མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚམ་ཚོམ་འཛེམས་ཟོན་སྤངས་ཏེ་གདོང་ལེན་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༣/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གྲོས་ཚོགས་ཚོགས་དུས་དྲུག་པའི་ཉིན་གཉིས་པར་སྲིད་སྐྱོང་མཆོག་གིས་གྲོས་ཚོགས་ལ་འདས་པའི་ལོ་གཉིས་ཀྱི་ལས་དོན་དང་། མ་འོངས་ལས་འཆར་བཅས་ཀྱི་ཐོག་གསལ་བཤད་གནང་སོང་།

དེ་རིང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པ་ལས་ཉིན་གཉིས་པའི་སྔ་དྲོར། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྤྱི་འཐུས་གྲོས་ཚོགས་ནང་། བཀའ་ཤག་གི་གསལ་བཤད་མདོར་བསྡུས་ཤིག་ཡིག་ཐོག་ནས་སྒྲོགས་སྦྱང་གནང་སྟེ། འདས་པའི་ལོ་གཉིས་རིང་སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཐོག་མར་ནུས་ཤུགས་ཕྱོགས་སྒྲིལ་དང་ལས་འགུལ་བཅས་རིམ་པར་སྤེལ་ཏེ་མཐའ་མར་འབྲེལ་མོལ་ཐོག་གོ་རིམ་བསྒྲིགས་ཡོད་པ་དང་། ནུས་ཤུགས་ཕྱོགས་སྒྲིལ་དང་ལས་འགུལ་སྤེལ་བའི་ཁོངས་སུ་ད་ལྟའི་བར་ངྷ་སར་ཚོགས་ཆེན་དང་། ས་གནས་ཁག་ཏུ་མང་ཚོགས་འདུ་འཛོམས། གཞུང་དང་གྲོས་ཚོགས་ཁག་ལ་ཞུ་གཏུག རྒྱལ་སྤྱིའི་གསར་ལམ་དུ་བོད་དོན་དྲིལ་བསྒྲགས་བཅས་གནང་ཡོད་པ་དང་། ཉེ་ལམ་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༢༦ པ་སྐོང་ཚོགས་ཀྱིས་༸གོང་ས་མཆོག་གི་སྐུ་ཚབ་དང་རྒྱ་ནག་གི་མགོ་ཁྲིད་གསར་བའི་སྐུ་ཚབ་བར་ཞི་མོལ་བརྒྱུད་བོད་དོན་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཐབས་བྱུས་ཐོག་གྲོས་བསྡུར་གནང་ཡོད་སྐོར་སོགས་གསུངས་སོང་།  

མ་འོངས་ལས་འཆར་ཐད་སྲིད་སྐྱོང་མཆོག་གིས་གསུངས་དོན། “ ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཕྱོགས་གང་ནས་བལྟས་ཀྱང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པའི་སྲིད་བྱུས་ལངས་ཕྱོགས་གཞན་མེད་པར་བཀའ་ཤག་གིས་ངོས་འཛིན་ཞུས་ཏེ། བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་རིམ་པས་ལག་བསྟར་ཞུ་འཆར་ཡིན། དེ་སྔོན་འབྲེལ་མོལ་ཐེངས་བརྒྱད་པ་དང་དགུ་པའི་སྐབས་སུ་སྐུ་ཚབ་ཚོ་བརྒྱུད་རྒྱ་ནག་གཞུང་ལ་ཐད་ཀར་སྤྲད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། བསམ་འཆར་གྱི་འགྲེལ་བརྗོད་ཡིག་ཆའི་ནང་དོན་ཁག་གོ་རྟོགས་སྤེལ་ཐབས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས། ཁྱད་པར་རྒྱ་རིགས་མི་མང་བཅས་སྡེ་ཚན་སོ་སོར་དམིགས་པའི་ལས་འཆར་རིམ་པ་སྤེལ་རྒྱུ་ཡིན། དབུ་མའི་ལམ་དང་འབྲེལ་བའི་དཔེ་དེབ་དང་བརྙན་འཕྲིན། རྩོམ་པ་པོ་དང་མཁས་པ་སོགས་ཁྱད་མཁས་མི་སྣའི་ཚོགས་འདུ་དང་བགྲོ་གླེང་། གཞོན་སྐྱེས་ཚོར་ཆེད་དམིགས་ཀྱི་གོ་རྟོགས་སྤེལ་རྒྱུའི་ལས་འཆར། དེ་བཞིན་བཀའ་བློན་རྣམ་པ་དང་དྲུང་ཆེ་འགན་འཛིན་རྣམ་པ་བཅས་ས་གནས་ཁག་ཏུ་ཆེད་བསྐྱོད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་སློབ་གསོ་གོ་བསྐོན་སྔར་ལྷག་ཞུ་རྒྱུའི་འཆར་གཞི་ཡོད། ” ཅེས་གསུངས་བྱུང་།

ཡང་ཁོང་གིས་མུ་མཐུད། “ རང་དབང་དང་མང་གཙོའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ཡོང་གི་ཡོད་པ་རེད་ལ། ཡོང་ཆོག་པ་ཞིག་ཀྱང་རེད། འོན་ཀྱང་སོ་སོའི་ལངས་ཕྱོགས་དྲིལ་བསྒྲགས་བྱེད་སྐབས་ཕ་རོལ་པོར་དངོས་ཡོད་གནས་ཚུལ་དང་མ་མཐུན་པའི་ཁུངས་མེད་ཀྱི་སྐྱོན་བརྗོད་དང་སྒྲོ་བསྐུར་སྣ་ཚོགས་བྱེད་བཞིན་པ་ནི་བཟང་སྤྱོད་ལྡན་པའི་བྱེད་སྟངས་ཤིག་མ་ཡིན་པར་མ་ཟད། བོད་སྤྱིའི་རྩ་དོན་དང་ཆིག་སྒྲིལ་ལ་གནོད་གཞི་ལས་མ་འདས་སྟབས། དབུ་མའི་ལམ་གྱི་རྩ་དོན་ངོ་སྤྲོད་གསལ་བཤད་དང་། མཇུག་སྐྱོང་རྒྱབ་གནོན། རྩོད་སྒྲུབ་གདོང་ལེན་བྱ་སྒོ་ཅི་ཐོན་ལ་ཟོལ་འཇོག་མེད་པར་མདུན་མཆོངས་དང་། ཁྱད་པར་བོད་གངས་ཅན་པ་ཡོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོ་མིའི་རྣམ་པར་རོལ་བ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དྲིན་ལན་ལོག་འཇལ་དང་གོ་བ་ལོག་སྒྲུབ་ཀྱིས་མཚན་སྨད་ཞུ་མཁན་ཕྱི་ནང་གང་ནས་བྱུང་ཡང་གདོང་ལེན་ཞུ་རྒྱུ་བཅས་ཀྱི་ལས་འགན་བཀའ་ཤག་ལ་ཡོད་པ་ལྟར། ཚམ་ཚོམ་དང་འཛེམས་ཟོན་སྤངས་པའི་སྒོ་ནས་གདོང་ལེན་ཞུ་རྒྱུ་ཡིན་པས་གྲོས་ཚོགས་འཐུས་མི་རྣམས་པས་མཉམ་རུབ་གནང་བའི་ཡིད་ཆེས་ཡོད། ”ཅེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༥ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་གོ་རྟོགས་གོང་སྤེལ་གནང་རྒྱུའི་ཐད་ནས་་དབུ་མའི་མ་མི་མང་ས་འགུལ་ཁང་ལ་མཐུན་འགྱུར་རོགས་རམ་གནང་རྒྱུ་དེ་ཡང་ཐབས་མ་གཅིག་རེད། དེ་བཞིན་གླིང་ཚ་ཚེ་རྡོར་ལྟ་བུའི་སྒེར་བ་རིགས་ལ་ཡང་མཐུན་འགྱུར་དང་གཟིགས་རྟོགས་གནང་འོས།
    གཞུང་གི་ངོས་ནས་གཙོ་བོ་རྒྱ་ནག་གཞུང་ཕྱོགས་དང་མཐུན་ལམ་འབྲེལ་བ་གསར་འཛུགས་ཐུབ་ཐབས་ལ་ཐུགས་ཁུར་ཆེ་བཞེས་གནང་འོས། དཔེར་ན། བཀའ་སྤྱི་གཉིས་ཀྱི་སྐུ་ཚབ་འགའ་རེ་རྒྱ་ནག་དང་བོད་ནང་་ལ་སྐྱོད་རྒྱུར་འཆར་གཞི་བཟོ་དགོས། སྐྱོད་ཐུབ་དང་མ་ཐུབ་དོན་དག་གཞན་་རེད།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མ་འོངས་ལས་འཆར་ཐད་སྲིད་སྐྱོང་མཆོག་གིས་གསུངས་དོན།
    ད་ལྟའི་བོད་ནང་གི་དངོས་ཡོད་གནས་སྟངས་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སོགས་ཕྱོགས་གང་ནས་བལྟས་ཀྱང་།
    བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལས་ལྷག་པའི་སྲིད་བྱུས་ལངས་ཕྱོགས་གཞན་མེད་པར་བཀའ་ཤག་གིས་ངོས་འཛིན་ཞུས་ཏེ།
    བོད་མིའི་སྒྲིག་འཛུགས་ནས་མང་ཚོགས་ཁྲོད་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་རིམ་པས་ལག་བསྟར་ཞུ་འཆར་ཡིན། ་་་་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese