མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱབས་བཅོལ་བ་ས་ཡ་ ༢ ལྷག་ཆཊ་འདུག

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ལོ་གཉིས་ལྷག་རིང་གི་སེི་རི་ཡའི་ནང་ཟིང་འཁྲུག་ཁྲོད་མི་ ༡༡༠༣༧༡ ལྷག་རྐྱེན་འདས་དང་མི་ས་ཡ་ ༢ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་འདུག

དེ་རིང་ཡུ་རོབ་སུད་སིའི་གྲོང་ཁྱེར་ཇི་ནེ་བཱ་(Geneva)བརྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་སྙན་ཐོན་ཞིག་ཁྱབ་བསྒྲགས་བྱས་ཡོད་པའི་ནང་། ཉེ་བའི་ལོ་གཉིས་ལྷག་རིང་གི་སེ་རི་ཡའི་ཟིང་འཁྲུག་ཁྲོད། ད་བར་མི་གྲངས་ས་ཡ་ ༢ ལྷག་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་སྐྱབས་བཅོལ་དུ་ཕྱིན་ཡོད་ཚུལ་བཀོད་འདུག དེ་དག་ཁྲོད་བརྒྱ་ཆ་ ༥༢ ཙམ་རང་ལོ་ ༡༧ མན་གྱི་བྱིས་པ་རྐྱང་ཡིན་པ་དང་། སེ་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཨི་ཇིབ་དང་ཨི་རག ལེ་སྤད་ནོན་( Lebanon) ཇོར་ཌན། ཏུར་ཀི་( Turkey) བཅས་ཀྱི་ནང་། ཉིན་རེར་ཆ་སྙོམས་སེ་རི་ཡའི་སྐྱབས་བཅོལ་བ་ ༥༠༠༠ ལྷག་རེ་འབྱོར་བཞིན་ཡོད་འདུག

རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གི་འགན་འཛིན་ཨན་ཌོ་ནོལ་(Antonio Guterres) ལགས་ཀྱིས་སྦི་སྦི་སི་གསར་འགོད་པར་བརྗོད་དོན། ཉེ་རབས་ལོ་རྒྱུས་ནང་འགྲོ་བ་མིའི་རིགས་ཧ་ཅང་མང་པོ་ཞིག་ལ་རྐྱེན་ངན་གོད་ཆག་དང་བཙན་གནོན་གྱི་དཀའ་ངལ་འོག་ཡུལ་ལུང་གཞན་ལ་སྐྱབས་བཅོལ་དང་བཙན་བྱོལ་དུ་མི་གྱར་ཐབས་མེད་འབྱུང་གི་ཡོད་ཀྱང་། སེ་རི་ཡ་ནི་དུས་རབས་ཉེར་གཅིག་པའི་ནང་གི་ཡིད་སྐྱོ་བའི་དོན་རྐྱེན་ཆེ་ཤོས་འབྱུང་ཡུལ་ཞིག་ཆགས་འདུག་ཅེས་བརྗོད་འདུག རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གིས་ད་བར་སེ་རི་ཡའི་སྐྱབས་བཅོལ་བའི་ཐད། ཨ་སྒོར་ཐེར་འབུམ་ ༢།༩ ཙམ་གྱི་འགྲོ་སོང་བཏང་ཡོད་ཀྱང་། ད་དུང་སྐྱབས་བཅོལ་བའི་འཕྲོད་བསྟེན་དང་སྡོད་གནས། ཟས་རིགས་སོགས་ལ་མུ་མཐུད་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

གློག་བརྙན་འཁྲབ་སྟོན་མ་གྲགས་ཆེན་དང་རྒྱལ་ཚོགས་སྐྱབས་བཅོལ་ལྷན་ཁང་གི་སྐུ་ཚབ་ལྕམ་ཨན་ཇི་ལེ་ནཱ་ ( Angelina Jolie) ལགས་ཀྱིས་ “ གལ་སྲིད་སེ་རི་ཡའི་སྐྱབས་བཅོལ་བའི་གྲངས་འབོར་དང་གནས་སྟངས་མུ་མཐུད་ཇེ་སྡུག་ཏུ་སོང་ན་སྐྱབས་བཅོལ་བ་ཚོ་འགྲོ་སའི་རྒྱལ་ཁབ་ཚོས་རོགས་རམ་བྱེད་པར་ཚད་འཛིན་བྱེད་སྲིད་པའི་སེམས་ཁུར་བྱེད་ཀྱི་ཡོད་” ཅེས་གསར་འགོད་པར་བརྗོད་འདུག

གཟའ་འཁོར་སྔོན་མའི་ནང་སི་རེ་ཡའི་སྐྱབས་བཅོལ་བ་ལེན་མཁན་གྱི་རྒྱལ་ཁབ་ཨི་རག་དང་ཇོར་ཌན། ལེ་སྤད་ནོན། ཏུར་ཀི་བཞིའི་བློན་ཆེན་ཁག་ཅིག་གིས་སེ་རི་ཡའི་སྐྱབས་བཅོལ་བའི་དཀའ་ངལ་དང་མཐུན་རྐྱེན། རྒྱལ་སྤྱིའི་རོགས་དངུལ་འཚོལ་སྒྲུབ་ཇི་ལྟར་བྱེད་མིན་སྐོར་ལ་ཚོགས་འདུ་ཞིག་རྒྱལ་ཚོགས་ཀྱི་བསྟི་གནས་ཇི་ནེ་བཱ་རུ་ཚོགས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་སེ་རི་ཡའི་གཞུང་གིས་གྱེན་ལོག་མི་མང་ཐོག་མཚོན་བེད་སྤྱོད་བཏང་སྟེ་མི་ ༡༤༢༩ ཙམ་རྐྱེན་ལམ་དུ་བཏང་ཡོད་སྟབས། ད་ཆར་སེ་རི་ཡའི་མི་མང་ཚོས་ཨ་རི་གཙོ་བྱས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཁའ་དམག་བརྒྱུད་སེ་རི་ཡའི་གཞུང་ལ་འཇབ་རྒོལ་བྱེད་སྲིད་པའི་འཇིགས་སྣང་འོག་སྐྱབས་བཅོལ་དུ་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་འདུག

༢༠༡༡ ལོའི་ཟླ་ ༣ ཚེས་ ༡༥ ཉིན་ནས་བཟུང་སེ་རི་ཡའི་མང་ཚོགས་ཀྱིས་སྲིད་འཛིན་སྦ་ཤཱར་(Bashar al-Assad) སྲིད་འཛིན་གྱི་གོ་གནས་ནས་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་འོག་གྱེན་ལངས་བྱས་ཤིང་། གཞུང་གིས་དེ་ལ་ཁ་གཏད་བཅག་སྟེ་ད་བར་ཟིང་འཁྲུག་ཞི་འཇགས་བྱུང་མེད། སེ་རི་ཡའི་ཟིང་འཁྲུགས་འདི་ནི་ཨ་རིབ་གསར་བརྗེ་དོན་རྐྱེན་བརྒྱུད་དེ་བྱུང་བ་ཞིག་ཡིན། 

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༩ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༩ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་་ གཟའ་འཁོར་སྔོན་མའི་ནང་སི་རེ་ཡའི་སྐྱབས་བཅོལ་བ་ལེན་མཁན་གྱི་རྒྱལ་ཁབ་ཨི་རག་དང་ཇོར་ཌན། ལེ་སྤད་ནོན། ཏུར་ཀི་བཞིའི་བློན་ཆེན་ཁག་ཅིག་གིས་སེ་རི་ཡའི་སྐྱབས་བཅོལ་བའི་དཀའ་ངལ་དང་མཐུན་རྐྱེན། རྒྱལ་སྤྱིའི་རོགས་དངུལ་འཚོལ་སྒྲུབ་ཇི་ལྟར་བྱེད་མིན་སྐོར་ལ་ཚོགས་འདུ་ཞིག་རྒྱལ་ཚོགས་ཀྱི་བསྟི་གནས་ཇི་ནེ་བཱ་རུ་ཚོགས་ཡོད་འདུག ་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese