མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨན་རྩིས་ཁང་བཙུཊ་ཏེ་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་བྱེད་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་དབུས་སྨན་རྩིས་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཕྱི་ལོ་ ༢༠༡༦ ཟླ་ ༣ པ་ནས་བཟུང་༧གོང་ས་བཅུ་གསུམ་པ་ཆེན་པོ་མཆོག་གིས་སྨན་རྩིས་ཁང་གསར་འཛུགས་གནང་སྟེ་ལོ་ ༡༠༠ འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུ་ཡིན་ཟེར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༢ སྟེང་ངྷ་རམ་ས་ལའི་དབུས་སྨན་རྩིས་ཁང་གི་ཚོགས་ཁང་དུ་དབུ་ལས་སློབ་ཕྲུག་དང་། གསར་འགོད་པ་བཅས་ལྷན་འཛོམས་ཐོག སྨན་རྩིས་ཁང་གི་དབུ་འཛིན་བཀྲ་ཤིས་ཚེ་རིང་དང་དྲུང་ཆེ་ཚེ་རིང་ཕུན་ཚོགས་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འབྱུང་འགྱུར་ ༢༠༡༦ ལོའི་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ནས་བཟུང་ལོ་གཅིག་ཧྲིལ་བོར། རྒྱ་གར་གཙོས་རྒྱལ་ཁབ་ཁ་ཤས་ཀྱི་གྲོང་ཁྱེར་ནང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གིས་ ༡༩༡༦ ལོར་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་ཐོག་མར་གསར་འཛུགས་གནང་སྟེ་ལོ་ ༡༠༠ འཁོར་པའི་དུས་དྲན་རྒྱ་ཆེན་པོ་ཞིག་སྲུང་གཙི་བྱ་འཆར་ཡོད་པ་དང་། དུས་དྲན་དེའི་ལས་རིམ་ནང་གཙོ་བོ་སྨན་རྩིས་ཁང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་རིང་གི་གནས་ཚུལ་དང་དར་རྒུད་ཅི་བྱུང་། ༧སྐུའི་བླ་སྨན་ཞིང་གཤེགས་པ་བསྟན་འཛིན་ཆོས་གྲགས་དང་བླ་སྨན་བློ་བཟང་དབང་རྒྱལ་སོགས་ཀྱིས་རྒྱ་དམར་གྱི་བཙོན་འོག་ནས་དཀའ་སྡུག་མནར་གཅོད་མྱངས་པའི་ལོ་རྒྱུས་ཁྱབ་བསྒྲགས། ལྷ་ས་སྨན་རྩིས་ཁང་དང་ངྷ་ས་སྨན་རྩིས་ཁང་གཉིས་ཀྱི་ཐོན་དངོས་སྨན་དང་དཔེ་དེབ་རིགས་འགྲེམས་སྟོན་བཅས་ནང་རྒྱུ་ཡིན་འདུག  

དུས་དྲན་དེའི་ཆེད་གྲ་སྒྲིག་ཚོགས་ཆུང་འཛུགས་ཕྱོགས་སྐོར་བཀོད་དོན། “གཞི་རྒྱ་ཆེ་ལ་གལ་གནད་ཆེ་བའི་ལས་འགུལ་འདིར་ཚོགས་ཆུང་བཞི་སྟེ། ལས་འགུལ་ཚོགས་ཆུང་དང་འབྲེལ་མཐུད་ཚོགས་ཆུང་། འཛིན་སྐྱོང་ཚོགས་ཆུང་། དངུལ་རྩིས་ཚོགས་ཆུང་བཅས་རིམ་བཞིན་ཆེད་འཛུགས་དང་། ལྷ་ས་སྨན་རྩིས་ཁང་ལ་རམ་འདེགས་བྱ་རྒྱུ། སྨན་རྩིས་ཁང་དབུ་བརྙེས་ཏེ་ལོ་ངོ་བརྒྱ་ཐམ་པ་འཁོར་བའི་དུས་དྲན་སྲུང་གཙི་ཞུ་རྒྱུའི་དགོས་དངུལ་ས་བོན་དུ། སྨན་རྩིས་ཁང་གི་ལས་བྱེད་དང་ལས་མི་སོ་སོའི་ཕོགས་གླ་ནས་ཆུ་ཚོད་ ༡༠༠ འབབ་དངུལ་ཞལ་འདེབས་འབུལ་གནང་ཡོང་བའི་རེ་སྐུལ་དང་། སྨན་དང་སྐར་རྩིས་སློབ་ཕྲུག་ཚོའི་ངོས་ནས་སྨན་སྦྱོར་ཁང་ངམ་ལས་ཡུལ་གཞན་དུ་ཆུ་ཚོད་ ༡༠༠ པའི་ཞབས་ཞུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་ཡིན་”ཞེས་འཁོད་འདུག

ཡང་གསར་འགོད་གསལ་བསྒྲགས་དེར་ “༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་རྒྱལ་ས་ལྷ་སར་སྨན་རྩིས་ཁང་གསར་འཛུགས་གནང་སྟེ། སྐུའི་བླ་སྨན་དང་སྤྱི་ཁྱབ་མཁན་པོ་གཅིག་ལྕོགས་གནང་མཁན་མི་རྗེ་བཀྲས་ཁང་དངོས་གཞི་བྱམས་པ་ཐུབ་དབང་གི་དངོས་སློབ་མཁྱེན་རབ་ནོར་བུ་མཆོག་སྨན་རྩིས་དང་ལྕགས་པོ་རི་རིག་བྱེད་གྲྭ་ཚང་གཉིས་ཀའི་འགན་འཛིན་གཅིག་ལྕོགས་གནང་དགོས་པའི་ཕྱག་རྟགས་ཕེབས། ༡༩༤༧ ལོར་ཐེངས་ལྔ་བའི་སློབ་མ་བསྡུ་རྒྱུའི་གསལ་བསྒྲགས་བསྐྱངས་ཏེ། མདོ་དབུས་ཁམས་གསུམ་ནས་སློབ་ཕྲུག་བསྡུས་པའི་ཐོག འབྲུག་དང་ལ་དྭགས་སོགས་ནས་ཀྱང་བསྡུས་ཡོད”ཅེས་བཀོད་འདུག

གསར་འགོད་གསལ་བསྒྲགས་དེར་མུ་མཐུད་ལྷ་ས་སྨན་རྩིས་ཁང་དང་བཙན་བྱོལ་དུ་བཙུགས་པའི་སྨན་རྩིས་ཁང་གཉིས་ཀྱི་སྐོར་ལ་ “༧གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་བོད་མི་ཁྲི་ཕྲག་ཁ་ཤས་བོད་དུ་བཞུགས་མ་ཐུབ་པར་ཁྱིམ་མཚེས་རྒྱ་གར་དང་བལ་ཡུལ། འབྲུག འབྲས་ལྗོངས་སོགས་སུ་བཙན་བྱོལ་དུ་ཕེབས་རྗེས་རྒྱ་དམར་གཞུང་གིས་སྨན་རྩིས་ཁང་གི་རྗེས་ཤུལ་ཙམ་ཡང་ལྷག་མེད་བཟོ་འཆར་གྱིས། ༡༩༧༠ ལོར་སྨན་རྩིས་ཁང་དུ་གྲོང་ཁྱེར་མི་དམངས་སྨན་ཁང་སྤོ་རྒྱུ་དང་། མཁས་དབང་མཁྱེན་རབ་ནོར་བུའི་བཞུགས་གནས་སྤོར་དགོས་པ་བཟོས་ཡོད་ཀྱང་། ལྷ་ས་སྨན་རྩིས་ཁང་དུ་ནད་བསྟེན་གཏུག་བྱེད་མཁན་མང་པོ་བྱུང་བའི་དབང་གིས་འགྱུར་ལྡོག་གཏོང་མ་ཐུབ་པར་ད་བར་མུ་མཐུད་འཛིན་སྐྱོང་བྱེད་དགོས་བྱུང་ཡོད། ༡༩༦༡ ཟླ་ ༣ ཚེས་ ༢༣ ཉིན་ངྷ་སར་སྨན་རྩིས་ཁང་བསྐྱར་འཛུགས་དང་། སྨན་པའི་ཐུགས་འགན་བླ་སྨན་ཡེ་ཤེས་དོན་ལྡན་གྱིས་གནང་སྟེ་སྨན་རྒྱུའི་མ་རྩ་སྐུ་སྒེར་ཡིག་ཚང་ནས་གསོལ་བསྩལ་གྱིས་རྒྱུན་བཀོལ་སྨན་སྣ་གྲངས་འགའ་སྡེབས་སྦྱོར་དང་། རྡོ་གཞོང་ཆུང་ངུ་ཞིག་གི་ནང་བརྡུང་སྦྱོར་བྱས་ནས་ནད་པར་སྨན་སྦྱིན་གནང་མགོ་ཚུགས་”ཞེས་གསལ་འདུག

ངྷ་ས་སྨན་རྩིས་ཁང་འདི་ཉིད་རྒྱ་གར་གཞུང་གིས་སྨན་སྦྱོར་ཆོག་མཆན་ཇི་ལྟར་ཐོབ་པའི་སྐོར་བཀོད་དོན། “༡༩༦༣ ལོར་རྒྱ་གར་དབུས་གཞུང་འཕྲོད་བསྟེན་ལྷན་ཁང་ནས་རྟོགས་ཞིབ་ཆེད་རྒྱ་གར་ཚེ་ཡི་རིག་བྱེད་ལ་མཁས་པ་སྨན་པ་ཌ་ཤཱི་(Dr. Baghwan Dash) ཟེར་པ་ངྷ་སར་ཆེད་གཏོང་གིས་རྒྱ་གར་ས་ཐོག་ཏུ་དབུས་འཕྲོད་བསྟེན་ལྷན་ཁང་གི་ཆོག་མཆན་མེད་པར་བོད་སྨན་ལག་ལེན་མི་ཆོག་པར་བཤད་ཀྱང་། རིམ་བཞིན་བོད་སྨན་གྱིས་མི་དམངས་ལ་ཕན་ནུས་ཅི་འདྲ་ཡོད་མེད་ཕྱི་ནང་གསང་གསུམ་གྱི་ལམ་ནས་ཉམས་སད་དང་ཚོད་ལྟ། འདྲི་རྩད་སྔ་ཕྱིར་གནང་མཐར་བོད་སྨན་འདི་ལོ་རྒྱུས་ཁུངས་བཙན་པ་དང་། ཚན་རིག་དང་མཐུན་པའི་རིག་གཞུང་ཚད་ལྡན་ཞིག་ཡིན་པ་ཤེས་རྟོགས་དང་། ཡིད་ཆེས་ངེས་པ་རྙེད་དེ་ཆོག་མཆན་ཐོབ་པ་མ་ཟད། རྒྱ་གར་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་ཉམ་ཐག་ནད་པ་རྣམས་ཀྱི་ཆེད་ནད་པ་བཅུའི་ཉལ་ཁྲི་དང་ཉལ་ཆས། བཤག་བཅོས་ཡོ་བྱད། ནད་གཡོག་གཅིག་དང་མ་བྱན་གཅིག་གི་གྲོན་དངུལ་བཅས་མཐུན་འགྱུར་གནང་”ཞེས་གསལ་འདུག

གསར་འགོད་པས་དབུ་འཛིན་བཀྲ་ཤིས་ཚེ་རིང་ལགས་སུ་ལྷ་སའི་སྨན་རྩིས་ཁང་ལ་རམ་འདེགས་ཅི་ལྟར་གནང་འཆར་ཡོད་མེད་དྲིས་པར་ཁོང་གིས། དུས་དྲན་དེ་ཉིད་ཧ་ཅང་གལ་ཆེན་པོ་ཡིན་སྟབས་ལྷ་ས་སྨན་རྩིས་ཁང་ནས་ཀྱང་དུས་དྲན་སྲུང་གཙི་བྱ་ངེས་པ་དང་། དེར་ཁོང་ཚོའི་ངོས་ནས་རམ་འདེགས་གང་དགོས་ཞུ་འཆར་ཡོད་ཚུལ་དང་། སྨན་རྩིས་ཁང་དང་དུས་དྲན་སྲུང་གཙི་ནི་ཆབ་སྲིད་དང་འབྲེལ་བ་མེད་སྟབས། དུས་དྲན་གོ་སྒྲིག་དང་དུས་དྲན་སྲུང་གཙི་སོགས་ཀྱི་ཐད་ཕན་ཚུན་བར་གོ་བསྡུར་དང་སྨན་པ་གདན་ཞུ་ཡོང་ཐབས་ལ་འབད་བརྩོན་བྱ་འཆར་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    སྨན་རྩིས་ཁང་ལོ་་བརྒྱ་འཁོར་བར་འཚམས་འདྲི་གྲངས་མེད་ཡོད །རང་ལ་མཚོན་ན་ཁྱེད་ཀྱིས་དཀའ་དྲིན་དེ་ནམ་ཡང་བརྗེད་མི་སྲིད།
    བོད་གཞུང་སྨན་རྩིས་ཁང་གི་བྱམས་སེམས་དེ་འགྲོ་བ་ཡོངས་ལ་ཁྱབ་པའི་བཀྲིས་སྨོན་ལམ་ཡང་ཡང་ཞུ །

    Reply
  2. བོད་དགའ། says:
    ལོ་ 13 སྔོན།

    རྒན་རབས་ཚོའི་མཛད་རྗེས་ལ་དྲན་གསོ་དང་ཕ་མེས་ཀྱི་རིག་གཞུང་བདག་པོ་གནང་བར་ཡག་པོ་རེད། འོན་ཀྱང་གསར་བསྒྲགས་འདིའི་ནང་གོང་འོག་གབ་མི་འཐུག་པ་འདྲ་བོ་ཞིག་གསུངས་འདུག མ་གཞི་བཙན་བྱོལ་བའི་ལས་འགུལ་སྤེལ་སྟངས་འདི་འདྲ་ཞིག་ཡིན་པ་འདྲ།

    གོང་འཁོད་ “༧སྐུའི་བླ་སྨན་ཞིང་གཤེགས་པ་བསྟན་འཛིན་ཆོས་གྲགས་དང་བླ་སྨན་བློ་བཟང་དབང་རྒྱལ་སོགས་ཀྱིས་རྒྱ་དམར་གྱི་བཙོན་འོག་ནས་དཀའ་སྡུག་མནར་གཅོད་མྱངས་པའི་ལོ་རྒྱུས་ཁྱབ་བསྒྲགས།” ཞེས་དང་།

    ཡང་འོག་ནས། “སྨན་རྩིས་ཁང་དང་དུས་དྲན་སྲུང་གཙི་ནི་ཆབ་སྲིད་དང་འབྲེལ་བ་མེད་སྟབས། དུས་དྲན་གོ་སྒྲིག་དང་དུས་དྲན་སྲུང་གཙི་སོགས་ཀྱི་ཐད་ཕན་ཚུན་བར་གོ་བསྡུར་དང་སྨན་པ་གདན་ཞུ་ཡོང་ཐབས་ལ་འབད་བརྩོན་བྱ་འཆར་ཡོད། ”
    གླན་པ་ང་ནི་ང་ནི་མགོ་འཐོམས་སོང་།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    2016ལོར་གོང་ས་བཅུ་གསུམ་པ་ཨེ། བཅུ་བཞི་བ་ཅི་ཞིག་བྱེང་རྩིས་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese