མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་ནས་བོད་དོན་བདེན་མཐའ་གསལ་རག་བར་ངའི་མི་ཚེས་འདང་ངེས་ཤིག་ཡོང་གི་རེད།

བོད་ཀྱི་དུས་བབ།
༢༠༡༣/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་སྤྱི་འཐུས་གྲོས་ཚོགས་ནང་། ཁ་སང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དང་སྲིད་སྐྱོང་མཆོག་བཅས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས། ༧གོང་ས་མཆོག་གིས་ད་ལོའི་དམངས་གཙོའི་དུས་དྲན་ཉིན་བཀའ་སློབ་གནང་བ་དེ་གཙོ་བོ་གཞུང་ཞབས་ལས་བྱེད་ཚོས་ཀུན་སྤྱོད་ཡག་པོ་བྱེད་དགོས་པའི་སྐོར་ཡིན་ཚུལ་ངོ་སྤྲོད་གནང་སོང་།

དེ་རིང་ཕྱི་ཚེས་ ༢༣ ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ལྔ་པའི་སྔ་དྲོའི་ལས་རིམ་མགོ་འཛུགས་སྐབས། ཉེ་ལམ་༧གོང་ས་མཆོག་ཐུགས་ཕམ་གྱི་བཀའ་སློབ་ཅིག་གནང་བའི་ཐད། ཟླ་འདིའི་ཚེས་ ༡༩ ཉིན་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་མོས་ཐོག་ལྷ་དགོངས་དྭངས་གསལ་ཡོང་བའི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ཞིག་བཞག་ཡོད་པ་དེ་དང་འབྲེལ་ཏེ། ཁ་སང་ཉིན་རྒྱབ་སྤྱི་འཐུས་ཚོགས་གཙོ་མཆོག་གཞོན་གཉིས་དང་སྲིད་སྐྱོང་མཆོག་བཅས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་པའི་ནང་དོན་གསལ་བཤད་གནང་སོང་།

དེའི་སྐོར་ཚོགས་གཙོ་མཆོག་གིས་གསུངས་དོན། “ཁ་སང་ཉིན་རྒྱབ་ཆུ་ཚོད་ ༡ ཙམ་ལ་སྐུ་མདུན་ལ་མཇལ་ཁ་ཐོབ་སོང་། ཆུ་ཚོད་གཅིག་རིང་༸རྒྱལ་བ་རིན་པོ་ཆེས་ཐུགས་ལྷོད་ལྷོད་ཀྱིས་དགོངས་པར་གང་ཡོད་པ་ཆ་ཚང་གསུངས་གནང་སོང་། ནང་དོན་རེ་རེ་བྱས་ཏེ་ཞུ་དགོས་པ་མི་འདུག དགོངས་པར་གང་ཡོད་པ་ཆ་ཚང་ད་ལྟའི་བར་ང་ཚོས་གསན་མྱོང་བ་ཞིག་ལས་དེའི་ནང་དམིགས་བསལ་གསར་བ་གང་ཡང་ཡོད་པ་མ་རེད། ” ཅེས་དང་། “ ༧གོང་ས་མཆོག་གིས་དམངས་གཙོའི་དུས་དྲན་གྱི་ཉིན་རྒྱབ་ལས་བྱེད་སྡེ་འགན་ཡན་ལ་བཀའ་སློབ་གནང་སྐབས། གཙོ་བོ་ལས་བྱེད་ཚོའི་ཀུན་སྤྱོད་ཡག་པོ་དང་འགན་འཁུར་རྒྱུ། དཔོན་ཉམས་མ་འཁུར་བ་བཅས་ཀྱི་ཐོག་ལ་དགོངས་ཚུལ་གསུངས་བ་ཡིན་ཞེས་གསུངས་སོང་། ལས་བྱེད་ཞུ་བའི་སྐབས་སུ་གཞུང་ཞབས་ལས་བྱེད་གཅིག་པུ་གོ་རྒྱུ་མིན་པར། ང་ཚོ་མགོར་སྡོད་མཁན་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་ནས་གཞུང་མང་ལས་བྱེད་ཚང་མར་གོ་དགོས་པའི་གནས་སྟངས་ཤིག་རེད། དེའི་ཞོར་དུ་སྤྱི་འཐུས་རྣམ་པ་དང་གྲོས་ཚོགས་ལ་སྙན་སེང་ཞུས་པའི་ཐོག་ནས་བྱུང་པ་རེད། དེའི་གནས་སྟངས་ཀྱི་ཐོག་ཁྱེད་རང་ཚོ་འཁྲུག་ཐེབས་འདུག་ཅེས་བཀའ་ཕེབས་སོང” ཞེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་མུ་མཐུད་དོན། “༧གོང་ས་མཆོག་དགུང་གྲངས་ ༡༡༣ ནས་ ༡༠༨ བར་ཉུང་འཕྲི་མཛད་པའི་གནས་སྟངས་དེ། སྐུའི་གཟུགས་བབ་ཀྱི་དངོས་ཡོད་གནས་སྟངས་ཐོག་ནས་འགྲེལ་བཤད་རྒྱས་པོ་ཞིག་སྐྱོན་གནང་སོང་། གྲོས་ཚོགས་བརྒྱུད་ནས་བོད་ཕྱི་ནང་གཉིས་ཀྱི་མང་ཚོགས་ལ་ཞུ་དགོས་པ་གཙོ་བོ། ༸གོང་ས་མཆོག་གིས། ‘ ཁྱེད་རང་ཚོ་ཐུགས་ངལ་རྩ་བ་ཉིད་ནས་གནང་མི་དགོས། དབུ་མའི་ལམ་གྱི་ཐོག་ནས་བོད་ཀྱི་བདེན་མཐའ་སེལ་ནས་བོད་མི་ཚོ་གཞིས་བྱེས་མཉམ་འཛོམས་ཡོང་བའི་དུས་ཚོད་ཅིག་ཏན་ཏན་ཡོང་གི་རེད། ངས་དུས་རྒྱུན་དེ་ལྟར་སྨོན་ལམ་རྒྱག་གི་ཡོད། དེ་འདྲ་ཞིག་འབྱུང་བའི་བར་ངའི་མི་ཚེའི་ལོ་ཡི་འདང་ངེས་ཤིག་ཡོང་གི་རེད’ ཅེས་བཀའ་གནང་སོང་། དེ་བཞིན། བརྟན་བཞུགས་ཀྱི་སྐོར་ལ་སྙན་སེང་ཞུས་སྐབས་བརྟན་བཞུགས་མི་དགོས་པར། ངོས་ཀྱིས་བཤད་བཞག་པའི་ནང་དོན་འཛིན་སྐྱོང་དང་སྤྱི་འཐུས། ལས་བྱེད་ཚོས་འབད་པ་ལྷོད་མེད་ཀྱི་ཐོག་ནས་བསྒྲུབ་རྒྱུ་གལ་ཆེན་པོ་རེད་ཅེས་བཀའ་གནང་སོང ”  ཞེས་གྲོས་ཚོགས་ལ་གསལ་བཤད་གནང་སོང་།  

དེའི་རྗེས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གོང་མཚུངས་ལྟར། ཁ་སང་༸གོང་ས་མཆོག་ལ་མཇལ་ཁ་ཞུས་སྐབས་ཀྱི་གནས་ཚུལ་ཁག་གསལ་བཤད་དང་སྦྲགས། སྤྱི་འཐུས་རྣམ་པ་ས་གནས་ཁག་ཏུ་ཕེབས་སྐབས་མང་ཚོགས་ལ་གསལ་བོ་བཟོ་དགོས་སྐོར་གསུངས་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

སྐར་མ ༢༤ སྔོན་ལ།
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨

མཆན། 4

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    བྱང་ཆུབ་སེམས་དཔའ་འགྲོ་བའི་དོན་དུ་བྱོན།
    འགྲོ་དོན་འགྲུབ་མིན་ལས་སྨོན་དམ་ཚིག་མཐུ།
    གཞིས་བྱེས་ལྷན་འཛོམས་རང་དབང་ཉིན་མོ་གང།
    འཐོབ་ངེས་དབུགས་དབྱུང་འདི་ཉིད་སྐལ་བ་བཟང།
    ཞབས་ཞུའི་ལས་རེ་སྒྲུབ་པའི་ནུས་མེད་ཀྱང།
    ཞབས་འདྲེན་མི་ཞུའི་དམ་རེ་བཅའ་བར་འཚལ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ༸གོང་ས་མཆོག ༸སྐུ་ཚེ་ཡུན་བརྟན་ཤོག། །།

    Reply
  3. གངས་ལྡོམ། says:
    ལོ་ 13 སྔོན།

    ག་རེ་བྱས་ནས་དགུང་གྲངས་༡༡༣་ནས་༡༠༨ བར་ཉུང་འཕྲི་བྱུང་པ་རེད།
    སུ་ཡིས་ཤེས་ན་གསུང་རོགས་མཛོད།

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ༧ སྐྱབས་མགོན་མི་འགྱུར་ནམ་མཁའི་ཀློང་ཆེན་ཡངས།།
    དབུ་ཁྲིད་མི་འགྱུར་ཉི་ཟླ་རྣམ་གཉིས་རྒྱས།།
    དད་དམ་མི་འགྱུར་གཞི་བྱེས་སྐར་ཚོགས་བརྟན།།
    གནས་ལུགས་མི་འགྱུར་བདེན་པ་རྒྱལ་གྱུར་ཅིག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese