མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཁབ་གསུམ་གྱིས་སྐྱབས་བཅོལ་ངོས་ལེན།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༥ ཉིན་ལྷོ་ཨ་མེ་རི་ཀའི་རྒྱལ་ཁབ་བྷོ་ལི་ཝེ་ཡཱ་ ( Bolivia) དང་ཝེ་ནེ་ཛུ་ལཱ་ ( Venezuela)། དེ་བཞིན། ནེ་ཁཱ་རཱ་གྷི་ (Nicaragua) གསུམ་གྱིས་ཨ་རིའི་གསང་བ་ཕྱིར་བསྒྲགས་བྱེད་མཁན་སི་ནོལ་ཌིན་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ངོས་ལེན་བྱེད་ཀྱི་ཡིན་པའི་ཁས་ལེན་བྱས་འདུག 

ཕྱི་ཚེས་ ༥ ཉིན་ཝེ་ནེ་ཛུ་ལཱའི་རང་བཙན་དུས་དྲན་ཉིན་མོར།  སྲིད་འཛིན་མཱ་ཌོ་རོབ་ (Nicola Maduro) ཀྱིས།  “ ངས་འགྲོ་བ་མིའི་བདེ་རྩའི་ངོ་བོའི་སྟེང་། ཨ་རིའི་གསང་བ་ཕྱི་བསྒྲགས་བྱེད་མཁན་སི་ནོལ་ཌིན་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་ངོས་ལེན་བྱེད་ཀྱི་ཡིན། ”ཞེས་བསྒྲགས་ཡོད་པ་དང་། དེ་བཞིན། ནེ་ཁཱ་རཱ་གྷིའི་སྲིད་འཛིན་ཨོར་ཊེ་གྷ་ཡིས་ཀྱང་ “ སྐུ་ཞབས་སི་ནོལ་ཌིན་ལགས་གནས་སྟངས་གཞན་ཞིག་གི་འོག་ནས་ནེ་ཁཱ་རཱ་གྷིའི་རྒྱལ་ཁོངས་སུ་བསླེབ་ཐུབ་པ་ཡི་ན། ང་ཚོས་ཁོང་ལ་སྐྱབས་བཅོལ་བར་ངོས་ལེན་དང་དགའ་བསུ་ཞུ་རྒྱུ་ཡིན” ཞེས་བརྗོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སྐུ་ཞབས་སི་ནོལ་ཌིན་གྱིས་ཡང་བསྐྱར་རྒྱལ་ཁབ་ ༦ ཙམ་ལ་སྐྱབས་བཅོལ་སྙན་ཞུ་ཕུལ་ཡོད་འདུག་ཀྱང་། ཨ་རིའི་གཞུང་གིས་གནོན་ཤུགས་སྤྲོད་པར་དོགས་ཏེ་རྒྱལ་ཁབ་གང་དག་ཡིན་མིན་གསལ་ཁ་མི་འདུག སི་ནོལ་ཌིན་གྱིས་ཨུ་རུ་སུའི་གཞུང་ལ་ཕུལ་བའི་སྐྱབས་བཅོལ་སྙན་ཞུ་ཕྱིར་འཐེན་བྱས་སྟབས། ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་གཞོན་པ་སེར་གྷེ( Sergey A Ryabkov) ཡིས་སི་ནོལ་ཌིན་གྱིས་ཨུ་རུ་སུའི་ས་ཐོག་ཏུ་སྐྱབས་བཅོལ་ཞུ་ཐབས་མེད་ཅིང་ཁོས་རང་ཉིད་འགྲོ་སའི་ཡུལ་ཞིག་གང་མགྱོགས་འདེམས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།

ཕྱི་ཚེས་ ༤ ཉིན་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ (Putin) གྱིས་འབྱུང་འགྱུར་ཕྱི་ཟླ་ ༩ པའི་ནང་སྲིད་འཛིན་པུ་ཊིན་གྱི་གཙོ་སྐྱོང་འོག ཨུ་རུ་སུའི་ནང་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་ཞིག་འཚོགས་འཆར་ཡོད་སྐོར་ཨ་རིའི་སྲིད་འཛིན་ཨོ་བྷ་མར་བཏང་ཡོད་ཀྱང་། ཨ་རིའི་གཞུང་གིས་སི་ནོལ་ཌིན་མུ་མཐུད་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་དུ་སྦས་སྐུང་བྱེད་བཅུག་པ་ཡིན་ན། ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཚོགས་བཅར་བྱེད་ཐབས་མེད་པའི་རྣམ་འགྱུར་བསྟན་ཡོད་འདུག

ཕྱི་ཟླ་ ༦ ནང་དབྱིན་ཇིའི་གྷ་ཌེན་ (The Guardian) གསར་འགོད་པ་གྷུ་ལུན་གྷི་རིན་ཝལ་ཌི་ ( Glenn Greenwald ) དང་གློག་བརྙན་བཟོ་སྐྲུན་པ་ལྕམ་ལོ་རཱ་ (  Laura Poitra) གཉིས་ཀྱིས་སི་ནོལ་ཌིན་ལ་བཅར་འདྲི་ཐེངས་གཉིས་པ་བྱས་པའི་བརྙན་པར་ཞིག ཕྱི་ཚེས་ ༨ ཉིན་གྷ་ཌེན་གསར་ཤོག་སྟེང་བཏོན་ཡོད་པའི་ནང་། སི་ནོལ་ཌིན་གྱིས། “ང་རང་ཨ་རིའི་གསང་བའི་ལས་དོན་གྱི་སྒྲིག་གཞི་དང་འགལ་ཡོད་ཀྱང་། ཨ་རིའི་གཞུང་གིས་མི་སྒེར་གྱི་རང་དབང་ལ་ཚད་འཛིན་བྱེད་ཀྱི་ཡོད་སྟབས་ངས་གསང་བ་ཕྱིར་བསྒྲགས་བྱས་པ་ཡིན། ཨ་རིའི་གཞུང་གིས་ངས་ནག་ཉེས་ཆེན་པོ་ཞིག་བཟོས་ཡོད་པར་ངོས་འཛིན་དང་། ཨ་རིའི་དགྲ་བོ་ཚོར་ཨ་རིའི་གསང་བའི་གནས་ཚུལ་ཧ་གོ་བཅུག་པར་རོགས་རམ་བྱས་ཚུལ་བརྗོད་ཀྱི་ཡོད་ཀྱང་། ཨ་རིའི་གཞུང་གིས་མི་མང་ས་ཡ་མང་པོའི་ཁ་པར་དང་གློག་འཕྲིན་ཡིག་ཚགས་བཅས་ལ་ལྐོག་མྱུལ་བྱེད་ཀྱིན་ཡོད་པ་དེ་སུ་ཞིག་གིས་ཕྱི་བསྒྲགས་བྱས་ཀྱང་། ཨ་རིའི་གཞུང་གིས་མི་དེར་ནག་ཉེས་འཛུགས་རྒྱུ་ཡིན་པ་གསལ་བོ་རེད། ཨ་རིའི་རྒྱལ་ཁབ་འདི་གཞི་རྩའི་ཡག་པོ་ཡོད་ཀྱང་། དེང་སང་ཨ་རིའི་གཞུང་གིས་གཞུང་གི་དམིགས་ཡུལ་བསྒྲུབ་ཆེད་འགྲོ་སོང་ཚད་མེད་བཏང་སྟེ་མི་མང་གི་རང་དབང་ལ་ཚོད་འཛིན་བྱེད་ཀྱི་ཡོད་པ་རེད། ”ཅེས་བརྗོད་ཡོད་འདུག

ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་གསུམ་གྱིས་སི་ནོལ་ཌིན་ལ་ཆབ་སྲིད་ཀྱི་སྐྱབས་བཅོལ་བར་ངོས་ལེན་བྱ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་ཀྱང་། ཨུ་རུ་སུའི་གཞུང་གིས་སི་ནོལ་ཌིན་ཨུ་རུ་སུའི་རྒྱལ་སྤྱིའི་གནམ་ཐང་ནས་ཕྱིར་སྐྱོད་ལ་རྒྱབ་སྐྱོར་མ་བྱས་ཚེ། ཁོ་རང་མུ་མཐུད་ལྷག་རྒྱུ་ཡིན་པ་དང་། གལ་སྲིད་ཨུ་རུ་སུའི་གཞུང་གིས་སི་ནོལ་ཌིན་ཕྱི་ལོགས་སུ་འགྲོ་རུ་བཅུག་པ་ཡིན་ན། ཨ་རི་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་ངེས་ཡིན་པར་ཚོད་དཔག་བྱེད་ཀྱིན་ཡོད།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༢༠ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese