མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོར་ཡུག་གཙང་བཟོ་དང་ཡུལ་མིར་མཐུན་ལམ་བྱེད་དགོས།

བོད་ཀྱི་དུས་བབ།
༢༠༡༣/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ངྷ་ས་ཁུལ་གྱི་བོད་པ་དང་རྒྱ་གར་བའི་ཚོགས་པ་དང་མི་སྒེར་མང་པོ་ཞིག་གིས་ཚོགས་འདུ་ཚོགས་ཏེ་ངྷ་སའི་ཁོར་ཡུག་གཙང་མ་ཉར་སྟངས་དང་བོད་པ་དང་རྒྱ་གར་བའི་བར་མཐུན་སྒྲིལ་འཛུགས་ཕྱོགས་བཅས་ལ་གྲོས་བསྡུར་གནང་སོང་།

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༢༠ སྟེང་། ངྷ་ས་མེག་གྷན་སཱོ་རེ་ཡ་གསོལ་མགྲོན་ཁང་དུ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་གོ་སྒྲིག་དང་། ངྷ་ས་ས་གནས་མགོ་འཛིན་ལས་ཁུངས་དང་ཧིན་བོད་མཛའ་འབྲེལ་མཐུན་ཚོགས་གཉིས་ཀྱི་མཐུན་འགྱུར་འོག ངྷ་ས་ཁུལ་གྱི་རྒྱ་གར་དང་བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བསྡུ་སྐོང་གིས་ ‘ཞི་མཐུན་མཉམ་གནས་དང་འཕེལ་རྒྱས’ཞེས་པའི་བརྗོད་གཞིའི་ཐོག་གྲོས་བསྡུར་དང་བགྲོ་གླེང་ཞིག་ཚོགས་སོང་།  

དེའི་སྟེང་ངྷ་ས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་དང་ཧིན་བོད་མཛའ་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ། བོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་། རྒྱ་གར་མགྲོན་ཁང་མཐུན་ཚོགས། བོད་ཧིན་གཉིས་ཀྱི་ཚོང་ལས་མཐུན་ཚོགས་བཅས་ཀྱི་ཚོགས་གཙོ་དང་སྐུ་ཚབ། གཞན། སྤྱི་ཚོགས་ཞབས་ཞུ་བ་དང་ལས་འགུལ་པ་བཅས་ཁྱོན་མི་ ༥༠ འདུ་འཛོམས་ཀྱིས་ངྷ་སའི་ཁོར་ཡུག་གཙང་བཟོ་བྱེད་ཕྱོགས་དང་། རྒྱ་གར་དང་བོད་པའི་མང་ཚོགས་བར་མཐུན་ལམ་གནང་ཕྱོགས་བཅས་ཀྱི་སྐོར་ལ་གྲོས་བསྡུར་གནང་སོང་།

ཐོག་མར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་ཀརྨ་ལེགས་བཤད་ལགས་ཀྱིས་འཚམས་འདྲི་དང་འབྲེལ། ང་ཚོ་མཉམ་འཛོམས་བྱས་ཏེ་ཞི་མཐུན་མཉམ་གནས་ཀྱི་འབྲེལ་ལམ་ཇེ་ཟབ་དང་ཡར་རྒྱས་གཏོང་རྒྱུ་ལས། དེ་སྔོན་རྙོག་དྲ་ཆེན་པོ་ཡོད་པ་དེ་འདྲ་གང་ཡང་མ་རེད། ངྷ་སའི་ནང་འཚོ་སྡོད་བྱེད་བཞིན་པའི་རྒྱ་གར་མི་རིགས་དང་བོད་རིགས་གཉིས་བར་མཛའ་བརྩེ་དང་ཞི་བདེའི་མཉམ་གནས་བྱེད་པའི་མིག་དཔེ་ཞིག་འཛམ་གླིང་ལ་སྟོན་དགོས་ཀྱི་ཡོད་པ་རེད། གང་ཡིན་ཟེར་ན། ༸གོང་ས་མཆོག་གི་བྱིན་རླབས་དང་ཁོང་གི་བྱམས་བརྩེ་ཡིས་རྒྱ་གར་གྱི་སྤུན་ཟླ་ཕོ་མོ་དང་བོད་རིགས་ཚོར་ལྟ་སྐྱོང་བྱེད་ཀྱི་ཡོད། དེ་ལས་ལྷག་པ་དཀའ་རྙོག་སྐོར་ལ་གྲོས་བསྡུར་བྱེད་དགོས་དོན་ནི། དཀའ་རྙོག་ནི་ང་ཚོའི་མི་ཚེའི་ཆ་ཤས་ཤིག་ཡིན།༸གོང་ས་མཆོག་གིས་ “ ཇི་སྲིད་འགྲོ་བ་མིའི་སྤྱི་ཚོགས་གནས་པ་དེ་སྲིད་དུ་དཀའ་རྙོག་ཡོད་ངེས་ཡིན།”ཞེས་གསུངས་པ་བཞིན། དཀའ་རྙོག་ནི་འགོག་ཐབས་མེད་པའི་ཡར་རྒྱས་ཀྱི་ཆ་ཤས་ཤིག་ཡིན་ཞེས་བརྗོད་སོང་།

དེ་རྗེས་ས་གནས་མགོ་འཛིན་བསོད་ནམས་རྡོ་རྗེ་ལགས་ཀྱིས། ཁོར་ཡུག་སྲུང་སྐྱོབ་གལ་ཆེན་ཡིན་པ་དང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཚོར་མཚོན་ན། ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་བྱེད་པའི་གོམས་གཤིས་ཡོད་ཀྱང་། དེང་སང་ངྷ་སར་རྒྱ་གར་གྱི་ཡུལ་སྐོར་སྤྲོ་འཆམ་པ་མང་པོ་ཡོང་གི་ཡོད་སྟབས། ཁོར་ཡུག་ལ་དོ་སྣང་མེད་པར་གད་སྙིགས་གང་སར་གཡུག་གི་ཡོད་པའི་དཀའ་ངལ་ཡོད་པ་དང་། ཕྱི་ཟླ་ ༡༡ པའི་ནང་ངྷ་སའི་གཞུང་ལམ་བསྐྱར་བཟོ་མགོ་འཛུགས་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་སོང་།

ཁོར་ཡུག་སྐོར་ལ་གྲོས་བསྡུར་བྱས་མཐར། ཟླ་འདིའི་ཚེས་ ༢༧ ཉིན་ངྷ་ས་ཁུལ་གྱི་ཚོགས་པ་ཚང་མ་མཉམ་རུབ་ཐོག་ཁོར་ཡུག་གཙང་བཟོ་བྱ་རྒྱུ་ཡིན་པ་དང་། ཉིན་དེར་མ་འོངས་པར་འཆར་ཅན་ལྟར། ཟླ་བ་རེར་ཉིན་གཅིག་གམ། ཡང་ན་ཉིན་ཕྱེད་རེར་ཁོར་ཡུག་གཙང་བཟོ་བྱེད་རྒྱུ་ཡིན་པ་གཏན་འཁེལ་བྱ་རྒྱུ་ཡིན་འདུག གཞན། རྒྱ་གར་མི་རིགས་དང་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་གཉིས་བར་འབྲེལ་ལམ་གོང་སྤེལ་དང་ཞན་ཆ་དོར་ཐབས་སྐོར་ལ། རྒྱ་གར་སྐད་དང་བོད་སྐད་ཕན་ཚུན་སློབ་ཁྲིད་བྱ་རྒྱུ་དང་བོད་མི་ཚོས་ཁྲིམས་འགལ་ཐོག་རྒྱ་གར་ལས་ཁུངས་ཁག་གི་འབྲེལ་ཡོད་ལས་བྱེད་ཚོར་གང་བྱུང་ལྐོག་དངུལ་མི་སྤྲོད་རྒྱུ། མི་རིགས་གཉིས་ཀའི་མཛད་སྒོ་དང་དུས་ཆེན་ཁག་ནང་མཉམ་ཞུགས་གནང་རྒྱུ་སོགས་ལ་གྲོས་བསྡུར་གནང་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

 

 

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༩ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༢༢ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

མཆན། 2

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ཧ་ཅང་ལེགས་སོ།
    ཁོར་ཡུག་ལྟ་རྟོག་པ་འཛུགས་ཐུབ་ན། རང་མི་དང་དང་ཕྱི་མི་ཚང་མར་དོ་དམ་ནན་པོ་གཏོང་ཆོག་གི་རེད། དཔེར་ན། གད་སྙིགས་གང་བྱུང་དོར་ན་སྒོར་མོའི་ཆད་པ་གཅོད་པ་དང། ཡང་ན་གཙང་མ་བཟོ་རུ་འཇུག་པ་ལྟ་བུ།

    Reply
  2. གངས་ལྡོམ། says:
    ལོ་ 13 སྔོན།

    ཁོར་ཡུག་ལས་ཁུངས་ཀྱིས་རྡ་རམ་ས་ལའི་མི་མང་གི་ལག་ནས་ལོ་རེར་ཧིན་སྒོར་ ༢༤༠ རེ་ ལེན་གི་ཡོད་རེད།

    རྡ་རམ་ས་ལ་གི་ཁོར་ཡུག་གཙང་སྦྲ་བྱེད་དགོས་ན།
    ཁོར་ཡུག་ལས་ཁུངས་ཀྱིས་བྱེད་དགོས་ནི་རེད།

    ཡང་ཁོར་ཡུག་ལས་ཁུངས་ཀྱིས་ཆོ་མེད་པའི་་ལས་ཀ་ཞིག་བྱེད་གི་ཡོད་པ་ནི།
    ཁྱིམ་ཚང་གཅིག་ལ་མི་བཅུ་ཡོད་ཀྱང་ལོ་རེར་ཧིན་སྒོར་ ༢༤༠ ལེན་གི་ཡོད་རེད།
    མི་གཅིག་ཡིན་ན་ཡང་ཧིན་སྒོར་ ༢༤༠ རེ་ལེན་གི་ཡོད་རེད།
    ད་འདི་ག་རེ་རེད། ཆོ་མེད་པའི་ལས་ཁུངས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese