མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་མང་ཁྲོད་མེ་མདའ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཕ་ཡུལ་འབྲི་རུ་ནས་ཡིན་པའི་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཁ་སང་ཕྱི་ ༦ ཉིན་རྒྱ་ནག་གཞུང་གིས་ནགས་ཤོད་འབྲི་རུ་རྫོང་ཟླ་ཐང་ཤང་དབུ་ཐང་གྲོང་ཚོའི་རྡོ་རྗེ་དྲག་རྩལ་ཞུ་བའི་བོད་མི་ཞིག་གློ་བུར་འཛིན་བཟུང་བྱས་ཡོད་འདུག་ལ།
  རྗེས་སུ་མི་མང་གིས་ས་གནས་སྲིད་གཞུང་ལ་ཁོང་ཀློད་གྲོལ་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ས་གནས་ལས་བྱེད་ཚོས་མི་མང་གི་རེ་བ་དང་བསམ་ཚུལ་ལ་ཡ་ལན་བྱས་མེད་པ་མ་ཟད། མི་མང་གི་མདུན་དུ་དམག་མི་མངགས་གཏོང་གིས་དུག་རླངས་གཡུག་པ་དང་གང་བྱུང་མེ་མདའ་བརྒྱབ་ཏེ། བོད་མི་བཀྲ་རྒྱལ་ཞུ་བ་ཞིག་དང་། གཞན་བོད་མི་ཁག་ཅིག་གིས་རྐང་ལག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་བཟོས་ཡོད་འདུག

ཕྱི་ཚེས་ ༢༩ ཉིན་ཚ་ཆུ་ཤང་དུ་སྟག་ལྷས་གྲོང་ཚོའི་ཚེ་རིང་རྣམ་རྒྱལ་གཙོས་པའི་བོད་མི་ ༦ དང་།  བ་རོ་གྲོང་དང་ལ་འོག་གྲོང་། ཀོ་ན་གྲོང་བཅས་ཀྱི་བོད་མི་ཁག་ཅིག་བཅས་མོ་བ་གྲོང་དུ་སོང་སྟེ། དྲག་ཆས་ཉེན་རྟོག་པ་དང་དམག་མིར་ཕྱི་ཚེས་ ༢༨ ཉིན་འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་མི་རྣམས་ཀློད་གྲོལ་དགོས་པའི་རེ་སྐུལ་ཞུས་ཀྱང་། དམག་མི་དང་ཉེན་རྟོག་པས་རྒྱུ་མཚན་དང་གནས་ལུགས་ཅི་ཡང་མེད་པར་ཁོང་ཚོར་གཅར་རྡུང་བྱས་ཡོད་པ་མ་ཟད། བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག

ཐེངས་འདིའི་གནས་ཚུལ་དེ་ནི། རྒྱ་ནག་གཞུང་གིས་ཟླ་སྔོན་མའི་ཕྱི་ཚེས་ ༡༠ ཉིན་ནས་བཟུང་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་དང་། ས་གནས་ཀྱི་ལས་བྱེད་བཅས་མི་ ༡༨༠༠༠ ཙམ་ནགས་ཤོད་འབྲི་རུ་རྫོང་ཁོངས་སུ་མངགས་གཏོང་གིས་གྲོང་ཚོ་ཁག་སོ་སོའི་ཁྱིམ་ཚང་ཚང་མས་ཁང་པའི་ཡང་སྟེང་དུ་རྒྱ་ནག་གི་རྒྱལ་དར་བསྒྲེངས་འཛུགས་བྱེད་དགོས་པ་དང་། ཡུལ་མི་ཚོར་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དགོས་པའི་བསམ་བློའི་སློབ་གསོ་སོགས་བཙན་བཀའ་རབས་དང་རིམ་པ་བཏང་བ་དང་། ལྷག་པར་དུ་ས་གནས་ཀྱི་དཔོན་རིགས་རྡོར་ཐུབ་དང་རྗོང་སྲིད་གཞུང་གི་དཔོན་རིགས་ཨི་ཡཱང་ཅི་གཉིས་ཀྱིས། མོ་བ་གྲོང་ཚོ་དང་སྨོན་ཆེན་གྲོང་ཚོ་བཅས་སུ་གཞུང་ཕྱོགས་ཀྱི་བཀའ་དང་ལེན་མི་བྱེད་མཁན་ཚོའི་ཕྲུ་གུ་སློབ་གྲྭ་ནས་ཕྱིར་འཕུད་དགོས་པའི་བཙན་བཀའ་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་འདུག

ཉེ་ལམ་ས་གནས་སུ་གནས་ཚུལ་བྱུང་རྗེས་རྒྱ་གཞུང་གིས་དྲག་ཆས་ཉེས་རྟོག་པ་དང་དམག་མིའི་རླངས་འཁོར་ ༢༠༠ ལྷག་མངགས་གཏོང་གིས། རི་གྲོང་དང་གྲོང་ཚོ་ཁག སྲང་ལམ་བཅས་དམག་མི་འགྲེམས་འཇོག་གིས་ས་གནས་ཀྱི་བརྒྱུད་ལམ་ལ་བཀག་སྡོམ་དང་མི་མང་གི་ཁ་པར་གཞུང་བཞེས་བཅས་གཏོང་གི་ཡོད་པ་མ་ཟད། ཁྲོམ་དུ་བཟའ་ཆས་སོགས་ཉོ་རུ་འགྲོ་སྐབས་གྲོང་མིའི་ཐོབ་ཐང་ལག་ཁྱེར་སྟོན་དགོས་ཀྱི་ཡོད་འདུག་ལ། ལག་ཁྱེར་མེད་ཚེ་བཙོན་འཇུག་སོགས་བྱས་ཏེ་ད་ལྟའི་ཆར་ས་གནས་མི་མང་དམ་དྲག་ཁྲོད་ལྷག་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 1

  1. བསེ་རུ། says:
    ལོ་ 13 སྔོན།

    རྒྱ་དམར་གྱིས་བོད་མི་ཚོར་འདི་ལྟའི་དྲག་གནོན་བྱེད་སྟངས་ལ་བལྟས་ན།
    བོད་མིའི་སྙིང་གི་རྨ་ཁ་ཆེ་ཇེ་ནས་ཇེ་ཆེར་ཕྱིན་ཏེ་སླར་ཡང་ཞི་རྒོལ་ཆེན་པོ་ཞིག་ཡོང་ཉེན་འདུག

    བོད་མིའི་སྒྲིག་འཛུགས་དང་གཞུང་དང་གཞུང་འབྲེལ་མ་ཡིན་ཚོགས་པ། མི་མང་བཅས་ཀྱིས་ཐུགས་སྨོན་སྐྱབས་འཇུག་གི་ལས་འགུལ་ལ་འགྱུར་བ་གཅིག་གཏོང་རན་འདུག་སྙམ།

    ཀློད་གྲོལ། གློད་དཀྲོལ།
    གཡུག་པ་དང་། གཡུགས་པ་དང་།
    བརྒྱབ་ཏེ། བརྒྱབ་སྟེ།
    ཕོག་ཏེ། ཕོག་སྟེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese