མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཝ་སི་ཝཱ་ནེའི་འཁྲུངས་སྐར་ལ་བགྲོ་གླེང་གནང་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་རྒྱ་གར་ཧིན་རྡུའི་རྣལ་འབྱོར་པ་ཆེ་མོ་ཝ་སི་ཝཱ་ནེ་དང་༧གོང་ས་མཆོག རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེར་ཁན་གསུམ་གྱིས་ལྷན་འཛོམས་བགྲོ་གླེང་གནང་རྒྱུ་ཡིན་འདུག

ཕྱི་ཚེས་ ༢༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩།༣༠ སྟེང་། ༧གོང་ས་མཆོག་རྒྱ་གར་གྱི་མ་ཧ་རཱ་ཤཱི་ཊི་རཱ་(MP) མངའ་སྡེའི་གྲོང་ཁྱེར་པུ་ནེ་(Pune) ནང་རྟེན་གཞི་བྱས་པའི་ཧིན་རྡུ་རྣལ་འབྱོར་ཝ་སི་ཝཱ་ནེ་ལྟེ་གནས་ཁང་(Sadhu Vaswani Mission) གི་གོ་སྒྲོག་འོག ལྟེ་གནས་ཁང་དེའི་དབུ་འཛིན་རྣལ་འབྱོར་པ་ཆེ་མོ་ཝ་སི་ཝཱ་ནེ་(Dada J.P vaswani)མཆོག་དགུང་གྲངས་ ༩༥ ལ་ཕེབས་པའི་འཁྲུངས་སྐར་མཛད་སྒོར་ཆིབས་བསྒྱུར་བསྐྱངས་ཏེ། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེར་ཁན་(Aamir Khan) གྱིས་མདོ་འཛིན་འོག ༧གོང་ས་མཆོག་དང་ཧིན་རྡུའི་རྣལ་འབྱོར་བ་ཆེ་མོ་ཝ་སི་ཝཱ་ནེ་མཆོག་བཅས་ཀྱིས་བགྲོ་གླེང་ཞིག་གནང་གཏན་འཁེལ་འདུག བགྲོ་གླེང་དེ་(༧གོང་ས་མཆོག་གི་དྲ་ཚིགས)འདི་བརྒྱུད་ཐད་གཏོང་བྱེད་རྒྱུ་ཡིན་འདུག

གསར་འགོད་པས་ཁ་པར་བརྒྱུད་སྐུ་སྒེར་ཡིག་ཚང་ལ་ཉིན་དེའི་བགྲོ་གླེང་བརྗོད་གཞི་གང་ཡིན་དང་། པུ་ནེ་ནང་གི་མཛད་རིམ་སྐོར་དྲིས་པར། ༧གོང་ས་མཆོག་ཕྱི་ཚེས་ ༢༥ ཉིན་གྱི་ཉིན་རྒྱབ་མོན་གྷོ་ཌི་ནས་པུ་ནེ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱངས་ཏེ། ཉིན་འདི་འགའི་རིང་གྲོང་ཁྱེར་དེར་ཡོད་པའི་ནང་པ་ཚོས་གསོལ་འདེབས་ཞུས་པ་ལྟར། བླང་དོར་བཀའ་སློབ་གནང་བཞིན་ཡོད་པ་དང་། གཟའ་ཉི་མའི་ཉིན་ཧིན་རྡུ་རྣལ་འབྱོར་པ་ཆེ་མོ་ཝ་སི་ཝཱ་ནེ་མཆོག་དགུང་གྲངས་ ༩༥ ཕེབས་པའི་འཁྲུངས་སྐར་ལ་གདན་ཞུ་གནང་ཡོད་པ་ལྟར་ཆིབས་བསྒྱུར་གནང་གི་ཡོད་པ་ལས། བྱེ་བྲག་མཛད་རིམ་ཅི་ཡིན་གསལ་ཁ་བྱུང་མི་འདུག

ཧིན་རྡུའི་རྣལ་འབྱོར་པ་ཝ་སི་ཝཱ་ནེ་ཡི་འཁྲུངས་སྐར་ཉིན་མོ་ནི་ཕྱི་ཟླ་ ༨ ཚེས་ ༢ ལ་འཁེལ་ཡོད་ཀྱང་། འཁྲུངས་སྐར་གྱི་མཛད་རིམ་ཕྱི་ཚེས་ ༢༨ ཉིན་ནས་དབུ་འཛུགས་ཀྱིས་ཉིན་ ༦ རིང་གཏོང་འཆར་ཡོད་པ་དང་། དེའི་རིང་བསམ་བློ་དང་སྤྱི་ཚོགས། འཕྲོད་བསྟེན། བྱམས་བརྩེ། བྱིས་པའི་བདེ་སྡུག་སོགས་བརྗོད་གཞི་འདྲ་མིན་ཐོག མཁས་དབང་དང་གནད་ཡོད་མི་སྣ་གདན་འདྲེན་གྱིས་བགྲོ་གླེང་གནང་རྒྱུ་ཡིན་འདུག

སྐུ་སྒེར་དྲུང་ཆེ་འཆི་མེད་རིག་འཛིན་ལགས་ཀྱིས། ཝ་སི་ཝཱ་ནེ་ཡི་འཁྲུངས་སྐར་མཛད་སྒོའི་རྗེས་སུ། ཉིན་དེའི་ཕྱི་དྲོར་༧གོང་ས་མཆོག་པུ་ནེ་ནས་ལྡི་ལི་དང་། ཕྱི་ཚེས་ ༢༩ ཉིན་གྱི་ཞོགས་པར་ལྡི་ལི་ནས་ལ་དྭགས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་ཡིན་སྐོར་གསུངས་བྱུང་།

ཧིན་རྡུ་རྣམ་འབྱོར་པ་ཆེ་མོ་ཝ་སི་ཝཱ་ནེ་མཆོག་ནི་ ༡༩༡༨ ཟླ་ ༨ ཚེས་ ༢ ཉིན་འཁྲུངས་པ་དང་། ཁོང་གིས་སོ་སོའི་ཚན་རིག་པའི་ལམ་ཁ་དེ་དོར་ཏེ། རྣམ་འབྱོར་པ་ཆེ་མོ་ཊི་ཨལ་ཝ་སི་ཝཱ་ནེ་(T.L Vaswani) ཡི་རྗེས་འབྲང་རྒྱ་གར་གྱི་བསམ་བློའི་དབུ་ཁྲིད་དང་ལྷག་པར་དུ་རྣལ་འབྱོར་པའི་ཁྲོད་ཀྱི་མི་སྣ་རླབས་ཆེན་ཞིག་ཆགས་ཡོད་འདུག་ལ། ཝ་སི་ཝཱ་ནེ་མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆོས་ལུགས་ཚོགས་ཆེན་སོགས་རྒྱལ་སྤྱིའི་སྟེང་གི་ཆོས་ལུགས་ཚོགས་ཆེན་འདྲ་མིན་ནང་ཕེབས་ཏེ་གསུང་བཤད་གནང་ཡོད་པ་དང་། ཡུ་ཐན་ཊི་ཞི་བདེ་གཟིངས་རྟགས་(U Thant Peace Award) ཐོབ་མྱོང་ཞིང་། ད་ཆར་ཁོང་ལ་དཔེ་དེབ་ ༧༥ ཙམ་ཡོད་པ་དག་སྐད་རིགས་འདྲ་མིན་ནང་པར་སྐྲུན་བྱས་ཡོད་འདུག

རྣལ་འབྱོར་པ་ཁོང་དུས་རྒྱུན་ཉམས་ཆུང་ཞི་ཞིང་དུལ་བ་ཞིག་ཡིན་པ་མ་ཟད། མི་དམངས་དཀྱུས་མ་ལྟར་ཕེབས་བཞུགས་གནང་མཁན་ཞིག་ཡིན་ཞིང་། ༧གོང་ས་མཆོག་དང་ཕན་ཚུན་དུས་ཡུན་རིང་པོ་ནས་རྒྱུས་ཡོད་གྲོགས་པོ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༩ སྔོན་ལ།
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དྲ་བརྙན་ཚན་པའི་ཐད་གཏོང་ལས་བླངས། ༢༠༢༣། ༩ ། ༢༠
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་སྤྱི་མོས་གཏན་འབེབས་གནང་། 

༢༠༢༣/༠༩/༢༠
གྲོས་ཚོགས་ཚོགས་དུས་དྲུག་པ། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་སྤྱི་འཐུས་མང་པོས་ཆ་ཤས་བླངས་སོང་།

༢༠༢༣/༠༩/༡༩
གཞི་རིམ་མི་མང་གིས་རེ་འབོད་ལས་འགུལ་སྤེལ་བའི་ཡུལ་དངོས།  ༢༠༢༣ ། ༩ ། ༡༩ བོད་ཀྱི་དུས་བབ་ཀྱི་པར།
Mobile App

གཞི་རིམ་མི་མང་ལྔ་བརྒྱ་ལྷག་གིས་ཞི་བའི་ལས་འགུལ་སྤེལ་གྱིན་འདུག 

༢༠༢༣/༠༩/༡༩
གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་། ཕྱི་ལོ་ ༢༠༢༣ ཟླ་ ༩ ཚེས་ ༡༩ ཉིན། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས།
Mobile App

སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

༢༠༢༣/༠༩/༡༩

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ༧གོང་ས་མཆོག་དང་། ཧིན་རྡུའི་རྣལ་འབྱོར་བ་ཆེ་མོ་ཝ་སི་ཝཱ་ནེ་མཆོག་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཨ་མེར་ཁྰན་བཅས་ཁྱེད་གསུམ་གར་༸སྐུ་ཚེ་ཡུན་བརྟན་པའི་སྨོན་ལམ་ཡོད་ལགས།། །།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་ ༧གོང་ས་མཆོག་དང་ཧིན་རྡུའི་རྣལ་འབྱོར་བ་ཆེ་མོ་ཝ་སི་ཝཱ་ནེ་མཆོག་བཅས་ཀྱིས་བགྲོ་གླེང་ཞིག་གནང་གཏན་འཁེལ་འདུག བགྲོ་གླེང་དེ་(༧གོང་ས་མཆོག་གི་དྲ་ཚིགས)འདི་བརྒྱུད་ཐད་གཏོང་བྱེད་རྒྱུ་ཡིན་འདུག ་་་་་་་་

    Reply
  3. རྩྭ་ཐང་གི་གླག་རྒོད། says:
    ལོ་ 10 སྔོན།

    རྟེན་འབྲེལ་ཞུ་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist