མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྩེད་མོ་རྩེད་སྐབས་ཐོབ་ཤོར་ཁོ་ནར་མ་ལྟ།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱིར་དྲོར་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ་ངྷ་ས་ཁུལ་གྱི་ལག་རྩལ་སྤོ་ལོ་འགྲན་བསྡུར་གྱི་མཐའ་མར་འབྲོག་པ་རུ་ཁག་ཨང་དང་པོ་དང་ཟློས་གར་རུ་ཁག་ཨང་གཉིས་པ་ཆགས་སོང་།

དེ་རིང་ཕྱི་དྲོར། ངྷ་རམ་ས་ལ་ཁུལ་གྱི་ ༢༠༡༣ ལོའི་ལག་རྩེད་སྤོ་ལོའི་འགྲན་བསྡུར་དེ་གངས་སྐྱིད་སྤོ་ལོ་རྩེད་ཐང་ནས་མཇུག་སྒྲིལ་ཡོད་པ་དང་། གངས་སྐྱིད་ཁུལ་གྱི་གཞུང་ཞབས་ལས་བྱེད་དང་ངྷ་ས་ཁུལ་གྱི་མི་མང་བཅས་ལྟད་མོ་བ་ ༥༠༠ ལ་ཉེ་བའི་ཐལ་སྒྲ་དང་འབོད་སྒྲའི་ཁྲོད་ནས་མཇུག་བསྡོམས་མཛད་སྒོ་བསྡུས་ཡོད་ཅིང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་ཨང་དང་པོ་གཉིས་པ་ཐོབ་མཁན་དག་ལ་བྱ་དགའ་གནང་སོང་།

ལག་རྩེད་སྤོ་ལོ་འགྲན་བསྡུར་དེ་ནི། གངས་ལྗོངས་འགྲིམ་འགྲུལ་ལས་ཁང་(TIBET TOURS &TRAVELS) ལས་ཁུངས་ཀྱིས་གོ་སྒྲིག་འོག ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ནས་མགོ་འཛུགས་གནང་ཡོད་ཅིང་། རྩེད་འགྲན་ཁྲོད་རུ་ཁག་ ༩ མཉམ་ཞུགས་གནང་སྟེ། དེ་རིང་མཐའ་མའི་འགྲན་བསྡུར་ཁྲོད་འབྲོག་པ་རུ་ཁག་དང་ཟློས་གར་རུ་ཁག་གཉིས་བསྡུར་ཏེ་འབྲོག་པ་རུ་ཁག་ལ་སྐར་གྲངས་ ༩༥ ཐོབ་སྟེ་ཨང་དང་པོ་དང་། ཟློས་གར་རུ་ཁག་ལ་སྐར་གྲངས་ ༥༢ ཐོབ་སྟེ་ཨང་གཉིས་པ་བཅས་ཆགས་སོང་།  

མཇུག་བསྡོམས་མཛད་སྒོའི་སྟེང་གངས་ལྗོངས་འགྲིམ་འགྲུལ་ལས་ཁང་གི་འགན་འཛིན་ཟླ་བ་ལགས་ཀྱིས། ཐེངས་འདིར་ཁོང་མི་སྒེར་ཞིག་གི་ངོས་ནས་ལག་རྩེད་སྤོ་ལོ་རྩེད་འགྲན་འདི་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་གཙོ་བོ། དང་པོ། ད་ལྟའི་དུས་འདིར་ང་ཚོ་བཙན་བྱོལ་བ་ཡིན་པའི་དབང་གིས་གཞོན་སྐྱེས་ཚོར་རྩེད་མོ་རྩེད་བའི་གོ་སྐབས་ཉུང་ཉུང་ཆགས་ཡོད་སྟབས། གཞོན་སྐྱེས་ཚོར་རྩེད་མོ་རྩེད་རྒྱུའི་གོ་སྐབས་བསྐྲུན་རྒྱུ་དང་། གཉིས་པ། ཁོ་རང་ཚོང་ལས་གཉེར་མཁན་ཞིག་ཡིན་པའི་ཆ་ནས་སྤྱི་ཚོགས་ནང་ཚོང་ལས་ཀྱི་གོ་རྟོགས་དང་ཁྱབ་བསྒྲགས་བྱ་རྒྱུ། གསུམ་པ། འདས་པའི་ལོ་ ༡༧ རིང་ཚོང་གི་ལས་དོན་གཉེར་སྐབས་སྒེར་དང་ཚོགས་པ་ཁག་གི་མཐུན་འགྱུར་ལ་ཐུགས་རྗེ་ཆེ་ཞུ་ཆེད་བཅས་ཡིན་ཚུལ་བརྗོད་བྱུང་།

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་ཀྱིས། རྩེད་མོ་འདི་རིགས་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་དགོས་པ་ཞིག་ཡིན་ཡང་། ད་ལྟའི་བར་སློབ་གྲྭ་ནང་ཁུལ་དུ་སིལ་སྤོལ་འགྲན་བསྡུར་བྱས་པ་ལས་རུ་ཁག་ཕན་ཚུན་བར་གྱི་རྩེད་འགྲན་རིགས་གོ་སྒྲིག་གནང་ཐུབ་མེད་པ་དང་།  དེའི་རིགས་གོ་སྒྲིག་གནང་མ་ཐུབ་པའི་འགོག་རྐྱེན་གཙོ་བོ། ཚགས་ཚུད་ཡོང་མིན་ལ་ཐུག་ཡོད་པ་དང་། ཚགས་ཚུད་མ་ཡོང་བའི་རྒྱུ་མཚན་གཙོ་བོ། རྩེད་མོ་རྩེད་མཁན་དང་གཟིགས་མོ་བས་བསམ་སྤྱོད་ལ་ཐུག་ཡོད་པ། དེང་སྐབས་སྔར་ལས་ཉུང་དུ་ཕྱིན་ཡོད་ཀྱང་ཕྲན་བུ་ད་དུང་གནས་ཡོད་སྐོར་བརྗོད་བྱུང་། ཁོང་གིས་མུ་མཐུད་དུ། “ རྩེད་མོ་རྩེད་མཁན་ཚོས་ཐོབ་ཤོར་ཁོ་ནར་མི་ལྟ་བར་རྩེད་མོ་ཡག་པོ་རྩེད་རྒྱུ་དང་། ལྟད་མོ་ལྟ་མཁན་ཚོས་ཀྱང་ཕྱོགས་ཞེན་དང་འཐེན་འཁྱེར་མི་བྱེད་པར། མ་འོངས་པར་ཚང་མས་མཐུན་འགྱུར་གནང་སྟེ་རྩེད་མོའི་རིགས་ཡར་རྒྱས་གཏོང་ཐབས་ལ་འབད་དགོས”ཞེས་བརྗོད་བྱུང་།

ཐེངས་འདིའི་འགྲན་བསྡུར་ཁྲོད་ཨང་དང་པོར་གཟེངས་རྟགས་ཤིག་དང་ཧིན་སྒོར་ ༡༠༠༠༠ དང་། ཨང་གཉིས་པ་པར་གཟེངས་རྟགས་དང་ཧིན་སྒོར་ ༦༠༠༠ ། ཨང་གསུམ་པར་ལག་རྩེད་སྤོ་ལོ་གཉིས་དང་ཧིན་སྒོར་ ༢༠༠༠། སྤོ་ལོ་མང་ཤོས་ལྡུག་མཁན་ལ་གཟེངས་རྟགས་དང་མཉམ་དུ་ཧིན་སྒོར་ ༢༠༠༠ བཅས་ཀྱི་གསོལ་རས་གནང་སོང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 5

  1. སྦྲ་དཔལ་ལྡན། says:
    ལོ་ 10 སྔོན།

    གསར་འགོད་པ་དོན་ཁོ་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བར་བཀའ་དྲིན་ཆེ། གོང་གི་གསར་འགྱུར་དེའི་ནང་དུ་སྤོ་ལོ་ལྡུག་མཁན་སུ་ཡིན་ཁ་གསལ་མེད་པས་ཤེས་འདོད་ཧ་ཅང་ཆེ་བས་ཀློག་པ་པོ་སུ་ཞིག་གིས་མཐོང་ཡོད་ཚེ་གསལ་བཤད་རེ་གནང་རོགས་ཞུ།

    Reply
  2. འདབ་པ་ཚེ་དབང་མགོན་པོ། says:
    ལོ་ 10 སྔོན།

    ཨ་ཁུ་སྙིང་རྗེ་འདི་ཚོ། སློབ་སྦྱོང་མེད་པའི་སྒང་ལ་རྩེད་མོའི་རིགས་ལ་དགའ་ཞིག་འདུག
    ཐོག་མར་གསོ་སྐྱོང་བྱེད་སྟངས་མ་འགྲིགས་ཤིག་དང་། ཡང་ན་གསོ་སློབ་ཡང་དག་པའི་ཁོར་ཡུག་ཅིག་མ་རག་པའི་གནས་སྟངས་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བས་ཀྱང་བཟའ་རྒྱུ་དང་འཐུང་རྒྱུ། ཉལ་རྒྱུ་དང་འཁྱམ་རྒྱུ་བཅས་ལ་མགོ་འཁོར་ཏེ་ལུས་པ་རྐྱང་རྐྱང་རེད།

    Reply
  3. ཨ་རིག་དགེ་མཐོང་། says:
    ལོ་ 10 སྔོན།

    སྤྱིར་ན་གསར་འགྱུར་དུས་ལྟར་མཐོང་བས་སྤྲོ། ༼ ། སྤོ་ལོ་མང་ཤོས་ལྡུག་མཁན༽དེ་ངོ་སྤྲོད་ཅིག་ཡོད་ན་ཡག་ཐོག་ཡག་བཞག་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    Ball = པོ་ལི།
    Basketball = སིལ་པོལ།
    Football = རྐང་པོལ།

    Reply
  5. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 10 སྔོན།

    གོ་སྒྲིག་ཞུ་མཁན་ལ་རྒྱབ་སྐྱོར་ཡོད།
    འབྲོག་པ་རུ་ཁག་གི་རུ་མི་སུ་སུ་ཡིན་ནམ། ཡོངས་ཁུངས་གང་ནས་རེད། འབྲོག་རྒན་ངས་དགའ་བསུ་ཞུ། ཧཧཧཧ
    མཛའ་བརྩེ་དང་པོ། འགྲན་སྡུར་གཉིས་པ། ལུས་ཕུང་སྦྱོང་བརྡར། མི་རིགས་དར་སྤེལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist