མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གླིང་ཚ་བོར་ནས་ཉིན་ ༡༠༠ ཕྱིན་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་བརླག་ཏུ་ཕྱིན་ཏེ་ཉིན་ ༡༠༠ ཕྱིན་ཡོད་པ་དང་། བོད་མིའི་སྒྲིག་འཛུགས་དང་ཁོང་གི་ནང་མི་སོགས་ཀྱིས་གླིང་ཚའི་ཤི་གསོན་ཤེས་ཐུབ་ཀྱི་མི་འདུག་ཟེར།  

བོད་སྐྱོད་ཞི་བའི་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༨ ཉིན་གྱི་ཞོགས་པར། རྒྱ་གར་ནུབ་བྷིང་གྷིལ་(West Bengal)མངའ་སྡེའི་ཀ་ལོན་སྤུག་སྲད་རྒྱུད་གྲྭ་ཚང་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་། དུས་དེ་ནས་དེ་རིང་བར་ཉིན་ ༡༠༠ ཕྱིན་ཡོད་ཀྱང་། སུ་གང་གིས་ཁོང་གར་སོང་གར་སྡོད་ཀྱི་གནས་ཚུལ་གཅིག་ཀྱང་མཐོང་ཐོས་ཐུབ་མེད་པ་དང་། བཙན་བྱོལ་སྤྱི་ཚོགས་ནང་འགའ་རེས་ཁོང་བོད་དུ་འབྱོར་ཡོད་སྐོར་དང་། འགའ་རེས་རྒྱ་མིས་བཙོན་འཇུག་བྱས་ཚུལ། ཡང་ཁག་ཅིག་གིས་རྒྱ་གར་གསང་བའི་ལས་ཁུངས་ཀྱིས་འཇུ་བཟུང་བྱས་ཚུལ་སོགས་ཚོད་དཔག་སྣ་ཚོགས་བྱེད་བཞིན་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་བོད་མིའི་སྒྲིག་འཛུགས་བདེ་སྲུང་དྲུང་ཆེ། མདོ་སྨད་དབུས་རྒྱུན་སོགས་ལ་གླིང་ཚའི་སྐོར་མཐོང་ཐོས་ཡོད་མེད་བཀའ་འདྲི་ཞུས་པར། ད་སྔ་ཁོང་ཅག་སུ་གང་གིས་ཀྱང་གླིང་ཚའི་སྐོར་གྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད་པ་དང་། བདེ་སྲུང་ལས་ཁུངས་བརྒྱུད་མུ་མཐུད་དུ་རྩད་གཅོད་གནང་གི་ཡོད་སྐོར་གསུངས་སོང་།   

ཁ་པར་བརྒྱུད་ཀ་ལོན་སྤུག་ས་གནས་མགོ་འཛིན་བསྟན་འཛིན་ཆོས་འཕེལ་ལགས་སུ་བཅར་འདྲི་ཞུས་པར། ཁོང་གིས། “ཀ་ལིན་སྤུག་ཏུ་ཞག་གཅིག་བསྡད་རྗེས་སྒང་ཏོག་ཏུ་ཕྱིན་པ་རེད། ཁོ་རང་མི་སྒེར་གྱི་ཐོག་ནས་ཕེབས་པ་རེད། ང་ཚོ་ལས་ཁུངས་ལ་འབྲེལ་བ་གང་ཡང་གནང་མ་སོང་། ཁོ་བོར་བརླག་ཕྱིན་རྗེས་ང་ཚོ་ས་གནས་རྒྱ་གར་གསང་བའི་ལས་ཁུངས་ལ་བཅར་ནས་བཀའ་འདྲི་ཞུས་ཀྱང་། ཁོ་ཚོས་མཐོང་ཐོས་མ་བྱུང་ལ། ཀ་ལོན་སྤུག་ན་མི་འདུག་གསུངས་སོང་། གང་ལྟར་ད་ལྟའི་ཆར་སུ་གཅིག་གིས་ཧ་གོ་ཡི་མིི་འདུག”ཅེས་བརྗོད་སོང་།   

དེ་རིང་ཡང་གསར་འགོད་པས་ངྷ་སར་གནས་སྡོད་གླིང་ཚའི་ཨ་མ་ལྡོམ་པོ་སྐྱིད་ལགས་སུ། གླིང་ཚའི་སྐོར་གྱི་གནས་ཚུལ་འདྲ་ཐོས་ཡོད་མེད་དང་། ད་ལྟ་ཕ་མ་གཉིས་ལ་བསམ་ཚུལ་གང་འདྲ་ཡོད་མེད་དྲིས་པར། ཁོང་མོས་“ཚེ་བརྟན་རྡོ་རྗེ་གར་སོང་ཆ་མེད་དུ་གྱུར་ནས་ཉིན་མཚན་ ༢༠༠ ཕྱིན་སོང་། ད་ལྟ་ད་དུང་ཁོང་ཤི་གསོན་གང་ཡིན་ཟུར་ཙམ་ཡང་ཤེས་ཐུབ་ཀྱི་མི་འདུག ངེད་ཕ་མ་གཉིས་ལ་སེམས་ཁྲལ་ཆེན་པོ་འདུག་ཀྱང་ཐབས་ཤེས་གང་ཡང་མི་འདུག བོད་ནང་ཡོད་པའི་སྤུན་མཆེད་དང་ཨ་ཞང་སོགས་ཀྱིས་ཀྱང་རྟག་པར་ཁ་པར་ནས་ཚེ་བརྟན་རྡོ་རྗེའི་སྐོར་སྐད་ཆ་འདྲི་བཞིན་འདུག ད་སྔ་བོད་གཞུང་དང་མདོ་སྨད་རྒྱུན་ལས་སོགས་ཀྱིས་ཁོ་ལ་ཐུགས་ཁུར་རྒྱབ་སྐྱོར་ཧང་སང་པ་གནང་སོང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་མུ་མཐུད་ཁོ་ཤི་གསོན་གྱི་གནས་ཚུལ་ཞིག་ཤེས་རྟོགས་ཡོང་རྒྱུར་རོགས་རམ་གནང་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད ”ཅེས་བརྗོད་སོང་།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

སྐར་མ ༥༧ སྔོན་ལ།
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

ཆུ་ཚོད་ ༢ སྔོན་ལ།
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

ཆུ་ཚོད་ ༣ སྔོན་ལ།
སྲིད་སྐྱོང་དང་དཔལ་འབྱོར་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༣།༡༥
Mobile App

རྩིས་ལོ་ ༢༠༢༦ ་་་ ༢༠༢༧ ལོར་སྔོན་རྩིས་ཧིན་སྒོར་ས་ཡ་ ༣༤༠༧།༤༢ འཆར་འབུལ་ཞུས་འདུག 

༢༠༢༦/༠༣/༡༦
སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པ་འཚོག་བཞིན་པ། ༢༠༢༦།༣།༡༦ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་བཅུ་བདུན་པའི་སྔོན་རྩིས་གྲོས་ཚོགས་འཚོག་མགོ་བཙུགས།

༢༠༢༦/༠༣/༡༦
བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་ཐེངས་གསུམ་པ་འཚོགས། ༢༠༢༦།༣།༡༣ དུས་བབ་ཀྱི་པར།
Mobile App

སྟོབས་དང་ནུས་པ་གང་ཡོད་པ་ངོས་བཟུང་ནས་ང་ཚོའི་ཞན་ཆ་ཉུང་དུ་གཏོང་དགོས་ཞེས་གསུངས།

༢༠༢༦/༠༣/༡༣

མཆན། 1

  1. སྐལ་བཟང་དགྲ་འདུལ། says:
    ལོ་ 13 སྔོན།

    བོད་ཁ་བ་ཅན་ཚང་གི་དཔའ་བོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཕ་མ་ནང་མི་རྣམ་པར་སེམས་གསོ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese