མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

པའོ་ལ་ཁྲིམས་ཐག་ཅི་ཞིག་གཅོད་སྲིད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པར་ཧྲན་ཏུང་ཞིང་ཆེན་ཅི་ནན་འབྲིང་རིམ་ཁྲིམས་ཁང་གིས་པའོ་ཤི་ལའི་ཡི་ཁྲིམས་བཤེར་མཇུག་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

ཁ་སང་ཕྱི་དྲོའི་རྒྱ་ནག་གི་ཆུ་ཚོད་ ༤ ཐོག ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་ཞོགས་པ་པེ་ཅིན་གྱི་ཆུ་ཚོད་ ༡༠ ཐོག རྒྱ་ནག་ཁྲུང་ཆེན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་པ་པའོ་ཤི་ལའི་ཡི་ལྐོག་ཟ་རུལ་སུངས་དང་ལྐོག་རྔན་ཧམ་ལེན། དབང་ཆ་ལོག་སྤྱད་ཀྱི་ནག་ཉེས་ལ་ཁྲིམས་ར་ཐེངས་ ༥ པ་ཚོགས་ཏེ་ཁྲིམས་བཤེར་གྱི་མཇུག་འབྲས་གསལ་བསྒྲགས་བྱ་རྒྱུ་ཡིན་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༢ ནས་ ༢༦ ཉིན་བར་ཅི་ནན་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་པའོ་ཤི་ལའི་ལ་ཁྲིམས་ར་ཐེངས་ ༤ པ་ཚོགས་ཏེ་གོང་གི་ནག་ཉེས་དེ་དག་ཐོག་ཁྲིམས་བཤེར་བྱེད་སྐབས། པའོ་ཡིས་ནག་ཉེས་གཅིག་ཀྱང་ངོས་ལེན་མ་བྱས་སྟབས། ཚེས་ ༢༦ ཉིན་གནས་སྐབས་རིང་ཁྲིམས་བཤེར་མཚམས་འཇོག་བྱེད་རྒྱུ་གསལ་བསྒྲགས་བྱས་ཡོད།

སྐབས་དེར་པའོ་ཡིས་ཁྲིམས་ར་ནས། “སྔོན་ཆད་རང་གི་ལས་དོན་ལ་འཐུས་ཤོར་སོང་ཡོད་སྲིད་ཀྱང་། རང་ཉིད་ལ་ནག་ཉེས་ཡོད་པར་གཏན་ནས་ངོས་ལེན་མེད་ལ། ངས་ཁྲིམས་ཁང་དུ་རང་གི་གནས་ལུགས་བཤད་པ་དེ་བྱ་སྤྱོད་ངན་པ་དང་ཁྲིམས་ཆད་ནན་མོ་གཅོད་པའི་ནག་ཉེས་ཤིག་ལ་འགྱུར་གྱི་མེད།  སྤྱི་བདེ་དང་ཞིབ་བཤེར་ཁང་། ཁྲིམས་ཁང་གསུམ་ནི་གཅིག་ལ་གཅིག་བརྟེན་གྱིས་འགྲོ་དགོས་པ་ལས། ཞིབ་བཤེར་ཁང་གཅིག་པུའི་ཐག་གཅོད་ལ་ཉན་པ་ཡིན་ན། གྱོད་དོན་དྲང་བདེན་གྱིས་ཐག་གཅོད་བྱེད་པར་འགོག་རྐྱེན་འབྱུང་སྲིད་པ་མ་ཟད། གྱོད་དོན་ལ་ནོར་འཁྲུལ་མང་པོ་འབྱུང་གཞི་ཞིག་ཏུ་འགྱུར་སྲིད་སྟབས། ངས་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བ་བཤད་པ་དེ་ནག་ཉེས་ཤིག་ཏུ་མཐོང་གི་མེད” ཅེས་བརྗོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཚོས། པའོ་ཡིས་ནག་ཉེས་གཅིག་ཀྱང་ངོས་ལེན་བྱས་མེད་ནའང་ནག་ཉེས་མེད་པའི་ཐག་གཅོད་བྱེད་མི་སྲིད་ལ། གལ་སྲིད་དེ་ལྟར་བྱས་པ་ཡིན་ན། རྒྱ་གཞུང་གི་ཆབ་སྲིད་ཀྱི་གླེང་སྟེགས་ཐོག་གི་འགད་རྫས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་དང་། ནག་ཉེས་ཡོད་པའི་ཁྲིམས་ཐག་བཅད་པ་ཡིན་ནའང་ལོ་ངོ་ ༡༦ ཡས་མས་ལ་བཙོན་འཇུག་བྱ་རྒྱུ་དང་། གོ་སྐབས་བྱུང་ཚེ་པའོ་ཡིས་བསྐྱར་དུ་ཞུ་གཏུག་ཀྱང་བྱེད་སྲིད་སྐོར་བརྗོད་ཀྱིན་འདུག

པའོ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཙོ་བོ་དེ་པེ་ཅིན་མཁའ་སྤྱོད་སློབ་ཆེན་ཀྱི་དགེ་རྒན་ཆེན་མོ་ཧན་ཌི་ཆིང་གིས་བརྗོད་དོན། “ཁྲིམས་ཆད་དེར་ཕྱི་ནས་བལྟས་ན་ཁྲིམས་ཁང་གིས་ཐག་གཅོད་བྱས་པ་ལྟ་བུ་ཞིག་མཐོང་སྲིད་ཀྱང་། དོན་དངོས་སུ་ཆེས་མཐོའི་དཔོན་རིགས་ཚོའི་ཐག་གཅོད་ཅིག་ཡིན་པ་རེད། ”ཅེས་བརྗོད་འདུག

གསར་འགོད་པ། པདྨ་མཚོ།

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 10 སྔོན།

    ཁྲིམས་ར་ཐེངས་མང་ཚོགས་ནས་ཆེས་མཐོ་སར་སླེབས། འདི་ལྟར་ཁྲིམས་ཐག་གཅོད་དཀའ་བའི་རྒྱུ་མཚན་ནི་གཞུང་གི་མཐོ་རིམ་མི་སྣ་ཚང་མ་རུལ་སུངས་དཔུང་འབྲེལ་དང། དབང་ཆའི་ཕྱོགས་འགལ་ཚོགས་པའི་སྟོབས་ཤུགས་ཆེ་བ་གཉིས་ལ་ཐུག་ཡོད། པའོ་ལ་ཁྲིམས་ཐག་བཅད་ན་འདྲ་མ་བཅད་ན་འདྲ་དེའི་དགེ་སྐྱོན་ནི་གཅིག་མཚུངས་ལས་མ་འདས།

    Reply
  2. བསྟན་ཆོས། says:
    ལོ་ 10 སྔོན།

    ཝེ། པའོ་ལ། མུ་མཐུད་ནས་ཤུགས་བརྒྱོབས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist