མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྐབས་བཅོ་ལྔ་བའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དྲུག་པ་དབུ་འཛུགས་གནང་སྟེ། སྤྱི་འཐུས་ཚོགས་གཙོ་མཆོག་གིས་རྒྱ་གཞུང་གི་བྱེད་ཕྱོགས་སྐོར་དང་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ། སྤྱི་འཐུས་ཀརྨ་ཆོས་འཕེལ་གྱི་གསལ་བསྒྲགས་སྐོར། དེ་བཞིན། ལྐོག་ཟ་རུལ་སུངས་བཅས་ཀྱི་ཐོག་གཏམ་བཤད་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ སྟེང་། སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་གངས་སྐྱིད་བཀའ་ཤག་ཚོགས་ཁང་དུ་དབུ་འབྱེད་གནང་སོང་། ཐེངས་འདིའི་གྲོས་ཚོགས་ཐོག་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་ ༤༠ དང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དབུས་པའི་ཕྱག་རོགས་བཀའ་བློན་རྣམ་པ། ཟུར་ཉན་དུ་ལྷན་ཁག་ཁང་གི་དྲུང་ཆེ་དང་གསར་འགོད་པ་བཅས་འཛོམས་སོང་། ཚོགས་འདུ་དབུ་འཛུགས་ཐོག་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་དང་ཚོགས་འདུ་དབུ་འཛུགས་གཏམ་བཤད་བཅས་གནང་གྲུབ་རྗེས། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེཊ་གནང་མཁན་རྣམས་ཀྱི་ཆེད་དུ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་བཅས་ཀྱི་ཐོག་བགྲོ་གླེང་གནང་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་དབུ་འཛུགས་གཏམ་བཤད་གནང་དོན། སྐབས་བཅོ་ལྔ་བའི་གྲོས་ཚོགས་ཚོགས་དུས་ལྔ་བ་ནས་ད་བར་བོད་ནང་ཛ་དྲག་གི་གནས་བབ་ལྷག་ཡོད་ཀྱང་། རྒྱ་གཞུང་གིས་ད་ཆར་ཡང་བོད་ནང་ཕྱིའི་འཛུགས་སྐྲུན་དང་ཡར་རྒྱས་ཀྱི་ལས་གཞི་ཁོ་ནས་བོད་མིའི་མངོན་འདོད་དང་། རྩོད་རྙོག་སེལ་ཐུབ་ཀྱི་ཡོད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བོད་མིའི་ཆོས་དང་རིག་གཞུང་། ཁོར་ཡུག་དང་བཅས་པ་རྩ་བརླག་ཏུ་འགྲོ་བཞིན་ཡོད་པ་ལས། བོད་མིའི་མངོན་འདོད་རྩ་བ་ཉིད་ནས་སྐོང་ཐུབ་ཀྱི་མེད་པ་དང་། ད་ལྟའི་བར་གྱི་གནས་སྟངས་ལ་གཞིགས་ན། རྒྱ་གཞུང་གིས་དངོས་ཡོད་གནས་སྟངས་ལ་གཞི་བཅོལ་ཏེ་བོད་མིའི་དཀའ་རྙོག་སེལ་བའི་ཆོད་སེམས་མེད་པའི་རྣམ་པ་གསལ་བོ་ཡིན་པ་དང་། ལས་གཞི་མང་ཆེ་བ་རྒྱ་ནག་རང་གི་ཁེ་ཕན་ཆེད་རྩོམ་གྱི་ཡོད་སྟབས། མ་འོངས་པར་རྒྱ་ནག་གི་མགོ་ཁྲིད་ཚོས་བོད་ནང་གི་བོད་མིའིོ་མངོན་འདོད་གང་ཡིན་ཇི་བཞིན་རྟོགས་པར་བྱས་ཏེ། བོད་མིའི་དཀའ་ངལ་སེལ་ཐབས་བྱེད་དགོས་པའི་འབོད་སྐུལ་གནང་སོང་།  

དེ་བཞིན་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོའི་སྐོར་ལ་ཚོགས་གཙོ་མཆོག་གིས། “ ཐེངས་འདིར་སྐབས་ལྔ་བའི་མང་ཚོགས་རྩིས་ཁྲ་ཚོགས་ཆུང་གི་སྙན་ཐོ་ཡོང་གི་རེད། མང་ཚོགས་ཀྱིས་མཁྱེན་དགོས་པའི་རིགས་གྲོས་ཚོགས་ནང་ཆ་ཚང་སྙན་སྒྲོན་བྱ་རྒྱུའི་ཐག་གཅོད་བྱས་ཡོད། དེ་སྔ་མང་ཚོགས་རྩིས་ཁྲ་ཚོགས་ཆུང་ཐེངས་བཞིར་བཙུགས་ཟིན་ཡང་། གྲོས་ཚོགས་ནང་བགྲོ་གླེང་མཐིལ་ཕྱིན་པ་ཞིག་དང་ང་ཚོའི་ཐུགས་བློ་ཁེངས་པ་ཞིག་བྱུང་ཡོད་པ་མ་རེད། ད་རེབ་གྲོས་ཚོགས་ཀྱི་བཀའ་འཁྲོལ་དང་སྦྲགས་ཏེ་ཉིན་གཅིག་གཉིས་རིང་བགྲོ་གླེང་ཡོང་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན། དེའི་རྗེས་སུ་གྲོས་ཚོགས་ཀྱི་བཀའ་འཁྲོལ་བྱུང་བ་ཡིན་ན་བཀའ་ཤག་ལ་ཟླ་བཞི་ཙམ་གྱི་མཇུག་སྐྱོང་ལག་བསྟར་བྱ་རྒྱུའི་དུས་ཚོད་ཕུལ་ཏེ། རྗེས་སུ་སྤྱི་འཐུས་རྒྱུན་ལས་ཀྱིས་དོན་ཚན་རེ་རེ་བཞིན་ཞིབ་ཚགས་ཀྱིས་གཟིགས་ཏེ་གྲོས་ཚོགས་རྗེས་མའི་ནང་གནས་ཚུལ་གསལ་བོ་ཆགས་མིན་དང་། གཙང་མ་བཟོ་ཐུབ་ཐབས་ལ་རེ་བ་རྒྱག་གི་ཡོད” ཅེས་གསུངས་བྱུང་།

ཡང་ཚོགས་གཙོ་མཆོག་གིས་ཉེ་ཆར་བཀའ་ཤག་གིས་གསོལ་འདེབས་བྱས་པ་ལྟར། དམངས་གཙོའི་དུས་དྲན་ཉིན་གཞུང་ཞབས་སྡེ་འགན་ཡན་གྱི་ལས་བྱེད་ཚོར་༸གོང་ས་མཆོག་གིས་བཀའ་སློབ་གནང་བའི་སྐོར་གསུངས་དོན། “ ཉེ་ཆར་ལས་བྱེད་ཚོར་༸གོང་ས་མཆོག་གིས་བཞུགས་མོལ་ཚོགས་འདུ་གནང་སྐབས། སྤྱི་ཚོགས་ནང་སྐུ་དྲག་གསར་བ་ཞེས་པའི་ཚིག་ཅིག་ཡོང་གི་ཡོད་པ་༸གོང་ས་མཆོག་གི་ཐུགས་དགོངས་ལ་ཡོད་པ་དེ་ལས་བྱེད་ཚོར་བཀའ་གནང་བ་རེད། དེའི་ཐོག་ང་རང་ཚོའི་མཛད་གཙོ་རྣམ་པ་ནས་མར་རྩིས་ཏེ་ལས་བྱེད་ཚང་མས་འདི་ལ་ཐུགས་སྣང་ཆེན་པོས་དགོངས་བཞེས་གནང་སྟེ། སོ་སོའི་ཉིན་རེའི་ལས་དོན་བྱེད་ཕྱོགས་དེ་བཟང་སྤྱོད་དང་མཐུན་པ། མི་མང་གི་དགོས་མཁོ་དང་འཚམ་པ། མི་མང་ལ་འབྲེལ་བ་བྱེད་སྐབས་སོ་སོར་དབང་ཆ་ཡོད་བསམ་སྟེ་དབང་ཡོད་བཏང་བའི་རྣམ་པ་མ་ཡིན་པར། གུས་བརྩི་དང་ལྡན་པའི་ལས་དོན་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད ”ཅེས་གསུངས་བྱུང་།

ཉེ་ཆར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་གསར་འགོད་གསལ་བསྒྲགས་སྤེལ་བའི་ཐད་ཚོགས་གཙོ་མཆོག་གིས། “གསར་འགོད་གསལ་བསྒྲགས་དོན་ཚན་གསུམ་གྱི་སྔོན་དེར། སྤྱི་འཐུས་རྒྱུན་ལས་སུ་༸གོང་ས་མཆོག་གི་བཀའ་སློབ་གནང་སྐབས་ངོ་བཅར་ཞུས་པའི་ཚོགས་གཙོ་གཞོན་གཉིས་དང་། ཚོགས་དྲུང་གསུམ་གྱིས་སྤྱི་འཐུས་རྒྱུན་ལས་ལ་གསལ་བཤད་གནང་བའི་སྐབས་སུ། ༸གོང་ས་མཆོག་སྔོན་མ་དགུང་གྲངས་ ༡༡༣ ལ་བཞུགས་རྒྱུའི་དགོངས་པ་ཡོད་པ་དང་། ད་ལྟའི་ཆར་དགུང་ལོ་ ༡༠༨ ཙམ་མེད་འགྲོ་གསུངས་པ་དེར་ང་འབྲེལ་བ་ཆགས་ཀྱི་མི་འདུག་ཅེས་གསུངས་འདུག མང་ཚོགས་ཀྱི་གོ་བ་ལེན་ཕྱོགས་ཐོག་ཚོགས་གཙོ་གཞོན་གཉིས་དང་། དྲུང་ཆེ་བཅས་ཀྱིས་སྤྱི་འཐུས་བྱེ་བྲག་པ་དེས་༸གོང་ས་མཆོག་གིས་བཀའ་གནང་བ་དེར་རྩ་བ་ཉིད་ནས་འབྲེལ་བ་ཡོད་པ་མ་རེད་ཅེས་པའི་གནས་སྟངས་ལ་གཟིགས་པ་ཡིན་ན། ཏག་ཏག་བསྡད་ཡོད་པ་མ་རེད་ཅེས་ཞུ་རྒྱུ་ཡིན” ཞེས་དང་། “ དོན་ཚན་དང་པོའི་ནང་ངས་གྲོས་ཚོགས་ནང་སྔ་རྗེས་བཤད་མ་མྱོང་ཞེས་པ་དེ་རེད། ཚིག་རང་གི་ཐོག་ནས་གྲོས་ཚོགས་ནང་ངག་ཐོག་གསལ་བཤད་གནང་བ་དེ་སྔ་རྗེས་ཚང་མར་བལྟས་པ་ཡིན་ན་མིན་པའི་སྲོལ་ཡོད་ཀྱང་། ལོ་ ༤༠ ལྷག་གི་སྔོན་དུ་༸གོང་ས་མཆོག་གིས་གསུངས་བཞག་པ་དེ་ཚོ་ད་ལྟའི་དུས་སུའང་གྲོས་ཚོགས་ནང་གླེང་སྟེ། ༸གོང་ས་མཆོག་ལ་དགོས་པ་དེ་རང་བཙན་ཡིན་པ་དང་། ཛ་དྲག་གནས་སྟངས་དང་གནས་སྟངས་གཞན་གྱི་དབང་གིས་དབུ་མའི་ལམ་ལ་ཕེབས་ཀྱི་ཡོད་པའི་འགྲེལ་བརྗོད་གནང་ཡོང་དུས། ཕུགས་ནས་༸གོང་ས་མཆོག་གི་དགོངས་པ་ད་ལྟའང་རང་བཙན་རེད་ཅེས་པའི་གོ་བ་དེ་རང་བཞིན་གྱིས་ཐེབས་འགྲོ་བའི་གནས་སྟངས་ཆགས་ཡོད། སྐབས་དེར་ཡང་ཚོགས་གཙོས་གོ་བ་དེ་རང་བླངས་བའི་ཐོག་ནས་ཐག་གཅོད་བྱས་པ་ཡིན། འཛིན་སྐྱོང་བཀའ་ཤག་གི་གསལ་བཤད་ནང་དུའང་གོ་བ་དེ་ག་རང་གི་ཐོག་གསལ་བཤད་གནང་བ་རེད། དེའི་རྗེས་སུ་དགའ་ལྡན་ཕོ་བྲང་གིས་གསར་འགོད་གསལ་བསྒྲགས་གནང་བ་དེ་ཡང་གོ་བ་དེ་འདྲ་ཞིག་གི་ཐོག་ནས་སྤེལ་གནང་བ་རེད།

སྤྱི་འཐུས་སྒེར་གྱི་ཐོག་གལ་སྲིད་ངས་དེ་འདྲ་ཞིག་བཤད་ཡོད་པ་ཡིོན་ན། དེའི་སྐབས་ཀྱི་སྤྱི་འཐུས་རྣམ་པས་གང་ཡང་གསུངས་ཡོད་པ་མ་རེད། མི་མང་གི་ངོས་ནས་བསམ་ཚུལ་སྣེ་གཅིག་འབྱོར་མ་སོང་། འཛིན་སྐྱོང་བཀའ་ཤག་གིས་ཀྱང་གང་ཡང་གསུངས་ཡོད་པ་མ་རེད་ཅེས་པ་དེ། འཛིན་སྐྱོང་བཀའ་ཤག་གི་སྐོར་བཀའ་ཤག་གིས་གསལ་བཤད་གནང་མདོག་ཁ་བོ་རེད། གསལ་བཤད་གནང་མཁན་ཁོ་རང་ཚོགས་གཙོ་ཟུར་པ་ཞིག་རེད། གྲོས་ཚོགས་ཀྱི་ལས་རིམ་དང་གྲོས་ཚོགས་སྟངས་འཛིན་གནང་མྱོང་མཁན་གྱི་སྤྱི་འཐུས་ཤིག་རེད། གྲོས་ཚོགས་ཀྱི་ལས་རིམ་དང་འགྲོ་སྟངས་ཆ་ཚང་མཁྱེན་གྱི་ཡོད་པ་རེད། སྐབས་དེར་ཚོགས་གཙོས་ཐག་གཅོད་གསལ་བོ་ཞུས་ཡོད། ལས་རིམ་ནང་ཚོགས་གཙོ་སྦྲེལ་པོས་གོ་བསྡུར་ཞུས་ཏེ་གྲོས་ཚོགས་ནང་བགྲོ་གླེང་མི་དགོས་པའི་ཐག་གཅོད་བྱས་ཡོད་ཅེས་གསལ་བོ་ཞུས་ཡོད། ཐག་གཅོད་དེའི་དབང་གིས་སྤྱི་འཐུས་རྣམ་པས་གྲོས་ཚོགས་སུ་མ་གསུངས་བ་མ་གཏོགས། གསུང་འདོད་མེད་པ་མ་རེད་ཅེས་གསལ་བཤད་ཞུ་འདོིད་བྱུང་།

མང་ཚོགས་ཀྱི་ངོས་ནས་བསམ་ཚུལ་སྣེ་གཅིག་ཅེས་པ་དེ་ཡང་བདེན་པ་མ་རེད། བསམ་ཚུལ་ཁ་ཤས་བྱུང་བ་རེད། དེ་ལ་སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་གནང་སྟེ་འབྲེལ་ཡོད་ཚོར་བཀའ་ལན་ཡང་ཕུལ་ཡོད། གྲོས་ཚོགས་ནང་ཚོགས་གཙོས་ཐག་གཅོད་གནང་ཟིན་པ་རེད་ཅེས་ང་ཚོས་འབྲེལ་ཡོད་ཚོར་བཏང་ཡོད། དོན་ཚན་དང་པོ་དེ་གོ་བའི་ཐོག་ནས་༸གོང་ས་མཆོག་གི་གནས་ཚུལ་ཆ་ཚང་དགོངས་པར་ཨེ་ཡོད་བསམ་པའི་བསམ་ཚུལ་བསླེབས་བསྡད་ཀྱི་འདུག  ད་ལྟ་བཀུར་འོས་སྤྱི་འཐུས་ཀྱིས་༸གོང་ས་མཆོག་ལ་མཚན་འཁོད་སྙན་ཞུ་ཕུལ་ཡོད་ཤག་བྱེད་ཀྱི་ཡོད། དོན་ཚན་གསུམ་པར་འཁོད་པ་གཞིར་བཞག་དགོངས་སེལ་དང་སྦྲགས་འདས་པའི་གནས་ཚུལ་ཕྱིར་འཐེན་དང་། མ་འོངས་པར་གླེང་སློང་མི་བྱེད་པའི་དམ་བཅའ་བརྟན་པོ་ཡོད་པ་གསུངས་ཡོད་པ་རེད། གནད་དོན་དེའི་རིགས་སྤྱི་ཚོགས་ཟིང་ཟིང་བཟོ་ཆེད་མིན་སྟབས། གནད་དོན་དེའི་རིགས་ད་རེབ་གྲོས་ཚོགས་ནང་གསལ་བོ་དང་གཙང་མ་ཆགས་ཐུབ་པའི་རེ་ཞུ་གི་ཡོད། ” ཅེས་གསུངས་བྱུང་།

ཚོགས་གཙོ་མཆོག་གིས་ལྐོག་ཟ་རུལ་སུངས་སྐོར་གསུངས་དོན། “ བར་ལམ་སྤྱི་ཚོགས་ནང་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་ཁག་ཅིག་ཐོན་པ་རེད། གནད་དོན་མཁྱེན་མཁན་ཚོས་གཟིགས་པ་ཡིན་ན། ལྐོག་ཟ་རུལ་སུངས་ཀྱི་གནད་དོན་དེ་དག་དུས་ཚོད་མི་འདྲ་བའི་ནང་བྱུང་ཡོད་པ་རེད། ཡིན་ནའང་། གནས་ཚུལ་ཕྱིར་ཐོན་པའི་སྐབས་སུ་དུས་ཚོད་གཅིག་གི་ནང་ལ་ཐོན་ཡོད་སྟབས། མང་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཁྱབ་ཁོངས་སུ་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་ཤུགས་ཆེན་མེད་འགྲོ་བསམ་པའི་བསམ་ཚུལ་ཡོང་གི་ཡོད་སྟབས། ང་ཚོ་ཚང་མས་མཁྱེན་གྱི་ཡོད་པ་རེད། དངོས་ཡོད་གནས་སྟངས་ཀྱི་ཐོག་ལ་འཛིན་སྐྱོང་བཀའ་ཤག་དང་འབྲེལ་ཡོད་ནང་སྲིད་བཀའ་བློན་ལ་དྲི་བ་ཡང་ཡོད་པ་རེད། གསལ་བཤད་ཏན་ཏན་ཡོང་གི་རེད། གལ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ཐད་ཀར་སྟངས་འཛིན་འོག་ཡོད་མིན་ལ་མ་ལྟོས་པར། རྩིས་ཞིབ་དུས་ཐོག་ཏུ་བཟོ་ཐུབ་མིན་ཐོག་ཁྱད་པར་འགྲོ་ཡི་ཡོད་པ་ཚང་མས་མཁྱེན་གྱི་ཡོད་པ་རེད། དེར་བརྟེན། སྤྱི་བར་བདག་པའི་དངུལ་དེ་གཞུང་གི་ཐད་ཀར་སྟངས་འཛིན་འོག་ཡོད་མེད་གང་ལྟར་ཡང་། རྩིས་ཞིབ་བྱ་དགོས་པ་དང་། ས་གནས་དང་དབུས་ནས་འགན་འཁུར་དགོས་རྒྱུ་གལ་ཆེན་པོ་ཆགས་ཀྱི་འདུག” ཅེས་སོགས་གསུངས་སོང་།

ཐེངས་འདིར་སྤྱི་འཐུས་གསུམ་གྱིས་ནད་དགོངས་ཞུས་ཡོད་པ་དང་། སྤྱི་འཐུས་གཅིག་ས་གནས་སུ་བཞུགས་མེད་པ་བཅས་སྤྱི་འཐུས་ ༤ ཚོགས་བཅར་ཞུས་ཡོད་མི་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༢ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༦ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

ཆུ་ཚོད་ ༢༣ སྔོན་ལ།
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༧།༧།༡༥
Mobile App

དུས་རབས་ཉེར་གཅིག་པའི་མི་གྲངས་མང་ཤོས་རྐྱེན་འདས་སུ་གྱུར་བའི་དམག་འཁྲུག་ཆེན་པོ་གསུམ།

༢༠༢༦/༠༧/༡༥

མཆན། 6

  1. མི་རྒོད། says:
    ལོ་ 13 སྔོན།

    སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་དུ།
    “གལ་ཏེ་སྤྱི་འཐུས་སུ་རུང་ཞིག་གིས་གྲོས་ཚོགས་སྐབས་དང་དེ་མིན་གྱི་གསུང་བཤད་སྐབས་གང་ལ་ཡང་ཁུངས་ལུང་མེད་པའི་གཏམ་བརྗོད་དང། ལྷག་པར་སྐྱེས་ཆེན་དམ་པའི་རིགས་ལ་སྒྲོ་སྐུར་བྱེད་པ། བདེན་པ་ལ་མངོན་སུམ་དུ་བསྙོན་བཙུགས་ན་ཚོགས་གཙོའམ་སྤྱི་འཐུས་རྒྱུན་ལས་ནས་དེར་ཐ་ཚིག་བསྒྲག་རྒྱུ། ད་དུང་ནོར་བཅོས་ཡོ་བསྲང་མ་གནང་ཚེ་རང་བཞིནགྱིས་སྤྱི་འཐུས་ནས་་ཕྱིར་འབུད་ལ་ངོས་འཛིན་བྱ་རྒྱུ།”
    ཞེས་པ་ལྟ་བུའི་ཁྲིམས་ཆད་དོན་ཚན་ཞིག་མེད་ན་མུ་མཐུད་སྤྱི་འཐུས་སྨྱོན་པའམ་བསྙོན་པའི་རིགས་འབྱུང་རྒྱུར་ཉེན་ཁ་ཆེའོ།
    སྤྱི་ལྷན་གྱི་གློག་འཕྲིན་ནང་ལ་ཡང་བསྐུར་ཡོད།

    Reply
  2. བྱེ་ཐང་གི་གླག་རྒོད། says:
    ལོ་ 13 སྔོན།

    བཀུར་འོས་ཚོགས་གཙོ་མཆོག་བཀའ་དྲིན་ཆེ། དོན་སྙིང་ལྡན་པའི་སྐད་ཆ་རེ་བཤད་འདུག

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་ཡང་གྲོས་ཚོགས་སུ་གླེང་འོས་པར་མཐོང། དཔའ་ཁེར་རྒྱུག་བྱེད་མཁན་ཧ་ཅང་དཀོན། གྲོས་ཚོགས་ཀྱིས་དེ་རིགས་ལ་ཆེ་མཐོང་གནང་འོས།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    གྲོས་ཚོགས་ལ་རྟེན་འབྲེལ་ཞུ། ཚོགས་གཙོའི་གསུང་བཤད་ལ་དགའ་བསུ་ཞུ།
    བཀུར་འོས་གྲོས་ཚོགས་ཀྱི་ལས་རིམ་ཚོགས་ཆུང་ལ་གཞེན་སྐུལ་བསམ་འཆར་གཅིག་ཞུ་འདོད་བྱུང།
    སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་དུ།
    “གལ་ཏེ་སྤྱི་འཐུས་སུ་རུང་ཞིག་གིས་གྲོས་ཚོགས་སྐབས་དང་དེ་མིན་གྱི་གསུང་བཤད་སྐབས་གང་ལ་ཡང་ཁུངས་ལུང་མེད་པའི་གཏམ་བརྗོད་དང། ལྷག་པར་སྐྱེས་ཆེན་དམ་པའི་རིགས་ལ་སྒྲོ་སྐུར་བྱེད་པ། བདེན་པ་ལ་མངོན་སུམ་དུ་བསྙོན་བཙུགས་ན་ཚོགས་གཙོའམ་སྤྱི་འཐུས་རྒྱུན་ལས་ནས་དེར་ཐ་ཚིག་བསྒྲག་རྒྱུ། ད་དུང་ནོར་བཅོས་ཡོ་བསྲང་མ་གནང་ཚེ་རང་བཞིནགྱིས་སྤྱི་འཐུས་ནས་་ཕྱིར་འབུད་ལ་ངོས་འཛིན་བྱ་རྒྱུ།”
    ཞེས་པ་ལྟ་བུའི་ཁྲིམས་ཆད་དོན་ཚན་ཞིག་མེད་ན་མུ་མཐུད་སྤྱི་འཐུས་སྨྱོན་པའམ་བསྙོན་པའི་རིགས་འབྱུང་རྒྱུར་ཉེན་ཁ་ཆེའོ།
    སྤྱི་ལྷན་གྱི་གློག་འཕྲིན་ནང་ལ་ཡང་བསྐུར་ཡོད།

    Reply
  5. ཐོས་པ་དགའ། ཐོག་མར་རང་ཉིད་ངོས་བཟུང says:
    ལོ་ 13 སྔོན།

    བློ་འཕེལ་གྱིས་གསུངས་པར་བདེན་རྩ་འདུག ཚོགས་གཙོ་མཆོག་གིས་གསལ་བཤད་ཕྱི་གསལ་ནང་གསལ་གནང་འདུག ཀརྨ་ཆོས་འཕེལ་ཟེར་པའི་མི་འདི་ནང་ཁུལ་ལ་མདའ་དཀྲུག་ཕུ་དཀྲུག་བྱེད་མཁན་ཞིག་རེད། དེ་སྔོན་ཡང་སྤྱི་ཟུར་སྒྲོལ་མ་འཚོ་མོ་དང་ཀརྨ་ཆོས་འཕེལ་ཨོརྒྱན་སྟོབས་རྒྱལ་སོགས་ཀྱིས་གྲོས་ཚོགས་ནང་སྙོགས་གླེང་སྣ་ཚོགས་བྱས་ཏེ་གྲོས་ཚོགས་མཇུག་བསྒྲིལ་མ་ཐུབ་པ་ཆགས་པ་དེས། བོད་ཕྱི་ནང་གི་ལར་ཞེན་ཅན་རྣམས་ལ་དགྲ་དགའ་གཉེན་སྡུག་བཟོས་པ་ཀུན་གྱིས་མཁྱེན་གསལ་རེད། ད་རེས་ཡང་ཀརྨ་ཆོས་འཕེལ་འདིས་གྲོས་ཚོགས་ནང་བཤད་པའི་སྐད་ཆ་དེ་འགེབས་ཐབས་ཀྱིས་སྤྱི་ཚོགས་ནང་རང་ཉིད་དཀར་པོ་བཟོ་ཐབས་ཀྱི་གཡོ་སྒྱུའི་ཁྲབ་སྟོན་སྣ་ཚོགས་ཤིག་བཤམས་བཞིན་པ་འདི་ཚོ་ནི་བོད་མི་ཚོ། ལྷག་པར་དུ་སྤྱི་པའི་ཐོག་འགན་འཁུར་མཁན་སྤྱི་འཐུས་རྣམ་པས་འདིས་རིགས་ཐེར་འདོན་གནང་དགོས་པ་ཧ་ཅང་གལ་གནད་ཆེ།

    Reply
  6. བློ་འཕེལ། says:
    ལོ་ 13 སྔོན།

    འགོ་འཇུག་བར་གསུམ་དུ་དོན་སྙིང་ལྡན་པ་དང་བོད་སྤྱིའི་དོན་དག་ལེགསའགྲུབ་པར་ཤོག།
    ཀརྨ་ཆོས་འཕེལ་གྱིས་བཟང་སྤྱོད་ཐོག་གྲོས་ཚོགས་ནས་དགོངས་ཞུ་མ་བྱས་ན་ཕྱིར་ཕུད་གཏོང་རན་འདུག།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese