མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལུང་ཤར་རྡོ་རྗེ་ཚེ་རྒྱལ་རྗེས་དྲན།

བོད་ཀྱི་དུས་བབ།
༢༠༡༣/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་མགོར་ཡུལ་ཤུལ་ནང་ཆེན་དུ་ན་གཞོན་རྩོམ་པ་པོ་སྐོར་ཞིག་གིས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞིབ་འཇུག་དང་རྗེས་དྲན་བགྲོ་གླེང་ཞེས་པ་ཞིག་ཚོགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་ཡུལ་ཤུལ་ནང་ཆེན་རྫོང་ཐོག་ཏུ། ཁམས་སྟོད་ཀྱི་ན་གཞོན་རྩོམ་པ་པོ་སྐོར་ཞིག་གི་གོ་སྒྲིག་འོག ༼ལུང་ཤར་ཞིབ་འཇུག་གི་ཚོགས་འདུ་ཐེངས་དང་པོ།༽ཞེས་པའི་རིག་གནས་བགྲོ་གླེང་ཞིག་ཚོགས་ཡོད་པ་དང་། བགྲོ་གླེང་དེའི་ཐོག་ས་གནས་དེ་ཁུལ་གྱི་ན་གཞོན་རྩོམ་པ་པོ་བེ་དུང་དང་། ཁམས་འཛུམ་གྲོལ། བསམ་གཏན། མཆོད་ཀོང་། ཁེར་འབུད་སོགས་འཛོམས་ཡོད་འདུག འདི་ནི་བོད་རིགས་ན་གཞོན་ཚོས་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ལ་རྗེས་དྲན་དང་ཁོང་གི་ལོ་རྒྱུས་སྐོར་ལ་བགྲོ་གླེང་གནང་བ་དང་པོ་དེ་ཆགས་ཡོད་འདུག ལུང་ཤར་མཆོག་གི་སྐོར་ལ་དེ་སྔོན་ནུབ་བྱང་མི་རིགས་སློབ་ཆེན་དུ་ཞོགས་ལྗང་སོགས་ཀྱིས་རྗེས་དྲན་བགྲོ་གླེང་གོ་སྒྲིག་ཐེངས་འགར་ཞུ་རྩིས་བྱས་ཀྱང་ཕྱི་ནང་གི་འགོག་རྐྱེན་འོག་ལེགས་འགྲུབ་བྱུང་ཡོད་མི་འདུག

ལུང་ཤར་མཆོག་གི་ལོ་རྒྱུས་མདོ་བསྡུས། ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ནི་ ༡༨༨༡ ལོར་ཡབ་ལུང་ཤར་ལྷུན་གྲུབ་རྡོ་རྗེ་དང་། ཡུམ་རྨོའོ་བདེ་ཆེན་པད་མོ་གཉིས་ཀྱི་བུར་གཞིས་རྩེ་མཐོང་སྨོན་རྫོང་རྟ་ནག་ཁུལ་དུ་སྐྱེས། ཤིང་དགུང་ལོ་ ༨ སྟེང་ཡབ་འདས་རྗེས་ཡུམ་གྱི་གཅེས་སྐྱོང་འོག་རིག་གནས་མང་པོར་སློབ་སྦྱོང་གིས་གསོ་བ་རིག་པར་མཁྱེན་རྒྱ་ཡངས་ཤིང་། གཞས་དང་ཞབས་བྲོ་རོལ་ཆ་སོགས་ལ་ཧ་ཅང་མཁས།  

དགུང་གྲངས་ ༢༠ ལ་ཕེབས་སྐབས་རྟ་ནག་སྒེར་ལྷས་ཁུད་པའི་བུ་མོ་མདུན་ཐབས་སུ་བཞེས་ཏེ་ཕྲུ་གུ་ཆ་པ་རུ་ཟུར་དབང་ཆེན་གཡུ་ལྷ་དང་སྒྲོལ་མ་ཕུག་པད་མ་གཉིས་བཙས་ཤིང་། དེའི་རྗེས་ལྷ་སར་ཕེབས་ཏེ་དཔོན་རིགས་ཁོངས་སུ་ཞུགས་ནས་རྩིས་ཁང་གི་རྩིས་པ་གནང་སྐབས་ཁོང་གི་སྐུ་ཟླ་འདས་གྲོངས་སུ་ཕྱིན་ཡོད། ལོ་གསུམ་ཙམ་རྗེས་སླར་ཡང་བསྟན་འཛིན་སྒྲོལ་དཀར་ལགས་དང་འཁྲུངས་ས་བསྐྱོན་ཏེ་ཕྲུ་གུ་བུ་ལྔ་དང་བུ་མོ་གཅིག་འཁྲུངས།   

༡༩༡༡ ལོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་རྒྱ་གར་ནས་ཕྱིར་ལྷ་ལྡན་དུ་ཞབས་སོར་འཁོད་དེ་བོད་པའི་སྤྱི་ཚོགས་ཡར་རྒྱས་སུ་གཏོང་རྒྱུར་རིག་པ་གསར་བ་བསླབ་དགོས་པའི་ཐུགས་འདུན་འོག ༡༩༡༣ ལོར་སྐུ་དྲག་གི་ཁོང་ནས་བུ་ཕྲུག་ ༤ འདེམ་སྒྲུག་གིས་དབྱིན་ཡུལ་དུ་གཏོང་སྐབས། ལུང་ཤར་ལགས་སྣེ་འཁྲིད་པར་བསྐོ་བཞག་གནང་། སྐབས་དེར་ཁོང་ཅག་གིས་དབྱིན་ཡུལ་དུ་སློབ་སྦྱོང་བྱས་པ་མ་ཟད། ཧྥ་རན་སི་དང་ཨི་ཊ་ལི་སོགས་སུ་ལྟ་སྐོར་དུ་ཕྱིན་ཡོད་པ་དང་། དབྱིན་སྐད་དབྱིན་ཡིག་གང་འཚམ་སློབ་སྦྱོང་གནང་ཡོད་འདུག

ཁོང་ཅག་ཕྱིར་ལོག་རྗེས་ལུང་ཤར་མཆོག་ལ་༧གོང་ས་བཅུ་གསུམ་པས་དམིགས་བསལ་གཟིགས་སྐྱོང་གནང་སྟེ་རྩིས་དཔོན་གྱི་གོ་གནས་གནང་ཡོད་འདུག སྐབས་དེར་བོད་གཞུང་གིས་དམག་བསྡུ་སྐོང་དང་སྒྲིག་གཞི་དག་སྒྲིག་གནང་གི་ཡོད་སྟབས། དམག་ཕོགས་ལྡེང་གི་མེད་སྟབས་འབྲུ་རིགས་འཕར་མ་བསྡུ་རྒྱུའི་འཆར་གཞི་བཟོས་ཏེ “འབབ་ཞིབ” ལས་ཁུངས་ཞེས་པ་བཙུགས་ཤིང་། དོ་དམ་པར་ལུང་ཤར་དང་བློ་བཟང་བསྟན་སྐྱོང་གཉིས་བསྐོས་ཡོད་འདུག ༧གོང་ས་མཆོག་གིས་ཁོང་ལ་ ༼དམག་སྤྱིའི་འཚོ་འཛིན༽ཞེས་པའི་ལས་འགན་ཡང་གནང་ཡོད་ཀྱང་། ༧གོང་ས་བཅུ་གསུམ་པ་སྐུ་གཤེགས་པ་དང་བསྟུན་ཏེ། སྐུ་དྲག་མི་དྲག་དག་གིས་ཁོང་ལ་ངན་སེམས་འཆང་མགོ་བརྩམས་ཡོད།

ལུང་ཤར་མཆོག་དབྱིན་ཡུལ་སོགས་ཕྱི་རྒྱལ་ཁག་ལ་ཕེབས་པའི་ཤུགས་རྐྱེན་གྱིས་བོད་གཞུང་གི་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་འདུན་པ་ཆེན་པོ་སྐྱེས་ཏེ། ༼ སྐྱིད་ཕྱོགས་ཀུན་མཐུན ༽ ཞེས་པའི་ཚོགས་པ་བཙུགས་ཤིང་། དེར་སེ་འབྲས་དགའ་གསུམ་དང་ཀོང་པོ་སོགས་ཀྱི་འཐུས་མི་བཅས་ཚོགས་མི་ ༡༠༠ ལྷག་འདུས་ཡོད་འདུག སྐབས་དེར་ལུང་ཤར་གྱི་བློ་འགེལ་གྲོགས་པོ་གཙོ་བོ་ཀ་ཤོད་ཆོས་རྒྱལ་ཉི་མས་བཀའ་བློན་ཁྲི་སྨོན་ནོར་བུ་དབང་རྒྱལ་ལ། ལུང་ཤར་གྱིས་ཚོགས་པ་བཙུགས་ཡོད་པའི་སྐོར་དང་། ད་དུང་བཀའ་བློན་ཚོ་གསོད་རྩིས་ཡོད་སྐོར་སོགས་བརྗོད་དེ་ཕྲ་མ་བཅུག་ཡོད་སྟབས། བཀའ་བློན་ཁྲི་སྨོན་པས་རྭ་སྒྲེང་ལ་ཡར་ཞུ་བྱས་ཏེ་ལུང་ཤར་འཛིན་དགོས་པའི་རེ་བ་བཏོན། ཤོད་གཟིམ་འགག་ནས་ཕོ་ཉ་མངགས་ཏེ་ལུང་ཤར་ཚོགས་འདུ་གལ་ཆེན་ཞིག་ལ་བཅར་དགོས་པའི་བསླུ་བྲིད་འོག རྩེ་ལྟག་སྒོའི་རྒྱབ་ཏུ་བསླེབས་སྐབས་འཛིན་བཟུང་གིས་རྩེ་ཤར་ཆེན་ལྕོག་ཏུ་བཙོན་འཇུག་བྱས།

ཁོང་ལ་ཁྲིམས་ཞིབ་སྐབས་ལུང་ཤར་གྱིས་གོང་གི་ཉེས་འཛུགས་དེ་དག་ཁས་ལེན་བྱས་མེད་པ་མ་ཟད། བཀའ་ཤག་གི་བཀའ་བློན་རྣམས་འདེམ་ཤོག་འཕེན་དགོས་པ་ཞིག་མ་བྱུང་ཐབས་མེད་ཡིན་སྐོར་སོགས་བརྗོད་དེ་དག་འབུལ་བྱས་ཀྱང་ཕན་འབྲས་མ་བྱུང་པར། མཐའ་མར་ཞིབ་དཔྱོད་པས་ཉེས་ཆད་དུ། ལུང་ཤར་མཆོག་གི་མིག་འབྲས་གཉིས་བཏོན་ཏེ་མུ་མཐུད་བཙོན་འཇུག་བྱས་ཡོད་པ་མ་ཟད། ཁོང་གི་བུ་གཉིས་རྒྱང་ཕུད་བཏང་ནས་ལུང་ཤར་མི་རྒྱུད་ཀྱིས་དཔོན་ས་འཛིན་མི་ཆོག་པའི་བཀའ་བསྒྲགས། ལོ་བཞིའི་རྗེས་ཁོང་བཙོན་གྲོལ་ཐོབ་ཀྱང་བཙོན་ཁང་དུ་མནར་གཅོད་མང་པོ་བཏང་སྟེ་གཟུགས་པོར་ནད་གཞི་ཕོག་ཡོད་སྟབས་ ༡༩༤༠ ལོར་འདས་གྲོངས་སུ་ཕྱིན་ཡོད།

ཁོང་བཙོན་དུ་བཞུགས་སྐབས། རྫ་རོང་ཕུའི་བླ་མ་སྐུ་གོང་མ་དེ་ཁོང་གི་ཆོས་ཞུ་སའི་བླ་མ་ཡིན་སྟབས་ཁོང་ལ་འབུལ་རྒྱུའི་ཞུ་ཡིག་ཞིག་ཨེམ་རྗེ་ཐུབ་བསྟན་ལགས་འབྲི་བའི་རེ་སྐུལ་ཞུས་པ་ལྟར། སྤོས་བྲིས་གནང་བའི་རྩོམ་ཡིག་ཚིགས་བཅད་མ་ཞིག་ཏུ་འདི་ལྟར་བཀོད་འདུག སྐྱིད་ཕྱོགས་ཀུན་དགེའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ཀློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ན་ཡང་།། ཡེ་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། བསགས་པའི་རྒྱུ་ནོར་གཞན་གྱིས་འཕྲོག་ན་ཡང་།། འཕགས་པའི་ནོར་བདུན་འདི་ལ་འཕྲོག་ཐབས་ཅི།། གཞན་གྱིས་བཙོན་ཁང་མུན་པ་གཏིང་རིང་ཟེར།། རང་སྣང་འོད་གསལ་ཀློངས་ཡངས་ཕུག་པ་ནས།། སྙོམས་ལས་འདུ་གསུམ་བཀའ་འབངས་ལུང་ཤར་བ།། རྡོ་རྗེ་ཚེ་རྒྱལ་ཞེས་པའི་ཕྱག་བཅས་ཕུལ།། ཞེས་སོགས་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༡༢ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༡༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༡༥ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

མཆན། 3

  1. གནས་ཚང་། says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས་ཡོད། བོད་ནང་གཉིད་ལས་སད་ཀྱིན་པར་དགའ་བོས་མྱོས་སོང་།

    Reply
  2. སྦྲ་ནག says:
    ལོ་ 13 སྔོན།

    མཁྱེན་རྒྱ་ཆེ་བའི་རྟོག་སད་པ་ལུང་ཤར་དང་དགེ་ཆོས། དོན་འགྲུབ་རྒྱལ་སོགས་ལ་རྗེས་དྲན་ཞུ་འོས་ཀྱང་འདས་ཟིན་པས་རྗེས་དྲན་ཙམ་ལས་ནུས་པ་ཐོན་དཀའ། གལ་ཆེ་བ་ནི་ད་ལྟ་འཚོ་བཞིན་པའི་མཁྱེན་རྒྱ་ཅན་གྱི་རྟོག་སད་པ་དག་ལ་སྤྱི་ཚོགས་ཀྱི་སྣེ་ཁྲིད་པར་བསྐུལ་མ་དང་རྒྱབ་སྐྱོར་ཞུ་དགོས།

    Reply
  3. དོན་འགྲུབ་བཀྲ་ཤིས། says:
    ལོ་ 13 སྔོན།

    རྟོག་སད་པ་ལུང་ཤར་རྡོ་རྗེ་ཚེ་རྒྱལ་མཆོག་ལ་ང་ཚོས་བོད་མི་ཕྱི་རབས་པ་ཚོས་ཞིབ་འཇུག་དང་རྗེས་དྲན་ཞུ་འོས་པ་དང་། ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་པའི་སྐྱེས་བུ་རླབས་ཆེན་ཞིག་ཡིན། འོན་ཀྱང་། རྒྱ་གཞུང་གིས་ཁོང་གི་མཛད་རྗེས་དང་སྐབས་དེའི་སྤྱི་ཚོགས་རྒྱབ་ལྗོངས་ལ་ལོག་འགྲེལ་བརྒྱབ་སྟེ། ལྡོག་ཕྱོགས་ཀྱི་གདེང་འཇོག་ཅིག་ལ་འབད་བརྩོན་བྱེད་ཀྱི་ཡོད་ཡང་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese