རྒྱ་གཞུང་གི་ཉེན་རྟོག་པས་དཀར་མཛེས་ཁུལ་དཔལ་ཡུལ་བཤད་གྲྭར་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་ནག་ཆུ་ཁུལ་སྲོག་རྫོང་ནས་ཡིན་པའི་གྲྭ་སྐལ་བཟང་ཆོས་དར་ཞུ་བ་ཞིག་གློ་བུར་དུ་འཛིན་བཟུང་བྱས་པར། ཁ་སང་ཚེས་ ༡༢ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པ་ཡས་མས་ལ། བཤད་གྲྭ་དེ་གའི་དགེ་འདུན་པ་ཡོངས་རྫོགས་ས་གནས་ཉེན་རྟོག་ལས་ཁུངས་སྒོ་ཁར་འཛོམས་ཏེ། འཛིན་བཟུང་བྱས་ཟིན་པའི་གྲྭ་བ་དེ་ཀློད་གྲོལ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་འདུག
རིམ་བཞིན་གྲྭ་བཙུན་དང་ས་གནས་མང་ཚོགས་ཇེ་མང་དུ་ཕྱིན་ཏེ། ཕྱི་དྲོའི་ཆུ་ཚོད་ ༥ ཙམ་ལ་སྐྱ་སེར་ ༦༠༠ ལྷག་འདུ་འཛོམས་ཀྱིས་སྐད་འབོད་ཤུགས་ཆེན་བརྒྱབ་ཡོད་འདུག་ལ། མཚན་དཀྱིལ་ཆུ་ཚོད་ ༡༢།༣༠ ཙམ་ལ་གལ་སྲིད་གྲྭ་བ་དེ་ཀློད་གྲོལ་མ་བཏང་ཚེ་གནས་ཚུལ་གང་ཞིག་བྱུང་ཡང་འགན་ཆ་ཚང་ཉེན་རྟོག་ཚན་པས་འཁུར་དགོས་ཚུལ་བརྗོད་སྐབས། རྒྱ་གཞུང་གིས་མི་སྣ་ཚོས་འཛིན་བཟུང་བྱས་ཡོད་པའི་གྲྭ་བ་དེ་ཉེན་རྟོག་ཁང་ན་མེད་པར་ཁྲིན་ཏུའུ་ལ་འཁྱེར་ཚར་ཡོད་སྐོར་བརྗོད་ཡོད་འདུག
མི་མང་འདུ་འཛོམས་ཁྲོད་དགེ་འདུན་པ་ཞིག་དང་བཙུན་མ་ཞིག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་བའི་གནས་ཚུལ་བྱུང་ཡོད་ཀྱང༌། ཁོང་ཉིས་ལ་རྨས་སྐྱོན་ཇི་ལྟར་ཕོག་པའི་གནས་ཚུལ་ད་སྔ་ཁ་གསལ་རག་མ་རག
ངོ་རྒོལ་བྱེད་སྟངས་དང་། བྱ་ས་མ་ནོར་བ་རེད་དོ། ད་དུང་མཉམ་རུབ་ཀྱིས་ཤུགས་རྒྱོབས་ཤོག་དང་།