མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་ཁག་ཅིག་ནང་དཀའ་ངལ་འདི་འདྲ་འདུག་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་རྣམས་ལས་བགོས་བརྒྱབ་སྟེ་ས་གནས་བོད་མིའི་སྡོད་གནས་ཁག་ཏུ་རྟོག་ཞིབ་གནང་སྟེ། ས་གནས་ཀྱི་གནས་ཚུལ་དང་མི་མང་གི་དཀའ་ངལ་ཁག་ཕྱོགས་བསྡོམས་བཟོས་ཏེ་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་བཅས་ལ་སྙན་གསེང་ཞུས་ཡོད་པའི་ནང་འདི་ལྟར་བཀོད་འདུག

ཉེ་ཆར་ཕྱི་ཟླ་ ༣ པའི་ནང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་རྗེས། སྤྱི་འཐུས་རྣམ་པ་ཆ་བགོས་བརྒྱབ་སྟེ་བཙན་བྱོལ་བོད་མིའི་ས་གནས་གཞིས་ཆགས་ཁག་དང་ཁ་ཐོར་མི་མང་སྡོད་ས་དག་ལ་གཞུང་འབྲེལ་གཟིགས་སྐོར་གནང་ཡོད་པ་དང་། སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ལགས་དང་འཇིགས་མེད་འབྱུང་གནས་རྣམ་གཉིས་སིམ་ལ་དང་སེ་ལ་ཀུའི་སོགས་སུ་ཕྱོགས་སྐྱོད་དང་། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་དང་སྒྲོམ་མ་ཚེ་རིང་རྣམ་གཉིས་ཀྲི་ཀ་ནལ་དང་ཀོ་ལི་སྒལ་སོགས་སུ་ཕྱོགས་སྐྱོད། སྤྱི་འཐུས་འཇམ་དབྱངས་གཟོད་པ་ལགས་བཀྲ་ཤིས་ལྗོངས་དང་སྦིར་གཞིས་ཆགས་ཁག་གསུམ། སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་དབྱངས་ཅན་སྒྲོལ་དཀར་རྣམ་གཉིས་ཤིས་ལོངས་སོགས། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་དང་སྐལ་བཟང་དགྲ་འདུལ་རྣམ་གཉིས་རྡེ་ར་ལྡུན་ཁུལ། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས་དང་དབུ་དཀར་ཚང་གཡུ་སྒྲོན་རྣམ་གཉིས་ཀ་རྡོར་སྒང་གསུམ་བཅས་སུ་ཕྱོགས་སྐྱོད་གནང་སྟེ་ས་གནས་མི་མང་གི་བདེ་སྡུག་ལ་རྟོག་ཞིབ་གནང་ཡོད་འདུག  

འདི་གའི་གསར་འགོད་པས་ཕྱོགས་སྐྱོད་སྤྱི་འཐུས་རྣམ་པར་འབྲེལ་བ་ཞུས་ཏེ་ས་གནས་མི་མང་གི་གནས་སྟངས་གང་འདྲ་ཡིན་མིན་བཀའ་འདྲི་ཞུས་པར། སྤྱི་འཐུས་ཁག་ཅིག་གིས་ལས་བསྡོམས་འཐུས་ཚང་བཟོས་ཏེ་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་ལ་ཕུལ་ཟིན་པའི་ངོ་བཤུས་གསར་འགོད་པར་གནང་བྱུང་། དེ་དག་ཁྲོད་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལཊ་དང་འཇིཊ་མེད་འབྱུང་གནས་རྣམ་གཉིས། ཕྱི་ཟླ་ ༤ ཚེས་ ༡ ནས་ཚེས་ ༢༢ བར་སིམ་ལ་དབྱངས་ཅན་དགའ་ཚལ་གླིང་དང་བོན་གཞིས་ཐོབ་རྒྱལ་གསར་པ། སྤོན་ཊ་ཆོལ་གསུམ། སྤུ་རུ་ཝ་ལ། ས་ཊོན་ཁམས་ཀཿཐོག ཀུམ་རའོ་སྒ་པ། ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་། སེ་ལ་ཀུའི་བོད་ཁྱིམ་དང་ལས་རིགས་སློབ་གཉེར་ཁང་། གླིང་ཚང་གཞིས་ཆཊ་བཅས་སུ་ཕྱོགས་སྐྱོད་གནང་བའི་ལས་བསྡོམས་ནང་བཀོད་པ་ལྟར་ན།  ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་དུ་རང་བདེན་ཚོགས་ཆུང་གི་ལས་ཁུངས་བེད་མེད་དུ་གྱུར་ཡོད་པ་དང་། ས་གནས་མི་མང་ལ་འདུ་འཛོམས་བྱ་ཡུལ་ཚོགས་ཁང་མེད་པ། དང་ཟུར་རྒས་གསོ་ཁང་གི་རྒན་རྒོན་ཁག་ཅིག་ལ་དེ་སྔོན་ནང་སྲིད་ནས་ཟླ་རེར་ཧིན་སྒོར་ ༡༥༠ རེ་གནང་གི་ཡོད་ཀྱང་བར་ལམ་མཚམས་བཅད་ཡོད་པ། ཧ་རི་སྤུར་ཁ་འཐོར་མི་མང་ཁག་ཅིག་གིས་སྔོན་མ་བདེ་སྐྱིད་གླིང་གཞིས་ཆགས་གསར་བའི་ཁོངས་ཐོ་འགོད་བྱས་ཡོད་ཀྱང་། ད་ལྟ་དེ་དག་མེད་པར་གྱུར་ཏེ་གནད་དོན་ཁ་གསལ་མེད་པར་ལུས་ཡོད་པ། སྤུ་རུ་ཝ་ལ་གཞིས་ཆགས་སུ་དབྱར་དུས་ཆུ་ལོག་གི་རྐྱེན་པས་གཞིས་མིའི་སྡོད་ཁང་ཁག་ལ་དཀའ་ངལ་འཕྲད་མུས་དང་།  ས་གནས་མགོ་འཛིན་དང་གཞིས་དྲུང་ལ་ལས་ཤག་མེད་པའི་དཀའ་ངལ་སོགས་བཀོད་འདུག དེ་བཞིན། གཞིས་ཆགས་ཁག་སྔར་ཡོད་རུམ་གདན་བཟོ་གྲྭ་མང་པོ་ཞིག་རྩ་སྟོང་དུ་གྱུར་ཡོད་པ་དང་། རེ་ཟུང་ལྷག་ཡོད་པ་ཚོས་ཕན་ཚུན་ལ་འབྲེལ་འདྲིས་མེད་པར་གོང་ཚད་གཅིག་གྱུར་མིན་པ་སོགས་བཀོད་ཡོད་འདུག

ལས་བསྡོམས་ནང་མུ་མཐུད་བཀོད་དོན། གླིང་ཚང་གཞིས་ཆགས་སུ་རྒས་གཅོང་ཉམ་ཐག་རེ་ཟུང་ལ་རོགས་ཚོགས་སྔོན་མའི་རོགས་དངུལ་ཆད་ནས་རོགས་ཚོགས་གསར་བ་འཚོལ་མ་ཐུབ་པར་ལྷག་ཡོད་པ་དང་། ཀུམ་རའོ་སྒ་པ་དང་ས་ཊོན་ཁམས་ཀཿཐོག་གཞིས་ཆགས་གཉིས་སུ་ས་གནས་མགོ་འཛིན་གཅིག་ལས་མེད་པ་དང་བཞུགས་གནས་ངེས་གཏན་མེད་སྟབས་ལས་དོན་འཐུས་ཤོར་འགྲོ་བཞིན་ཡོད་པ། ར་ཇ་བྷན་ཞེས་པའི་ཀུམ་རའོ་ཚོགས་པའི་ས་ཆ་བྷི་ཀ་ ༥༧ ཙམ་ཡོད་པར་ས་མཚམས་ཀྱི་དཀའ་ངལ་འཕྲད་ཡོད་པ། སིམ་ལ་སོ་ལན་དུ་ཁ་འཐོར་དུད་ཚང་ ༣༤ ལ་གནས་ཡུལ་ས་ཆ་དང་སྡོད་ཁང་མེད་པའི་དཀའ་ངལ་བཀའ་ཤག་སྐབས་སྔོན་མ་དང་ནང་སྲིད་ལ་ཞུས་ཀྱང་དོན་འབྲས་སོན་མེད་པ། སིམ་ལ་ཁུལ་གྱི་བོད་མིའི་སྡེ་ཁག་བཞི་ཙམ་ལ་ཁ་མཆུའི་དཀའ་ངལ་ཡོད་པ། སིམ་ལ་སངས་རྒྱས་ཆོས་གླིང་གི་ཚོགས་པའི་ས་ཆའི་བོགས་གླ་ལོ་མང་རིང་སྤྲད་རྒྱུ་ལྷག་ནས་དཀའ་ངལ་འཕྲད་བཞིན་པ། དུས་ཐུང་རིང་སིམ་ལ་ས་གནས་མགོ་འཛིན་མང་པོ་བརྗེ་ལེན་བྱས་པར་བློ་ཕམ་ཡོད་སྐོར་སོགས་བཀོད་འདུག

ཡང་ལས་བསྡོམས་ནང་ས་གནས་མི་མང་གི་རེ་སྐུལ་ཁག་ཅིག་བཀོད་པར། མ་འོངས་པར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྲུ་གུ་སྐྱེ་ཚད་ཉུང་དུ་འགྲོ་བཞིན་པའི་ཐད་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་ཛ་དྲག་གི་སྲིད་བྱུས་ལག་བསྟར་བྱ་དགོས་པ་དང་། ཤེས་རིག་ལས་ཁུངས་ནས་༸གོང་ས་མཆོག་ཕྱི་རྒྱལ་གྱི་མཐོ་སློབ་ཁག་ཏུ་ཆིབས་བསྒྱུར་སྐབས་དང་བསྟུན་ཏེ་བོད་ཕྲུག་སློབ་འཇུག་ཡོང་བའི་ཐབས་ལམ་བསྐྲུན་དགོས་པ། རྒྱ་གར་ཡུལ་མིའི་ནང་བོད་དོན་རྒྱབ་སྐྱོར་བ་ཉུང་ངུ་ལས་མེད་པའི་དཀའ་ངལ་སེལ་ཐབས་ཐབས་བྱེད་དགོས་པ། དང་སློབ་ནས་ཕྱིར་འཕུད་བྱས་པའི་གཞོས་སྐྱེས་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། དང་སློབ་ཁོངས་སུ་མྱོས་རྫས་ངན་གོམས་ཅན་མང་པོ་འཐོན་བཞིན་པ་རྣམས་ལ་དང་སློབ་རང་ནས་བཅོས་ཐབས་བྱ་དགོས་པའི་འབོད་སྐུལ་སོགས་གནང་འདུག

སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ་ལགས་དང་སྤྱི་འཐུས་སྒྲོལ་མ་ཚེ་རིང་རྣམ་གཉིས་ཕྱི་ཟླ་  ༥ ཚེས་ ༦ ནས་ཚེས་ ༢༡ བར་ཀྲི་ཀ་ནལ་དང་ཨུ་ཀྲི། ཀོ་ལི་སྒལ་དོན་ལྡན་གླིང་བཅས་སུ་ཕྱོགས་སྐྱོད་གནང་བའི་ལས་བསྡོམས་ནང་། ཀོ་ལི་སྒལ་དོན་ལྡན་གླིང་གཞིས་ཆགས་སུ་ལོ་གཉིས་བསྟུད་མར་ཆར་ཆུ་དཀོན་པའི་དཀའ་ངལ་འོག་མི་མང་གིས་ས་ཞིང་འདེབས་མི་ཐུབ་པའི་དཀའ་ངལ་འཕྲད་ཡོད་པ་དང་། གཞིས་ཆགས་ནང་ས་གནས་མགོ་འཛིན་དང་མཉམ་འབྲེལ་སོ་སོར་དབྱེ་འབྱེད་བྱས་ཏེ་སྤྱི་མཐུན་མཉམ་འབྲེལ་གྱི་མགོ་གཙོ་སོགས་ཀྱིས་ས་གནས་ཀྱི་བདེ་སྡུག་ལ་གཟིགས་རྟོག་བྱེད་ཀྱི་མེད་པ་དང་། འདི་ལོ་མཉམ་འབྲེལ་གྱིས་ཨ་ཤོམ་བཙོང་མ་ཐུབ་པ་དང་དངུལ་གཡར་མ་ཐུབ་པ་བཅས་ལ་བརྟེན་ཏེ་སོན་ལུད་ཉོ་ཐུབ་མེད་པ། ཀོ་ལི་སྒར་ཕོ་བྲང་གཡས་གཡོན་གྱི་ཚེར་ཤིང་ཡུལ་མི་ཚོས་གཅོད་འབྲེག་བྱས་སྟབས་རི་ཕག་གི་དཀའ་ངལ་འོག་ས་ཞིང་ཨེ་ཀེར་ ༥།༦ ཉིན་མཚན་མེད་པར་སྲུང་དགོས་བྱུང་ཡོད་པ། ས་གནས་མི་མང་གིས་ཤེས་རིག་གི་མདུན་ལམ་སློབ་སྟོན་པ་ལོ་གཅིག་ནང་ཐེངས་གཉིས་རེར་ཕེབས་རྒྱུའི་རེ་སྐུལ་ཞུས་ཀྱང་ད་ལྟའི་བར་ས་གནས་སུ་འབྱོར་མེད་པ། དེང་སྐབས་གཞིས་ཆགས་ནང་ཕྱི་མི་ཕེབས་པར་ (PAP) བཀའ་འཁྲོལ་མེད་ཚེ་ཡོང་མི་ཆོག་སྟབས་རོགས་ཚོགས་འཚོལ་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་སོགས་བཀོད་འདུག

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཕྱི་ཟླ་ ༥ བའི་ཚེས་ ༡༥ ནས་ ༢༧ ཉིན་བར་བཀྲ་ཤིས་ལྗོངས་དང་སྦིར་གཞིས་ཆགས་ཁག་གསུམ། སུན་མཚོ་མན་གསུམ། མ་ན་ལི་བཅས་ཕྱོགས་སྐྱོད་གནང་བའི་ལས་བསྡོམས་ནང་། འདི་ལོའི་གསུམ་བཅུའི་དུས་དྲན་སྐབས་བཀྲ་ཤིས་ལྗོངས་ཡིག་ཚང་དུ་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་འབྱོར་མེད་སྐོར་དང་། དབྱར་དུས་ས་གནས་ཀྱི་ཚོགས་ཁང་རྒྱབ་ཏུ་ཆུ་ལོག་གི་ཉེན་ཁ་འཕྲད་བཞིན་པ་དང་། མི་མང་ལ་འཐུང་ཆུའི་དཀའ་ངལ་འཕྲད་བཞིན་ཡོད་པ། སྦིར་ས་གནས་ཀྱི་ཉམ་ཐག་ལ་ཞིབ་འཇུག་བྱ་དགོས་པ་སོགས་བཀོད་འདུག དེ་བཞིན། མཚོ་པད་མའི་མི་མང་ལ་ལ་ཚོགས་ཁང་མེད་པའི་དཀའ་ངལ་དང་། མན་ཌི་ས་གནས་མི་མང་ལ་ཁྲོམ་ས་དང་སྡོད་གནས་བཅས་ཀྱི་དཀའ་ངལ། མ་ན་ལིར་དེང་སྐབས་རྒྱ་གར་གྱི་ཚོང་པ་ཇེ་མང་དུ་སོང་སྟེ་ཚོང་ཁང་གི་གླ་ཆ་ལྡབ་འགྱུར་འཕར་ཏེ་བོད་མི་ཉམ་ཆུང་མང་པོར་དཀའ་ངལ་འཕྲད་ཀྱི་ཡོད་སྟབས། བོད་མིའི་ཚོང་པའི་སྒྲིག་འཛུགས་ཀྱིས་ས་གནས་བོད་མི་ཚོང་པ་ཚོ་དངུལ་བསྡུ་རུབ་དང་།  དེའི་ཐོག་བོད་མི་སྒྲིག་འཛུགས་ནས་རོག་རམ་ཞུས་ཏེ་བོད་མིའི་ཁྲོམ་ར་(Tibetan Mall)ཟེར་བ་ཞིག་འཛུགས་སྐྲུན་བྱ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད་སྐོར་སོགས་འཁོད་འདུག

གསར་འགོད་པ། དོན་གོ

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ་་་་ གོ་ཐོས་སུ་ཉེ་སྔོན་གཞུང་ཞབས་མ་གཏོགས་རང་ཁུངས་པའི་གླ་ཆ་སྤར་པ་ཕར་ཞོགས་ད་དུང་རང་ཁུངས་ལས་བྱེད་ལོ་དྲུག་ཅུར་སླེབས་པ་ཆ་ཚང་ཕྱིར་ཕུད་བྱེད་པའི་ཡིག་ཆ་སླེབས་ཟིན་པ་འདྲ། རང་ཁུང་མང་ཆེ་བ་གསར་འབྱོར་བ་རེད་འདུག དེའི་ནང་་མི་ལོ་ཉི་ཤུ་ཡས་མས་སུ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱས་ཡོད་ཀྱང་།
    མཁོ་ཉིན་གྱི་རྡོ་རྗེ་དང་མི་མཁོ་ཉིན་ལ་གདོན་རྫས་ལྟ་བུར་ཕྱིར་ཕུད་བྱེད་རྐྱང་རེད། དེ་དག་རིགས་ཀྱང་སྤྱི་འཐུས་རྣམ་པས་གོ་ཡི་མེད་པ་འདྲ་ཁོ་ཚོས་ཧ་གོ་ཡང་ཡང་སྐད་ཆ་འདྲ་ཆགས་པོ་རེས་ཐག་གཅོད་བྱེད་ངེས་རེད། ་་་་་་ཟེར།

    Reply
  2. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རེད་རེད་བོད་པ་གསར་འབྱོར་བ་མང་པོ་ཞིག་ལོ་རེར་སྐྱབས་བཅོལ་ལག་དེབ་ལོ་སྣོན་བྱེད་པར་དཀའ་ངལ་མང་པོ་འཕྲད་ཀྱིན་པར་སྤྱི་འཐུས་རྣམ་པའི་རྣ་བར་གོ་མྱོང་བ་ཙམ་ལས་ཇུས་གཏོགས་མེད་པ་ལྟ་བུར་ཆགས་ཡོད་རེད། ནམ་རྒྱུན་དེ་དག་གིས་ཁ་སྙན་པོ་བཤད་ནས་དོན་དག་ངོ་མ་ད་ལྟ་བར་དུ་གཡུག་བཞག་ཡོད་པ་རེད། བཙན་བྱོལ་ནང་ཁ་སྙན་པོས་གོང་ཁུག་ནི་རེད། ད དུང་དོན་དག གཞན ཞིག་ཡོད་པ་སྟེ། རྒྱ་གར་ནང་ལོ་རེར་བཞིན་ཟས་གོས་སོགས་ཀྱི་གོང་ཚད་འཕར་བཞིན་པས་གངས་སྐྱིད་གཤོངས་ཀྱི་གཞུང་ཞབས་པར་གླ་ཆ་འཕར་ཟིན་ཡང་རང་ཁུང་ལས་བྱེད་ཚོར་གནས་ལུག་འདྲ་ཆགས་པོ་བཤད་ཀྱིན་ད་དུང་སྤར་ཡོད་པ་མ་རེད། དཔེར་སྣེ་ལེན་ཁང་ལྟ་བུར་མཚོན་ན་རང་ཁུང་ལས་བྱེད་ཀྱི་འཇོན་ཐང་དང་ལྷག་བསམ་གང་ཅི་ཐད་ནས་གཞུང་ཞབས་པ་ལས་ལྷག་ཡོད་ཀྱང་། གོ་ཐོས་སུ་ཉེ་སྔོན་གཞུང་ཞབས་མ་གཏོགས་རང་ཁུངས་པའི་གླ་ཆ་སྤར་པ་ཕར་ཞོགས་ད་དུང་རང་ཁུངས་ལས་བྱེད་ལོ་དྲུག་ཅུར་སླེབས་པ་ཆ་ཚང་ཕྱིར་ཕུད་བྱེད་པའི་ཡིག་ཆ་སླེབས་ཟིན་པ་འདྲ། རང་ཁུང་མང་ཆེ་བ་གསར་འབྱོར་བ་རེད་འདུག དེའི་ནང་་མི་ལོ་ཉི་ཤུ་ཡས་མས་སུ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱས་ཡོད་ཀྱང་། མཁོ་ཉིན་གྱི་རྡོ་རྗེ་དང་མི་མཁོ་ཉིན་ལ་གདོན་རྫས་ལྟ་བུར་ཕྱིར་ཕུད་བྱེད་རྐྱང་རེད། དེ་དག་རིགས་ཀྱང་སྤྱི་འཐུས་རྣམ་པས་གོ་ཡི་མེད་པ་འདྲ་ཁོ་ཚོས་ཧ་གོ་ཡང་ཡང་སྐད་ཆ་འདྲ་ཆགས་པོ་རེས་ཐག་གཅོད་བྱེད་ངེས་རེད།

    Reply
  3. རྨེའུ་དཀོན་རྒྱམ། says:
    ལོ་ 13 སྔོན།

    དེ་མཚུངས་བཞུགས་སྒར་རྡ་རམ་ས་ལར་རྟོག་ཞིབ་གནང་མཁན་སྤྱི་འཐུས་སུ་སུ་ཡིན་ནམ། ལྷག་པར་དུ་སྐྱབས་བཅོལ་ལག་དེབ་ཀྱི་ཕྱོགས་ནས་དཀའ་ངལ་ཡོད་མཁན་མང་པོ་ཞིག་འདུག་ལ། ཕྱི་རྒྱལ་དུ་འགྲོ་མཁན་ཉིན་རེར་བཞིན་ཇེ་མང་དུ་འགྲོ་བཞིན་པའི་གནས་སྟངས་སོགས་ཀྱི་ཐད་ལ་ཞིབ་འཇུག་གནད་ལ་སྨིན་པ་ཞིག་བྱས་ཡོད་དམ།

    རྡ་སའི་ཁྲོམ་ལམ་གཡས་གཡོན་དུ་ཅ་ལག་ཙག་ཙིག་བཙོང་ནས་འཚོ་བ་སྐྱེལ་མཁན་རྣམ་པའི་གནས་སྟངས་དཀའ་ངལ་ཆེན་པོ་སྟེ་སེལ་ཡོད་པའི་གནས་ཚུལ་ཞིག་གོ་སོང་། དེ་བདེན་པ་ཡིན་ན། ད་ནས་བཟུང་ནས་རྒྱ་གར་ཉེན་རྟོག་སྐོར་སྲུང་བ་རྣམས་ཀྱིས་དུས་ནས་དུས་སུ་ཁྲོམ་ས་གཏོར་བ་དང་ཚོང་རྫས་འཕྲོགས་པ་དངོས་གནས་མི་བྱེད་རྒྱུ་ཨེ་རེད། ཡང་མིན་ན། ཁྲོམ་ས་གསར་བ་ཞིག་རག་པ་ཨེ་རེད།

    རྡ་སའི་ཉེ་ཁུལ་གྱི་སྣེ་ལེན་ཁང་སྟོང་བར་གྱུར་བ་དང་། ལོ་རེར་བཞིན་གཞུང་ཞབས་ལས་བྱེད་གསར་བསྡུ་བྱེད་གྲངས་ཇེ་འཕར་དུ་འགྲོ་བཞིན་པའི་གནས་སྟངས། བཞུགས་སྒར་ཁུལ་གྱི་མི་དམངས་ཀྱི་ཉིན་རེའི་འཚོ་བའི་གནས་བབ་དང་དཀའ་ངལ་སོགས་སྐོར་ནས་ཞིབ་འཇུག་གནང་ཡོད་དམ། གལ་སྲིད། གནང་ཡོད་ན། དེའི་ཕྱོགས་སྡོམ་གནས་བབ་གང་འདྲ་ཞིག་ཡིན་ནམ། གལ་སྲིད། མེད་ན་ནམ་ཞིག་ལ་རྟོག་ཞིབ་གནང་རྩིས་ཡོད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese