉིན་སློབ་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་ཐུན་མོང་གིས་བཀོད་སྒྲིག་འོག་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་གཙིའི་ལས་འགུལ་ཞིག་སྤེལ་སོང་ལ། ལས་འགུལ་དེའི་ཐོག་འཕྲོད་བསྟེན་དྲུང་ཆེ་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་དང་དགུ་བཅུ་གསུམ་དྲུང་ཆེ་གངས་ལྷ་མོ་ལགས། ཆབ་སྲིད་བཙོན་ཟུར་རྒན་བློ་བཟང་ཡོན་ཏན་ལགས། དེ་མིན། ཆབ་སྲིད་བཙོན་ཟུར་དང་མང་ཚོགས་བཅས་མཉམ་ཞུགས་གནང་སོང་།

ལས་འགུལ་གྱི་ཐོག་མར་བོད་དོན་ཆེད་ཚེ་སྲོག་ཤོར་བ་རྣམས་ལ་མྱ་ངན་གུས་འདུད་ཞུས་རྗེས། རྒྱ་ནག་དམར་གཞུང་གིས་བོད་ནང་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་གཏོང་བཞིན་པའི་ཐད་བསྒྲགས་གཏམ་སྤེལ་བ་དང་། རྒྱ་དམར་གྱིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་རྗེས་ཀྱི་ལོ་རྒྱུས་པར་རིས་འགྲེམས་སྟོན། བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་ལ་མནར་གཅོད་གཏོང་སྟངས་ཀྱི་གཏམ་བརྗོད་འཁྲབ་སྟོན་དང་དངོས་བྱུང་གློག་བརྙན་༼གངས་ལྗོངས་མེ་ལྕེ༽ཞེས་པ་མི་མང་ལ་གཟིགས་འབུལ།  དེ་བཞིན། ཆབ་སྲིད་བཙོན་ཟུར་རྒན་བློ་བཟང་ཡོན་ཏན་ལགས་ཀྱིས་སྒེར་གྱི་ཉམས་མྱོང་ལོ་རྒྱུས་གསུང་བཤད་བཅས་གནང་སོང་། གཞན། མི་མང་ལ་བརྗོད་ཚིག་འདྲ་མིན་འཁོད་པའི་སྟོད་ཐུང་རིན་མེད་ཐོག་འགྲེམས་སྤེལ་བཅས་གནང་སོང་།

སྐབས་དེར་འཕྲོད་བསྟེན་དྲུང་ལགས་ཀྱིས། “དེ་རིང་ང་ཚོ་འཛོམས་དགོས་པ་དེ་རྒྱལ་སྤྱིའི་མནར་གཅོད་ཉིན་མོ་སྲུང་གཙི་ཞུ་བཞིན་ཡོད་པ་རེད། སྤྱིར་བཏང་མནར་གཅོད་ལ་རིགས་འདྲ་མིན་ཞིག་ཡོད་ཀྱང་།  ང་ཚོས་སྲུང་གཙི་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་ང་ཚོའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྡུག་སྦྱོང་མནར་གཅོད་གཏོང་གི་ཡོད” ཅེས་བརྗོད་སོང་། ཁོང་གིས་ ༢༠༡༣ ལོའི་ནང་རྒྱལ་སྤྱིའི་མནར་གཅོད་མྱོང་མཁན་བསྐྱར་གསོ་ལྷན་ཁང་གི་ལས་འགུལ་གཙོ་བོའི་བརྗོད་གཞི་༼བསྐྱར་གསོ་རང་དབང༽ སྐོར་གྱི་གཏམ་བཤད་སྤེལ་ནང “ དེ་རིང་ ༢༠༡༣ ལོའི་ཟླ་ ༦  པའི་ཚེས་ ༢༦ ཉིན་ནས་བཟུང་ང་ཚོས་རྡོག་རྩ་གཅིག་སྒྲིལ་གྱིས་ཡར་ལངས་ཏེ་འཛམ་གླིང་ཡོངས་ལ་མནར་གཅོད་ནི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བ་ཞིག་ཡིན་པར་དྲན་སྐུལ་བྱེད་ཀྱི་ཡོད་པ་དང་། མནར་གཅོད་མྱོང་མཁན་ཚང་མར་རང་དབང་བསྐྱར་གསོ་ངེས་པར་ཡོད་དགོས་ཤིང་། ཁོང་ཚོ་ལ་ཁ་ཡོད་ལག་ཡོད་ཀྱི་སྟེང་ནས་ལུས་སེམས་སྨན་བཅོས་དང་རྒྱུན་སྤྱོད་མཁོ་དངོས་སོགས་ཀྱི་རོགས་སྐྱོར་གནང་དགོས” ཞེས་བཀོད་འདུག

དགུ་བཅུ་གསུམ་དྲུང་ཆེ་གངས་ལྷ་མོ་ལགས་ཀྱིས། ཁ་བ་གངས་ཅན་པའི་མི་རིགས་འདི་རྒྱ་ནག་དྲག་པོའི་བཙན་འཛུལ་འོག་འཇམ་རྩུབ་གཉིས་སྣ་མང་གི་མནར་གཅོད་མྱོང་བཞིན་པའི་མི་རིགས་ཤིག་དང་། བོད་ཆོལ་གསུམ་ཡོངས་རྫོགས་བཙོན་རྭ་ཆེན་མོ་ཞིག་རེད་ཅེས་བཤད་ན་མི་འགྲིག་རྒྱུ་གང་ཡང་མེད་སྐོར་དང་། བོད་མི་ཚོས་བོད་པའི་རང་དབང་འཐབ་རྩོད་དོན་དུ་རྒྱ་ནག་དམར་གཞུང་ལ་ངོ་རྒོལ་བྱས་པའི་སྐོར་ལ་བརྗོད་དོན། “ ༡༩༥༩ ནས་ ༢༠༡༣ ལོའི་བར་བོད་མི་རིགས་འདིས་རྒྱལ་གཅེས་ཀྱི་འོས་ལངས་ཆེན་པོ་ཐེངས་ ༤ ཙམ་བྱུང་ཡོད། དེའང་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་ཆོལ་གསུམ་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་འོས་ལངས་བྱས་པ་དང་། ༡༩༨༧ ནས་ ༡༩༨༩ ལོའི་བར་ལོ་གསུམ་རིང་བོད་རིགས་སེར་སྐྱ་མི་མང་གིས་འོས་ལངས་བསྟུན་མར་བྱས་པ་ནི་བོད་མི་རིགས་ཀྱི་སྙིང་སྟོབས་དང་དཔའ་ངར་མཚོན་ཐུབ་པ་དང་། ༢༠༠༨ ལོར་མདོ་སྟོད་སྨད་གཙོས་བོད་ས་ཡོངས་སུ་གཅིག་རྗེས་གཉིས་མཐུད་ཀྱིས་རྒྱ་ནག་དྲག་པོའི་མནར་གཅོད་དང་གདུག་རྩུབ་ལ་སྤོབས་པ་ཞུམ་མེད་པའི་སྒོ་ནས་ངོ་རྒོལ་ལུས་འགུལ་སྤེལ་ཡོད་ཅེས་བརྗོད་སོང་།

ཁོ་མོས་མུ་མཐུད་དུ་བརྗོད་པར། རྒྱ་ནག་སྲིད་དབང་དྲག་འཛིན་པས་ཁོ་ཚོའི་དབང་བསྒྱུར་འོག་གནས་པའི་མི་མང་ཚང་མ་བདེ་སྐྱིད་ཀྱི་འཚོ་བ་དང་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད་པ་སོགས་ཧམ་བཤད་ཀྱིས་འཛམ་གླིང་མི་མང་བསླུ་བྲིད་དང་མགོ་སྐོར་གཏོང་ཐབས་སྣ་ཚོགས་བྱེད་བཞིན་ཡོད། དམར་པོའི་སྲིད་གཞུང་འོག་ཏུ་མི་མང་ལ་བདེ་སྐྱིད་དང་འཆམ་མཐུན་ཡོད་པར་རློམ་བཞིན་པའི་དུས་འདིར། བོད་ཆོས་ལྡན་གྱི་ཞིང་འདིར་སེར་སྐྱ་ཕོ་མོ་རྒན་གཞོན་མེད་པར་ད་བར་མི་གྲངས་ ༡༡༩ ཡིས་རང་གི་ལུས་སྲོག་བློས་གཏོང་གིས་རྒྱ་ནག་དམར་པོའི་གཞུང་གི་འུར་བརྗོད་ཀྱི་རྫུན་གཏམ་དེ་དག་རྩ་གཏོར་དུ་བཏང་ཟིན་ཡོད་པ་རེད་ཅེས་སོགས་བརྗོད་བྱུང་།

མཐའ་མར། ཆབ་སྲིད་བཙོན་ཟུར་རྒན་བློ་བཟང་ཡོན་ཏན་ལགས་ཀྱིས་ཁོ་རང་གིས་མངོན་སུམ་དུ་མྱངས་པའི་གནས་ཚུལ་སྐོར་དང་། རྗེས་སུ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་ཀྱི་མི་ཚེའི་བསམ་བློ་འགྱུར་བ་འགྲོ་སྟངས་སྐོར་སོགས་བཤད་སོང་།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་ནན་མོ་བྱས་འདུག

ཆུ་ཚོད་ ༢༢ སྔོན་ལ།
TT
Mobile App

ཨ་ཀྱཱ་རིན་པོ་ཆེ་མཆོག་དང་བློ་བཟང་བྱང་ཆུབ་འོད་ཟེར་མཆོག་རྣམ་གཉིས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩

མཆན། 2

  1. གནས་ཚང་། says:
    ལོ་ 13 སྔོན།

    རང་དབང་བསྐྱར་གསོ་ཡོང་ས་མ་རེད། ཕྱི་ཟླ ༥ཚེས༨ཉིན། སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ཁག་ཅིག་ལ་གཏམ་བཤད་སྤེལ་སྐབས། ཁས་ལེན་གསུམ་གནང་འདུག ༡ གུང་ཁྲན་ཏང་གི་དབུ་ཁྲིད་ངོས་ལེན་གྱིས་མང་གཙོ་རྩོད་ཀྱི་མིན། ༢ རང་སྐྱོང་དེའང་དུས་བཀག་ནང་ག་ལེར་སྤྲད་ཆོག ༣ བོད་ནང་དམག་མི་ག་ཚད་འཇོག་མིན་དབུས་གཞུང་གི་ཐག་གཅོད་གནང་ཆོག

    Reply
  2. བསེ་རུ། says:
    ལོ་ 13 སྔོན།

    མནར་གཅོད་མྱངས་ཟིན་པའི་བཙོན་ཟུར་ཞིག་གིས།

    ལུས་སེམས་གཉིས་ཀའི་མནར་གཅོད་མྱོང་བ་པོ།།
    གངས་ཅན་བོད་འབངས་སྙིང་རྗེའི་ཡུལ་དུ་གྱུར།།
    ཞུ་འབོད་སྙན་ཞུ་བསྒྲགས་གཏམ་ལ་སོགས་པ།།
    སེམས་ཁམས་གསོ་བའི་སྨན་ཐུན་ཙམ་དུ་གྱུར།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese