མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འདས་པོའི་རུས་ཐལ་ཆུ་ལ་གཏོར་དུ་བཅུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཀྱི་རུས་ཐལ་ཁྱིམ་དུ་འཁྱེར་མ་བཅུག་པར་རྔ་ཆུའི་ནང་གཏོར་དུ་བཅུག་ཡོད་འདུག

ཕྱི་ཟླ་ ༩ ཚེས་ ༢༨ ཉིན་རྔ་བ་སྒོ་མང་ལྷ་སྡེ་མཐའ་བའི་ཞི་ཆུང་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་རྗེས། ས་གནས་མི་མང་གིས་ཁོང་གི་སྐུ་ཕུང་ཁྱིམ་དུ་གདན་འདྲེན་ཞུས་ཡོད་ཀྱང་། དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འབྱོར་ཏེ་ཕུང་པོ་བཙན་འཕྲོག་བྱས་ཡོད་ཅིང་། ཚེས་ ༢༩ ཉིན་རྔ་བ་རྫོང་གིས་རུས་ཐལ་ལེན་དུ་ཡོང་དགོས་པའི་བརྡ་ལན་འབྱོར་བ་ལྟར། ཇོ་ནང་བསེ་དགོན་པའི་གྲྭ་བ་དང་ཁོང་གི་གཉེན་ཉེ་ཁག་ཅིག་ཕྱིན་སྐབས། རྫོང་གི་ལས་བྱེད་དང་ཉེན་རྟོག་པ་ཚོས་རུས་ཐལ་ཁྱིམ་དུ་འཁྱེར་མི་ཆོག་པར་ཁོ་ཚོས་མཐོང་ས་ནས་ཆུ་ལ་གཏོར་བ་དང་། ཡང་ན་ས་འོག་ཏུ་བཅུག་དགོས་པའི་བཙན་བཀའ་བཏང་ཡོད་སྟབས། འདས་པོའི་རུས་ཐལ་ཁྱིམ་དུ་འཁྱེར་མ་ཐུབ་པར་རྔ་ཆུའི་ནང་གཏོར་དགོས་བྱུང་ཡོད་འདུག

གོང་གསལ་གནས་ཚུལ་སྐོར་ངྷ་སར་གནས་སྡོད་ཚངས་དབྱངས་ལགས་ཀྱིས་བཏང་བ་ལྟར་ན། ཚེས་ ༢༨ ཉིན་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོས་ཞི་ཆུང་ཚང་གི་ཁང་པའི་སྒོ་དང་སྒེའུ་ཁུང་བཅག་སྟེ་སྐུ་ཕུང་བཙན་འཁྱེར་བྱས་རྗེས། ཇོ་ནང་བསེ་དགོན་པའི་གྲྭ་བ་ ༢༠༠ འདས་པོའི་ཁྱིམ་དུ་ཕེབས་ཏེ་སྨོན་ལམ་གསུངས་ཡོད་པ་དང་། ཚེས་ ༢༩ ཉིན་ཇོ་ནང་བསེ་དགོན་པའི་དགོན་བདག་བསེ་ཚང་ཕེབས་ཏེ་སྨོན་ལམ་གསུངས་ཤིང་། རང་ལུས་མེར་བསྲེགས་གནང་བའི་ཉིན་དེར་འདས་པོའི་ཁྱིམ་དུ་མི་མང་པོ་འཛོམས་ཏེ་མཆོད་འབུལ་སྨོན་ལམ་བྱས་ཡོད་འདུག

ཕྱི་ཚེས་ ༣༠ ཉིན་ནས་བཟུང་རྒྱ་གཞུང་གིས་ས་གནས་དེ་ཁུལ་བཀག་སྡོམ་བྱས་ཏེ། མང་ཚོགས་འདས་པོའི་ཁྱིམ་དུ་འགྲོ་རྒྱུར་བཀག་འགོག་དང་སྔོག་བཤེར་བྱས་ཡོད་པ་དང་། ལག་ཁྱེར་ཁ་པར་བཙན་འཕྲོག་བྱས་པ་སོགས་ཀྱི་གནས་ཚུལ་ཡང་བྱུང་ཡོད་འདུག རྒྱ་གཞུང་གིས་འདས་པོའི་སྐུ་ཕུང་བཙན་འཁྱེར་བྱེད་སྐབས། ཁོང་གི་ཆུང་མ་བ་ལོས་ངུ་འབོད་བྱེད་བཞིན་སྐུ་ཕུང་ལ་འཐམ་ནས་མ་བཏང་བར་ཁོ་མོ་ཡང་བཙན་ཁྲིད་བྱས་ཡོད་ཀྱང་། ཕྱི་ཚེས་ ༢༩ ཉིན་ཀློད་གྲོལ་བཏང་ཡོད་འདུག

རྒྱལ་གཅེས་དཔའ་བོ་ཞི་ཆུང་ལགས་ཕྱི་ལོ་ ༡༩༧༢ ལོར་ཕ་བསོད་ནམས་བརྟེན་དང་། མ་ཞེས་ཁོ་མ་གཉིས་ཀྱི་བུར་སྐྱེས་ཤིང་། ཆུང་དུས་ནས་ཇོ་ནང་བསེ་དགོན་པར་ཆོས་ཞུགས་བྱས་ཏེ་སློབ་གཉེར་གནང་ཡོད་པ་དང་། ཕྱིས་སུ་ལོ་ངོ་གཉིས་རིང་བསེ་ཚང་གི་གསོལ་ཐབ་པ་བྱས། ཕྱི་ལོ་ ༡༩༨༩ ལོར་ཇོ་ནང་འཛམ་ཐང་དགོན་ཆེན་དུ་མཁན་ཆེན་ཡོན་ཏན་བཟང་པོའི་མདུན་ནས་ལོ་གསུམ་རིང་དུས་འཁོར་སྦྱོར་དྲུག་ལ་ཉམས་ལེན་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་སྐྱ་སར་བབས་ཏེ་ཕྱི་ལོ་ ༢༠༠༩ ལོར་ཁོང་གི་སྤུན་མཆེད་འདས་པོ་འཇའ་ཚེ་དབང་རིག་ཁོའི་ཆུང་མ་བ་ལོ་དང་མཉམ་དུ་བསྡད། ཁོང་གི་སྤུན་མཆེད་དང་ཆུང་མ་བ་ལོ་གཉིས་ལ་རང་ལོ་ ༡༨ ཡིན་པའི་བུ་མོ་ཚེ་པོ་དང་། རང་ལོ་༡༤ ཅན་བུ་ཀུན་དགའ་ཕུན་ཚོགས་ཟེར་བ་གཉིས་ཡོད་ལ། བུ་ཀུན་དགའ་ཕུན་ཚོགས་ཀྱིས་ཇོ་ནང་བསེ་དགོན་དུ་སློབ་གཉེར་བྱེད་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

མཆན། 1

  1. གནས་ཚང་། says:
    ལོ་ 9 སྔོན།

    སེམས་སྐྱོ་ཡ་རང་རེད། དཔའ་བོ་འདི་དག་གིས་ཉུང་མཐར་རང་དབང་དགོས་ཞེས་རང་སྲོག་བློས་བཏང་ཡོག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist