མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ངས་བོད་མིའི་ཆབ་སྲིད་ཐོབ་ཐང་ཁོ་ན་གཙོ་བོར་འཛིན་གྱི་མེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་གཟའ་ཟླ་བ་ཉིན་ནས་བཟུང་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་གི་ཡོད་ཅིང་། ཚེས་བཅུ་ཉིན་ལ་ཏི་ཝི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བར་མཇལ་འཕྲད་ཀྱིས་གསུང་བཤད་དང་། ཁ་སང་ལེ་ལུ་ཐེ་ནི་ཡའི་སྲིད་འཛིན་མཆོག་ལ་མཇལ་འཕྲད་བཅས་གནང་ཡོད་འདུག

ཁ་སང་ཚེས་ ༡༡ ཉིན་༸གོང་ས་མཆོག་ལེ་ལུ་ཐེ་ནི་ཡ་(Lithuania)ཞེས་པའི་སྲིད་འཛིན་ལྕམ་སྐུ་ད་ལི་ཡ་གེར་བྷུ་སི་ཀེ་ཊི་(Ms Dalia Grybauskaite)མཆོག་གིས་མཇལ་འཕྲད་ཞུས་ཡོད། སྐབས་དེར་སྲིད་འཛིན་མཆོག་གིས་༸གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱངས་པར་དགའ་བསུ་ཞུས་ཡོད་པ་དང་། ༸གོང་ས་མཆོག་གིས་ཀྱང་སྲིད་འཛིན་མཆོག་ལ་མཇལ་དར་བསྒྲོན་ཏེ་འཚམས་འདྲི་མཛད་ཡོད། སྲིད་འཛིན་མཆོག་གིས་ལུ་ཐེ་ནི་ཡའི་མི་མང་ཚོས་༧གོང་ས་མཆོག་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་སྟབས། ཐེངས་འདིར་ཁོང་མོས་༸གོང་ས་མཆོག་ལ་སྣེ་ལེན་ཞུ་ཐུབ་པར་ཧ་ཅང་དགའ་སྤོབས་ཆེན་པོ་བྱུང་ཡོད་ཚུལ་དང་། ༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཡག་པོ་ཡོད་པར་དགའ་སྤྲོ་བཅས་མཛད་ཡོད་འདུག སྲིད་འཛིན་ལྕམ་སྐུ་མཆོག་ཡུ་རོབ་སྤྱི་མཐུན་ཚོགས་པའི་(President of the European Union )ཚོགས་གཙོ་ཡིན་འདུག

༧གོང་ས་མཆོག་ཟླ་འདིའི་ཚེས་ ༩ ཉིན་ཡུ་རོབ་ཤར་ཕྱོགས་རྒྱལ་ཁབ་ལ་ཁྲི་ཝེ་ཡཱའི་ (Latvia) རྒྱལ་ས་རེ་གྷ་ (Riga)ཞེས་པར་ཞབས་སོར་བཀོད་དེ། ཉིན་དེའི་སྔ་དྲོ་གསར་འགོད་པར་ཐུག་འཕྲད་དང་། ༡༩༡༨ ། ༡༩༢༠ བར་ལི་ཁྲི་ཝེ་ཡའི་རང་དབང་འཐབ་རྩོད་ཁྲོད་འདས་གྲོངས་སུ་ཕྱིན་པའི་དམག་མིའི་ཆེད་གསར་འཛུགས་གནང་བའི་དྲན་རྟེན་རྡོ་རིང་མདུན་ཐུགས་སྨོན་མཛད་ཡོད་པ་དང་། ཕྱི་དྲོར་རེ་གྷ་ཨེ་རེ་ནཱ་(Riga Arena ) ཚོགས་ཁང་དུ་ཆིབས་བསྒྱུར་གྱིས་གཞོན་སྐྱེས་ཁག་གཅིག་ལ་བྱམས་བརྩེའི་གཟེངས་རྟགས་(Youth Compassion Award) དང་། ཡུ་རོབ་ཤེས་ཡོན་ལྷན་ཚོགས་ཀྱི་བོད་སྨན་ཚན་པར་སློབ་མཐར་ཕྱིན་པའི་སློབ་མར་ལག་འཁྱེར་གནང་ཡོད་ཅིང་། མང་ཚོགས་ལ་༼བྱམས་བརྩེ་ལྡན་པའི་རིག་གཞུང་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་དང་། ས་གནས་སུ་ཡོད་པའི་ནང་པ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ལ་མཇལ་ཁ་དང་བཀའ་སློབ་གནང་ཡོད་འདུག

ལ་ཁྲི་ཝེ་ཡཱའི་བརྙན་འཕྲིན་ (Latvian Television) གྱི་གསར་འགོད་པའི་དྲི་བའི་ལན་དུ། ཁོང་ཉིད་སྐུ་ཆུང་བའི་དུས་ནས་དབང་ཆ་མི་རེ་ཟུང་གི་ལག་ཏུ་ཡོད་ན་དེར་སྐྱོན་ཞིག་ཡོད་པ་མཐོང་གི་ཡོད་པ་དང་། དམངས་གཙོའི་ལམ་ལུགས་དེ་མི་མང་གཙོ་བོ་ཡིན་པ་དང་། མི་མང་ལ་དགོས་མཁོ་ཡོད་སྐབས་སྲིད་གཞུང་བརྗེ་བོ་རྒྱག་རྒྱུའི་དབང་ཆ་ཡོད་སྟབས། སྲིད་བྱུས་དེ་ཡང་དག་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ལོ་རྒྱུས་ཐོག་བོད་སོག་རྒྱ་གསུམ་དབང་ཤུགས་ལྡན་པའི་རྒྱལ་ཁབ་ཆགས་ཡོད་ཀྱང་། བོད་ནང་དེང་རབས་འཕྲུལ་ཆས་སོེཊ་ཡར་རྒྱས་གང་ཡང་མེད་པའི་ལུང་པ་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་གནས་བྱས་ཏེ་བསྡད་ན་ཁེ་ཕན་ཡོད་ཚུལ་སོགས་གསུངས་ཏེ། བོད་དོན་རྒྱབ་སྐྱོར་ཇི་ལྟར་བྱ་དགོས་མིན་ཐད། “ ངོས་ཀྱིས་བོད་མིའི་ཆབ་སྲིད་ཐོབ་ཐང་ཁོ་ན་གཙོ་བོར་འཛིན་གྱི་མེད། ཆབ་སྲིད་ཐོབ་ཐང་དེ་ལས་བོད་མིའི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་གཙིགས་ཆེར་འཛིན་བཞིན་ཡོད་སྟབས། ཁྱེད་རྣམས་ཀྱིས་འཚེ་མེད་ཞི་བ་དང་བྱམས་བརྩེའི་ལྟ་གྲུབ་ལ་གཞི་བཅོལ་ཏེ། བོད་མིའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་ཇི་ལྟར་ཐུབ་མིན་ཐད་རོགས་རམ་གནང་རོགས། ” ཞེས་གསུངས་ཡོད།

ཕྱི་ཚེས་ ༡༠ ཉིན་གྱི་ཉིན་རྒྱབ་ལ་ཏི་ཝི་ཡའི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ལ་མཇལ་འཕྲད་སྐབས། “ འདས་པའི་མི་ལོ་ ༥༠ ལྷག་ཙམ་རིང་ངོས་ཀྱིས་བོད་མིའི་སྤྱི་ཚོགས་དམངས་གཙོའི་ལམ་དུ་འགྲོ་བར་ཞབས་འདེགས་ཕྲན་བུ་ཞུས་ཡོད་པར་ངོས་འཛིན་ཞུས་ཆོག ༢༠༡༡ ལོར་ངོས་ཀྱིས་བོད་མིའི་ཆབ་སྲིད་ཀྱི་ལས་འགན་ནས་རྒན་ཡོལ་ཆ་ཚང་ཞུ་ཐུབ་པ་རེད། ང་ཚོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་ཆགས་རྒྱུར་ཆོད་སེམས་བརྟན་པོ་ཡོད། དེ་ལྟར་བྱས་ཚེ་བོད་དེ་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུར་ཁེ་ཕན་ཡོད། བོད་མི་ཚོར་ཡང་ཁྱེད་ཚོ་ལྟར་རང་གི་ཐུན་མིན་སྐད་དང་ཡི་གེ་ཡོད། ཁྱེད་ཚོས་ཇི་ཙམ་རང་གི་ཐུན་མིན་སྐད་ཡིག་ལ་བརྩེ་བ་ཡོད་པ་ལྟར། བོད་མི་ཚོས་ཀྱང་དེ་མཚུངས་རང་གི་ཐུན་མིན་སྐད་ཡིག་ལ་ཧ་ཅང་གཙིགས་ཆེན་བྱེད་ཀྱི་ཡོད། ནང་པ་སངས་རྒྱས་པའི་གཞུང་འགྲེལ་བཤད་མཐིལ་ཕྱིན་པ་ཞིག་རྒྱག་དགོས་ཚེ་བོད་ཡིག་ལས་ལྷག་པའི་སྐད་རིགས་དེང་སྐབས་འཛམ་གླིང་འདིའི་ནང་རྙེད་རྒྱུ་མེད། ང་ཚོའི་དམིགས་ཡུལ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་ལྟར་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྤྲད་པ་དེ་ལག་བསྟར་བྱེད་དགོས་རྒྱུ་དེ་ཡིན།” ཞེས་གསུངས་འདུག

ཡང་བོད་ཀྱི་ཁོར་ཡུག་དང་བོད་བརྒྱུད་ནང་བསྟན། རྒྱ་ནག་ནང་སྤྱི་ཚོགས་དྲང་བདེན་དང་ཁྲིམས་ཀྱི་དབང་བསྒྱུར་འོག་འགྲོ་ཐུབ་རྒྱུ་དང་། བོད་མི་ཚོར་ཆོས་དད་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཐད། “ བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་སྤྲོད་ཐུབ་ཚེ། རྒྱ་དཀར་ནག་གཉིས་བར་དུ་བར་བཞུགས་ཡོང་རྒྱུར་ཕན་རླབས་ཡོད། དེ་འདྲ་བྱུང་ན་ས་མཚམས་སུ་དྲག་དམག་ཕོན་ཆེན་ཡོད་པ་དེ་དག་ཇེ་ཉུང་དུ་བཏང་སྟེ། ཞི་བདེའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུར་ཁེ་ཕན་ཡོད། ”ཅེས་གསུངས་ཡོད་འདུག

གསར་འགོད་པ། དོན་གོ

མཆན། 4

  1. ཆབ-ནོར་བྷེ says:
    ལོ་ 9 སྔོན།

    ཡག་པོ་འདུག

    Reply
  2. བསྟན་ཆོས། says:
    ལོ་ 10 སྔོན།

    ཤག་སྒང་དང་ཉི་བསམ་ལགས། ད་ཆོག་གི སྐུ་མདུན་གྱི་དགོངས་པ་རང་གི་རྟོག་ཡོད་མདོག་མདོག རང་གཉི་གས་རྟོག་ཡོད་སྲིད་ཀྱང་། རང་ལས་གཞན་པའི་བོད་ཚོས་རྟོག་མད་མདོག་མདོད་དང། བོད་པ་ཚོས་མི་ལེགས་པ་རྐྱང་རྐྱང་གནང་གི་ཡོད་མདོག་མདོག་བྱེད་པ་འདི་ལེགས་པོར་མི་མཐོང་ངོ།། མ་གཞི་ནས་གང་ཡིན་སར་ཅིག་བཤད་དགོས་དོན་ཅི། སྐུ་མདུན་གྱི་གསུང་དང་འབྲེལ་བའི་གཤམ་ལ་ཡང་མཆན་འབྲི་བར་ཅི་ཡང་མི་སྙམ་པ་འདི་ལས་ཧམ་པ་ཆེན་པོ་ཞིག་གང་ན་ཡོད་དམ།

    Reply
  3. ཤག་སྒང་པ། says:
    ལོ་ 10 སྔོན།

    འོན་ཀྱང་བོད་མི་ཀླད་སྟོང་དེ་ཚོས་ཁྱོད་ཀྱི་དགོངས་གཞི་ཟབ་མོའི་གཏིང་དཔོག་ཐུབ་ཀྱི་མི་འདུག དེ་རིང་དམར་དམར་རྗེན་རྗེན་དུ་གསུངས་པར་བཀའ་དྲིན་ཆེ། གུས་ཕྱག་་འཚལ་ལོ།།

    Reply
  4. ཉི་མ་བསམ་འཕེལ། says:
    ལོ་ 10 སྔོན།

    མགོན་པོ་ཁྱེད་ཀྱིས་དཀའ་ངལ་མང་པོར་གདོང་ལེན་གནང་སྟེ་ཉི་མ་དེ་རིང་བར་བསླེབས་ཡོད། (ཆིག་དགུ་ང་དགུ་ལོར་རྒྱ་གར་འཕགས་ཡུལ་དུ་བྲོས་བྱོལ་ཕེབས་པ་ནས་བཟུང་། བརྒྱད་ཅུ་གྱ་གྲངས་དབར་སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་བཅོས་མིན་སྙིང་རྗེ་སྐྱེས་གནང་ནས་སྡུག་བསྔལ་གྱི་ཁུང་བུའི་ནང་ཚུད་པའི་སྐྱབས་བཅོལ་བོད་མི་ཚོར་སློབ་གྲྭ་གསར་འཛུགས་དང་ཆོས་སྡེ་གསར་བཞེངས། དེ་བཞིན་བོད་མི་འདུས་སྡོད་བྱེད་སའི་གཞིས་ཆགས་གསར་འཛུགས་སོགས་རླབས་ཆེན་མཛད་རྗེས་འཇོག་གནང་མཛད་ཀྱང་། དྲིན་བྱས་དྲིན་དུ་མ་བསམ་པའི་བོད་རིགས་མང་པོས་ཁྱེད་ཐུགས་དཀྲུགས་ཏེ། ཚོགས་ཁག་བཅོ་གསུམ་དང་ཐེ་ལྦན་བོད་སོག་ལས་ཁུངས། ཆུ་བཞི་སྒང་དྲུག གདོལ་རྒྱལ་བསྟེན་གསོལ། དེ་བཞིན་རང་བཙན་དང་དབུ་མའི་ལམ་གྱི་རྩོད་རྙོག་སོགས་ཆར་རྗེས་ཀྱི་མྱུ་གུ་འབུས་པ་ལྟར་སྤྱི་ཚོགས་ཆུང་ཆུང་འདིའི་ནང་ནད་ཡམས་བཞིན་ཁྱབ་དུས་ཁྱེད་ཐུགས་ལ་ཐུགས་ཕམ་བཟོས་ཤིང་དཀའ་སྡུག་ཀྱང་གྲངས་མེད་བསྐྲུན་ཡོད།)

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist