མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཆོས་དུ་མ་དང་བདེན་པ་དུ་མ་ཡོད་ཆོག་གི་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་མཆོག་གིས་ལྷོ་ཤར་ཨེ་ཤ་ཡའི་ཆོས་ཞུ་བ་གཙོས་པའི་སེར་སྐྱ་མི་མང་ཚོར་རྒྱལ་ཁབ་གཅིག་དང་ཆོས་གཅིག་ཟེར་གྱི་ཡོད་མོད་དོན་དངོས་ཐོག་ཆོས་དུ་མ་དང་བདེན་པ་དུ་མ་ཡོང་གི་རེད་གསུངས།

དེ་རིང་ཞོགས་པ་ཆུ་ཚོད་ ༨ པ་ཐོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་མཆོག་གིས།  ལྷོ་ཤར་ཨེ་ཤ་ཡའི་ནང་ཆོས་དོན་གཉེར་བ་ཚོས་གསོལ་འདེབས་ཞུས་པ་ལྟར།  ཉིན་གྲངས་གསུམ་རིང་གི་སྤྱོད་འཇུག་ཆེན་མོའི་གསུང་ཆོས་དབུ་འཛུགས་གནང་ཡོད་པ་དང་། ཐེངས་འདིར་ལྷོ་ཤར་ཨེ་ཤ་ཡ་ནས་ཆོས་ཞུ་བ་ ༤༠༠ གཙོས་པའི་འཛམ་གླིང་རྒྱལ་ཁབ་ ༦༠ ལྷག་ནས་ཡོང་བའི་ཆོས་ཞུ་བ་དང་། དྷ་ས་ཁུལ་གྱི་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ ཙམ་འཛོམས་ཡོད་འདུག  

སྐབས་དེར་༸གོང་ས་མཆོག་གིས་ཆོས་ལུགས་ཕན་ཚུན་བར་མཐུན་སྒྲིལ་བྱེད་དགོས་པའི་སྐོར་ལ་བཀའ་སློབ་གནང་དོན། “དེ་རིང་ཁ་སང་དཔེ་བཞག་ན། ཁ་ཆེ་ནང་ཁུལ་དུ་རྒྱག་རེས་བརྒྱབ་སྟེ་གསོད་རེས་མང་པོ་གཏོང་གི་འདུག བར་སྐབས་ཤིག་ནས་ཤི་རའི་ལངྷའི་ནང་ཧིན་རྡུ་དང་ནང་པའི་བར་འགལ་ཟླ་འདྲ་བོ་བྱུང་སོང་། ཉེ་བའི་ཆར་ཡང་ཤི་རའི་ལངྒ་དང་འབར་མར་ཡང་ནང་པ་དང་ཁ་ཆེའི་བར་འགལ་བ་ཞིག་སླེབ་ཀྱི་འདུག དེ་ཚོ་ཧ་ཅང་གིས་ཐབས་སྐྱོ་བོ་རེད། ཆོས་ལུགས་སོ་སོའི་རྗེས་འབྲང་པའི་ཁམས་དང་མོས་པ་དང་འཚམ་པའི་ལྟ་གྲུབ་ཀྱི་ཐོག་ནས་མི་ལ་ཕན་གྱི་ཡོད་པ་དངོས་ཡོད་གནས་ཚུལ་ཡིན་སྟབས། དེ་ང་ཚོས་ཁས་ལེན་དགོས་པ་རེད། རྒྱལ་ཁབ་གཅིག་དང་ཆོས་གཅིག་ཟེར་བ་ཆོས་ལུགས་ཚང་མས་གསུང་གི་ཡོད་ལ། ཆོས་ཉམས་ལེན་བྱེད་མཁན་ཚོས་སོ་སོའི་ཡིད་ཆེས་བརྟན་པོ་ཡོང་ཆེད་སྟོན་པ་གཅིག་དང་ཆོས་གཅིག་ཟེར་གྱི་ཡོད་པ་རེད། ཡིན་ནའང་། སྤྱི་ཚོགས་སྒང་སླེབ་སྐབས་མི་དུང་ཕྱུར་ ༧༠ ཡོད་པ་དེར་བསམ་བློ་བཏང་ཡོང་དུས། རྒྱལ་ཁབ་གཅིག་དང་ཆོས་གཅིག་ཟེར་བ་དེ་དངོས་ཡོད་གནས་སྟངས་དང་མཐུན་གྱི་མེད། འདས་པའི་ལོ་སྟོང་ཕྲག་གསུམ་བཞིའི་རིང་ལ་ཆོས་དུ་མ་དང་བདེན་པ་དུ་མ་ཅན་དུ་བསྡད་པ་རེད་མ་གཏོགས། ཆོས་གཅིག་དང་བདེན་པ་གཅིག་ཏུ་བསྡད་མེད། དེ་རིང་ཁ་སང་འཛམ་གླིང་འདིའི་སྒང་ལ་གནས་ཚུལ་གཅིག་གིས་གཅིག་ལ་མང་པོ་བཤད་རྒྱུ་ཡོད་པའི་སྐབས་འདིར། ཆོས་དུ་མ་དང་བདེན་པ་དུ་མ་ཟེར་བ་དེ་དངོས་ཡོད་གནས་ཚུལ་ཆགས་ཡོད་པ་རེད། དངོས་ཡོད་གནས་ཚུལ་ཁས་མ་བླངས་ན་ལན་པ་རེད། དེའི་ཕྱིར་གང་ཟག་སོ་སོ་ལ་ཆོས་གཅིག་དང་བདེན་པ་གཅིག་ཡིན་ཡང་། སྤྱི་ཚོགས་ནང་འདྲིས་ཡོང་སྐབས་ཁྱིམ་ཚང་གཅིག་གི་ནང་དུ་ཆ་བཞག་པ་ཡིན་ནའང་། ཆོས་དུ་མ་དང་བདེན་པ་དུ་མ་ཕལ་ཆེར་ཡོང་གི་རེད། ཆོས་ཟེར་བ་དེ་གང་ཟག་སྒེར་སོ་སོའི་བསམ་བློར་བསྒྱུར་བཅོས་གཏོང་བྱེད་ཅིག་ཤིག་ཡིན་སྟབས། ཆོས་དད་རང་མོས་ཞེས་སྒེར་སོ་སོའི་ཁམས་དང་བསྟུན་ནས་ཆོས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད”ཅེས་གསུངས་སོང་།

གསར་འགོད་པ། པདྨ་མཚོ།

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    ་་་་་་ ཁ་ཆེ་ནང་ཁུལ་དུ་རྒྱག་རེས་བརྒྱབ་སྟེ་གསོད་རེས་མང་པོ་གཏོང་གི་འདུག བར་སྐབས་ཤིག་ནས་ཤི་རའི་ལངྷའི་ནང་ཧིན་རྡུ་དང་ནང་པའི་བར་འགལ་ཟླ་འདྲ་བོ་བྱུང་སོང་། ཉེ་བའི་ཆར་ཡང་ཤི་རའི་ལངྒ་དང་འབར་མར་ཡང་ནང་པ་དང་ཁ་ཆེའི་བར་འགལ་བ་ཞིག་སླེབ་ཀྱི་འདུག དེ་ཚོ་ཧ་ཅང་གིས་ཐབས་སྐྱོ་བོ་རེད། ་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist