མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དུས་རབས་ཀྱི་རྔ་སྒྲ།

བོད་ཀྱི་དུས་བབ།
༢༠༡༣/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སའི་ནང་བསྟན་སྲི་ཞུ་ཁང་གིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་བོད་པའི་སློབ་གསོའི་ལས་དོན་ཐོག་གཏམ་བཤད་གནང་བའི་སྒྲ་ཡིག་ཐོག་ཏུ་ཕབ་པའི་དཔེ་དེབ་ཞིག་དཔར་འགྲེམས་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠ སྟེང་། ངྷ་རམ་ས་ལའི་ནང་བསྟན་སྲི་ཞུ་ཁང་གིས་ ༢༠༠༩ ལོར་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་མདོ་སྨད་མགོ་ལོག་ས་ཁུལ་གྱི་དགེ་རྒན་ཁག་ཅིག་ལ་ “དགེ་རྒན་གྱི་བསླབ་བྱ་དང་། སྲོལ་རྒྱུན་གྱི་བོད་ཡིག་སློབ་སྟངས “ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་པ་དེ། མདོ་ཁམས་རི་བོ་ཆེ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་ཡིག་ཐོག་ཏུ་ཕབ་སྒྲིག་གནང་སྟེ་ནང་བསྟན་སྲི་ཞུ་ཁང་གིས་དེབ་གཟུགས་སུ་དཔར་བསྐྲུན་བྱས་པ་༼དུས་རབས་ཀྱི་རྔ་སྒྲ༽ཞེས་པའི་དེབ་དེ་དབུ་འབྱེད་གནང་སོང་།

དཔེ་དེབ་དབུ་འབྱེད་ཐོག་སྲི་ཞུ་ཁང་གི་འགན་འཛིན་ཧྥ་རན་སི་ནས་ཡིན་པ་ངག་དབང་འཕྲིན་ལས་ལགས་དང་། སྒྲ་ཕབ་སྒྲིག་གནང་མཁན་མདོ་ཁམས་རི་བོ་ཆེ་ངག་དབང་ཚུལ་ཁྲིམས་ལགས། དེ་བཞིན་རྫ་ཚེ་རིང་བཀྲ་ཤིས་ལགས་བཅས་ཀྱིས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གི་ཟབ་ཅིང་རྒྱ་ཆེ་བའི་བཀའ་དགོངས་དང་། ཐེངས་འདིར་དཔར་འགྲེམས་གནང་བའི་དཔེ་དེབ་དེའི་དགེ་མཚན་སྐོར་ལ་གཏམ་བཤད་གནང་སོང་། 

མདོ་ཁམས་རི་བོ་ཆེ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་དཔེ་དེབ་མཇུག་ཏུ་ངོ་སྤྲོད་གནང་བའི་ནང་། “ ཕྱི་ལོ་ ༢༠༡༢ ་ཟླ་ ༨ པའི་ནང་ཚོགས་པའི་མགོ་ཁྲིད་ཀྱིས་ <<འཆད་ཁྲིད་རིག་པའི་དགའ་ཚལ>> ཡིག་ཐོག་ཏུ་ཕབ་སྒྲིག་བྱ་དགོས་པའི་སྐད་ཆ་བཤད་བྱུང་། དེ་ནི་མཁན་ཆེན་མཆོག་གི་བཀའ་སློབ་ལ་གཟབ་ཉན་དང་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཡིན་སྟབས། ངས་དགའ་བཞིན་སྤྲོ་བཞིན་ཁས་ལེན་བྱས་པ་ཡིན། རྗེས་སུ་བསམ་བློ་ཞིབ་ཏུ་གཏོང་སྐབས། ངེས་དོན་གྱི་མཁས་པ་ཆེན་པོ་ཞིག་གི་བཀའ་སློབ་ཕབ་སྒྲིག་བྱེད་པ་ལ། བསམ་བློའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་དགོས་པ་མ་ཟད། རང་རྩོམ་ལས་ལྷག་པའི་འགན་འཁྲི་ལྗིད་པོ་ཞིག་ཀྱང་ཡོད་པར། ང་རང་གིས་བསམ་གཞིག་གཏན་ནས་བྱས་མི་འདུག གལ་ཏེ་སྔོན་ནས་དེའི་སྐོར་ལ་བསམ་གཞིག་ཕྲན་བུ་ཡོད་ན། ང་ལ་མཁན་ཆེན་མཆོག་གི་བཀའ་སློབ་ཕབ་སྒྲིག་བྱེད་པའི་སྤོབས་པ་གཏན་ནས་མེད” ཅེས་བཀོད་འདུག

དེའི་རྗེས་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས། ནང་བསྟན་སྲི་ཞུ་ཁང་གིས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་ལ་ཞབས་འདེགས་ཞུ་བཞིན་པར་རྗེས་སུ་ཡི་རངས་དང་འབྲེལ། དེང་སྐབས་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་སྐབས་འདིར། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་དངོས་ཡོད་བོད་ཀྱི་སྐད་ཡིག་དང་སློབ་གསོའི་སྐོར་ལ་གཏམ་བཤད་གནང་བ་ད་རེབ་ཡིག་ཐོག་ཏུ་ཕབ་སྒྲིག་གནང་པ་དེ་བོད་ཀྱི་ཕྱི་ནང་གཉིས་སུ་ཕན་ཐོགས་ཆེན་པོ་འབྱུང་ངེས་ཡིན་སྟབས་བརྒྱུད་ལམ་ཁག་ཏུ་གང་ཐུབ་ཁྱབ་བསྒྲགས་གནང་གལ་ཆེ་སྐོར་བརྗོད་བྱུང་། 

མཇུག་ཏུ། ནང་བསྟན་སྲི་ཞུ་ཁང་གི་འགན་འཛིན་ངག་དབང་འཕྲིན་ལས་ལགས་ཀྱིས། ནང་བསྟན་སྲི་ཞུ་ཁང་ལ་རྩ་བའི་ནང་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གཙོས་པའི་ལས་གཞི་མང་པོ་ཞིག་ཡོད་ཀྱང་། ཐེངས་འདིར་མཁན་ཆེན་མཆོག་གི་བཀའ་སློབ་དེ་བོད་པའི་སྤྱི་ཚོགས་ནང་ཧ་ཅང་གལ་གནད་ཆེན་པོ་ཡིན་པའི་ངོས་འཛིན་ཐོག་དཔར་སྐྲུན་འགྲེམས་སྤེལ་བྱས་པ་ཡིན་སྐོར་བརྗོད་བྱུང་།

དུས་རབས་ཀྱི་རྔ་སྒྲ་ཞེས་པའི་དཔེ་དེབ་དེར་དོན་ཚན་ ༡༤ དང་ཡིག་འབྲུ་ཁྲི་ ༧ ། ཤོག་ངོས་ ༢༧༧ བཅས་ཀྱིས་གྲུབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 4

  1. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    ཧྥ་དང་ཕ་གཉིས་ཀྱི་སྒྲ་སྦེད་དེ་ཁ་ཁ་རེད། ཕ་བྲིས་ན་རྦེད་དེ་ནོར་བ་རེད།

    Reply
  2. ཉེར་གཅིག་པའི་ཅོང་བརྡ། says:
    ལོ་ 13 སྔོན།

    གནས་ཚང་གིས་དྲན་སྐུལ་བྱས་པ་དེ་དངོས་གནས་རེད་ཤག
    ང་ཚོའི་སྤྱི་ཚོགས་ནང་དུ་ཆོས་དང་རིགས་གཞུང་ཁ་ལ་འཁྱེར་མཁན་གྱི་ཚོང་པ་མང་པོ་ཡོད་རེད། གཟབ་པར་གྱིས།

    Reply
  3. གནས་ཚང་། says:
    ལོ་ 13 སྔོན།

    ལས་འདི་རིགས་ཉེན་ཁ་ཆེན་པོ་ཞེ་དྲག་རེད། གལ་སྲིད་དོན་རྐྱེན་འདིར་རྐྱེན་བྱས་མཁན་ཆེན་འཇུས་སོང་བ་ཡིན་ན་སུས་འགན་འཁུར་རམ། ཕྱི་ལ་གློད་ཐུབ་པའི་ལས་ཀ་སུས་ལས་ཐུབ་བམ། བྱ་བྲལ་རིན་པོ་ཆེ་ནང་བཞིན་དུ་མི་གཏོང་བའི་ངེས་པ་ཡོད་དམ། ཚོང་པ་ཚོ། ད་གཞན་ཕན་ཅིག་སྒོམ་རོགས།

    Reply
  4. པདྨའི་དྲི་བསུང་། says:
    ལོ་ 13 སྔོན།

    དེང་སང་བཙན་བྱོལ་སྤྱི་ཚོགས་སུའང་རྒྱ་དམར་པོས་བློ་ངན་གྱིས་བོད་ཀྱི་བརྡ་སྤྲོད་དང་ཡོངས་སུ་འགལ་བའི་མིང་ཚིག་ལ་མ་བརྟགས་པར་བེད་སྤྱོད་པར་བློ་ཕམ་གྱི་གནས་མ་ཡིན་ནམ། དཔེ་ཚོན་ཙམ་ཞུས་ན། France ལ་ཧྥ་རན་སི། English ལ་དབྱིན་ཡིག་ལྟ་བུ་འབྲི་སྲོལ་རྒྱ་ཡམས་སུ་སོང་བས། དོན་དངོས་ནི། ང་ཚོའི་དབྱངས་གསལ་དེ་འབྱུང་ཁུངས་འཕགས་ཡུལ་ལེགས་སྦྱར་ལྟར་མཚུངས་པས་། མིང་ཚིག་རྣམས་ཀྱང་། ཁུངས་ག་ནས་ཡིན་ནམ་གཟིགས་དང་། France ཨིན་ཡིག་ལས་ཐད་ཀར་ཕབ་ན། ཕ་རནྶ། འདི་ལ་ཧ་སྒྲ་གཏན་ནས་མེད་པ་ལ་དེང་སང་ཚགས་ཤོག་མང་ཆེ་བར་འདི་བཀོད་པས་གཟབ་ནན་ཞུ་ཆུང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese