མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་མང་གཙོའི་དུས་དྲན་ཐེངས་ང་གསུམ་པ་སྲུང་གཙི་གནང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་སར་བོད་གཞུང་མང་གཉིས་ཀྱིས་བོད་ལྗོངས་དམངས་གཙོའི་དུས་དྲན་ཐེངས་ ༥༣ པ་སྲུང་གཙི་གནང་བའི་ཐོག སློབ་ཕྲུག་ ༡༠ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་དང་། བུད་མེད་འབུམ་རམས་པ་གཉིས་ལ་སྲིད་སྐྱོང་གཟེངས་བསྟོད་ཕྱག་འཁྱེར་ཐོག་མ་དེ་གནང་སོང་།

དེ་རིང་ཞོགས་པ་ཆུ་ཚོད་ ༩ སྟེང་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ། བཙན་བྱོལ་དུ་བོད་མིའི་མང་གཙོའི་དུས་དྲན་ཐེངས་ ༥༣ པ་སྲུང་གཙི་གནང་ཡོད་པ་དང་། དབུ་འཛུགས་མཛད་སྒོའི་སྟེང་། དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག དེ་བཞིན། བཀའ་བློན་རྣམ་པ་དང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞུང་ཞབས་ལས་བྱེད་ཆེ་ཕྲ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་གཙོ་རྣམ་པ། ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་གི་སྐུ་ཚབ། གཞན། ངྷ་སའི་སེར་སྐྱ་མ་མིང་ ༢༣༠༠ ལྷག་ལྷན་འཛོམས་ཐོག སྲིད་སྐྱོང་མཆོག་གིས་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་པ་དང་སྦྲགས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་མང་གཙོའི་གསར་གཞས་བཏང་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་རྣམ་རྒྱལ་གྲྭ་ཚང་ཤེས་ཡོན་ལྷན་ཚོགས་ཀྱིས་འདོན་སྤེལ་གནང་པའི་དཔེ་དེབ་གསུམ་དང་། ཐེ་ཝན་ཡུས་ཡིང་(Yu Ying) མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་སཱུ་ཇའེ་ཧུང་(Su Jiahong) གིས་བརྩམས་པའི་བཙན་བྱོལ་བོད་མིའི་དམངས་གཙོའི་སྐོར་གྱི་དེབ་ཕྲེང་གཉིས་པ་༼བཙན་བྱོལ་ནང་གི་མང་གཙོའི་འགྱུར་འགྲོས།༽ཞེས་པ། ཨ་རིར་གནས་སྡོད་སྡོམ་པ་ཚང་ཚེ་རིང་དབང་མོས་བརྩམས་པའི་༼བོད་ནང་གི་ཁྱིམ་ཁང་།༽ཞེས་པ་བཅས་དབུ་འབྱེད་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྩོམ་སྒྲིག་དང་ཐེ་ཝན་དོན་གཅོད་ཁང་གིས་རྒྱ་ཡིག་ཏུ་བསྒྱུར་པའི་༼བོད་ཀྱི་རིག་གཞུང་རྩ་མེད་བཏང་པའི་ལོ་ ༦༠ ༽ཅེས་པ་དང་། གངས་ལྗོངས་དཔར་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་༼རང་ལུས་མེར་བསྲེགས་ཀྱི་ལོ་རྒྱུས། ༽ཞེས་པ། བེ་རིག་བསོད་ནམས་དབང་ཕྱུག་གིས་བརྩམས་པའི་༼དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད་༽ཅེས་དབུ་འབྱེད། ཁྲིམས་ཞིབ་པ་ཆེ་བས་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གིས་བསྡུ་སྒྲིག་གནང་བའི་འཛམ་གླིང་མི་སྣས་༧གོང་ས་མཆོག་གི་དགུང་གྲངས་ ༧༥ འཁྲུངས་སྐར་པ་ཕུལ་བའི་ཤིས་ཚིག་༼བྱམས་བརྩེའི་རྒྱ་མཚོ།༽ཞེས་པ་བཅས་དབུ་འབྱེད་གནང་སོང་།

དེའི་རྗེས་སྲིད་སྐྱོང་མཆོག་གིས་འདི་ལོའི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་ ༡༢ ཡིག་རྒྱུགས་ཁྲོད་བོད་པའི་གཏན་སློབ་ཁག་ནང་གི་སྒྱུ་རྩལ་དང་ཚན་རིག ཚོང་རིག་གསུམ་ལས་ཨང་རིམ་རྩེར་སོན་སློབ་མ་ ༡༠ ལ་ཤེས་རིག་ལས་ཁུངས་ཀྱིས་གནང་བཞིན་པའི་ ‘དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས’ ཞེས་པ་ཕུལ་ཡོད་པ་ལས། སྒྱུ་རྩལ་སྡེ་ཁག་ཡོངས་ཀྱི་ཨང་རིམ་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཆོས་སྐྱིད་དང་། ཨང་གཉིས་པ་མ་སུ་རི་བོད་ཁྱིམ་ཀྱི་སློབ་མ་ཕུན་ཚོགས་དོན་འགྲུབ། ཨང་གསུམ་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་མགོན་པོ་བཀྲ་ཤིས་བཅས་ཡིན་པ་དང་། ཚན་རིག་སྡེ་ཁག་ཡོངས་ཀྱི་ཨང་དང་པོ་སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་འཕྲིན་ལས་ཚེ་རིང་བླ་མ་དང་། ཨང་གཉིས་པ་སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་ཀུན་བཟང་། ཨང་གསུམ་པ་སེ་ལ་ཀོལ་བོད་ཁྱིམ་གྱི་སློབ་མ་ཚེ་རིང་སྒྲོལ་དཀར་བཅས། ཚོང་རིག་སྡེ་ཁག་ཡོངས་ཀྱི་ཨང་དང་པོ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་བསྟན་འཛིན་འཕྲིོན་ལས་དང་། ཨང་གཉིས་པ་ཅན་གཉིས་ཡོད་པ་ནི་མོན་གྷོ་གཏན་སློབ་ཀྱི་སློབ་མ་བསྟན་འཛིན་དབང་ཕྱུག་དང་སྦེལ་ཀོབ་བོད་ཁྱིམ་གྱི་སློབ་མ་ཚེ་བརྟན་སྒྲོལ་མ། ཨང་གསུམ་པ་མ་སུ་རི་བོད་ཁྱིམ་གྱི་སློབ་མ་སྐལ་བཟང་བཅས་རེད། 

ཤེས་རིག་ལས་ཁུངས་ཀྱིས་འདི་ལོ་ནས་རིགས་གཅིག་རྐང་འཛིན་ནམ། འབུམ་རམས་(Ph.D)སློབ་ཐོན་པ་རྣམས་ལ། ‘སྲིད་སྐྱོང་གཟེངས་བསྟོད་ཕྱག་འཁྱེར’ ཞེས་པའི་གཟེངས་རྟགས་དང་བྱ་དགའ་ཧིན་སྒོར་ ༢༠༠༠༠ རེ་གནང་གཏན་འཁེལ་བ་ལྟར། འདི་ལོའི་སློབ་ཐོན་པ་ལྷག་པ་ཆོས་ལྡན་ལགས་ཀྱིས་མེ་སོར་མཐོ་སློབ་ཏུ་དཔལ་འབྱོར་ཐོག་རིགས་གཅིག་རྐང་འཛིན་གྱིས་འབུམ་རམས་པ་ཐོན་པ་དང་། བཟང་མོ་ལགས་ཀྱིས་ཝཱ་ཎ་མཐོ་སློབ་ནས་བན་བོན་གཞུང་གི་འཇིག་རྟེན་ཆགས་རབས་ཐོག་འབུམ་རམས་པ་ཐོན་པ་གཉིས་ལ། སྲིད་སྐྱོང་གཟེངས་བསྟོད་ཕྱག་འཁྱེར་གནང་སོང་ལ། ཁོང་གཉིས་ནི་སྲིད་སྐྱོང་གཟེངས་བསྟོད་བཞེས་མཁན་ཐོག་མ་ཆགས་ཡོད་འདུག 

དེའི་རྗེས་སྲིད་སྐྱོང་མཆོག་གིས་བཀའ་བཤག་གི་གསུང་བཤད་དང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ཀྱི་གསུང་བཤད་བཅས་སྒྲོགས་སྦྱང་གནང་སོང་ལ།  ལས་རིམ་དེ་དག་གྲུབ་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་ངྷ་ཤོད་བོད་ཁྱིམ་སློབ་གྲྭ ཤེས་རབ་དགའ་ཚལ་སློབ་གླིང་བཅས་ཀྱིས་གཞིས་སྣ་འཁྲབ་སྟོན་གནང་སོང་།

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༢ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མ་འོངས་པའི་ལོ་ལྔ་དང་བཅུའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ནས་རིགས་གཅིག་རྐང་འཛིན་པ་དང་ཁྱད་མཁས་པ་ཁྲི་གཅིག་དང་། བོད་ནང་དུ་འབུམ་གཅིག་འཐོན་ཐུབ་པ་བྱེད་རྒྱུ་ཡིན་སྐོར་གསུངས་པ་དེ་ཕ་རིའི་སྤང་རྒྱན་ཆགས་འདུག ་་་་་ཟེར།

    Reply
  2. ཀརྨ་བཀྲ་ཤིས། says:
    ལོ་ 13 སྔོན།

    བཀའ་ཤག་སྐབས་བཅུ་བཞི་པས་ལས་འགན་འཁུར་ཏེ་ལོ་གཉིས་ལྷག་རིང་རིགས་གཅིག་རྐང་འཛིན་པ་དང་ཁྱད་མཁས་པ་མི་གཉིས་ལས་ཐོན་མེད་པར་འདིར་ལྟ་ཡོང་བ་ཡིན་ན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ཐོག་མ་བཀའ་ཁྲིའི་འོས་མིར་བཞེངས་སྐབས། མ་འོངས་པའི་ལོ་ལྔ་དང་བཅུའི་ནང་བཙན་བྱོལ་སྤྱི་ཚོགས་ནང་ནས་རིགས་གཅིག་རྐང་འཛིན་པ་དང་ཁྱད་མཁས་པ་ཁྲི་གཅིག་དང་། བོད་ནང་དུ་འབུམ་གཅིག་འཐོན་ཐུབ་པ་བྱེད་རྒྱུ་ཡིན་སྐོར་གསུངས་པ་དེ་ཕ་རིའི་སྤང་རྒྱན་ཆགས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese