མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་དྭ་ཕྲུག་གི་སྐྱོ་གནས་དེ་དོན་དངོས་ཐོག་སུ་ཞིག་གིས་བཟོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཚོའོ་ཤ་ཡིས་བརྩམས། ཆབ་ཆ་འབྲུག་བྷེ་ཡིས་བསྒྱུར།

ཕྱི་ལོ་༢༠༡༣ ཟླ་༡༠ཚེས་༡༥ཉིན།ཀྲུང་གོའི་ཕྱི་འབྲེལ་སྡེ་ཚན་གྱི་མགྲིན་ཚབ་པ་ཧྭ་ཁྲོང་ཡིན་(Hua Chun Ying)གྱིས་གསར་འགོད་གསལ་བསྒྲགས་ཤིག་གི་ཐོགསུད་སིའི་(New Zurich newspaper)ཞེས་པའི་ཚགས་པར་སྟེང་༼བོད་རིགས་དྭ་ཕྲུགདྭ་ཕྲུག་མ་རེད།༽ཅེས་པའི་རྩོམ་ཡིག་ཅིག་བཀོད་ཡོད་པར་ཁ་གཡར་ཏེ།“ཐེངས་དེའི་དྭ་ཕྲུག་ཁྱུ་ཚོགས་དེ་རང་ཉིད་ཀྱི་རིག་གནས་དང་ཁ་བྲལ་སྟབས།བོད་ཡིག་མི་ཤེས་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པས་བོད་རང་བཙན་གྱི་ཆབ་སྲིད་དམིགས་ཡུལ་དུ་བཟུང་སྟབས།བོད་རིགས་ད་ཕྲུག་གི་གནད་དོན་དེ་བཟོས་པ་རེད” ཅེས་ཁ་རྡུང་བཏང་ཡོད་པ་རེད།

            ངས་གསལ་བོར་དྲན་པ་ནི།༡༩༦༠ལོར་ཀྲུང་གོའི་ཉ་དང་འབྲས་ཀྱི་ཕ་ས་ཅཱང་སུའུ་ཞིང་ཆེན་ (Jiangsu Province) ནང་།ངའི་ཨ་ཕ་དང་སྒྱུག་པོ་སྒྱུག་མོ་ཚང་མ་དྭ་ཕྲུག་ཏུ་གྱུར་པ་རེད།རྒྱུ་ མཚན་ནི་ཁོ་ཚོའི་ཕ་མ་གཉིས་ཀྱིས་འབྲུ་རིགས་ཅུང་ཙམ་ལྷག་ཡོད་པ་དེ་ཕྲུ་གུ་ཚོར་ སྤྲད་དེ་རང་འགུལ་གྱིས་རང་ཉིད་ལྟོགས་ཤི་ཐེབས་དུ་བཅུག་ཡོད་པ་རེད།དྭ་ཕྲུག་ཏུ་གྱུར་བའི་དོན་རྐྱེན་འདི་ཚང་མ་མི་སུ་ཞིག་གིས་ཅིའི་ཕྱིར་བཟོས་པ་རེད།ཆབ་སྲིད་དམིགས་ཡུལ་གང་ཞིག་དང་འབྲེལ་བ་ཡོད་པ་རེད།དུས་སྐབས་དེར།ཀྲུང་གོའི་རྒྱལ་ཡོངས་སུ་མི་གྲངས་བྱེ་བ་༣ལྷག་ལྟོགས་ཤི་ཐེབས་ཡོད།བྱིས་པ་བགྲང་ལས་འདས་པ་ཞིག་དྭ་ཕྲུག་ཏུ་གྱུར་བ་དང་།ཡང་ན་ལྟོགས་ཤི་ཐེབས།ཐ་ན་གཙང་བཙོག་མེད་པར་ཡོད་ཚད་ཟ་བ་ཡིན།རྒྱ་མིའི་དྭ་ཕྲུག་དག་ལྟོགས་ཤི་ཐེབས་ཏེ་ཡིད་སྐྱོ་བའི་གནས་ཚུལ་འབྱུང་བཞིན་ཡོད་ན་ཡང་།སྲིད་ གཞུང་གིས་ཕྱི་ལོགས་སུ་མི་མངོན་པའི་ཚུལ་གྱིས་སྡེ་བ་སོ་སོར་དྲག་ཆས་མི་སྣ་ སྐུང་འཇོག་གིས་ཕྲུ་གུ་ཚོ་ཕྱི་རོལ་དུ་འཁྱམས་ཏེ་ལྟོ་སློང་མི་ཆོག་པ་བཟོས་པ་ རེད།

            བོད་པའི་བྱིས་པ་ཁ་ཤས་ལ་ལམ་འགྲོ་བརྒྱུགས་ཏེ།ཁོ་ཚོ་ཏཱ་ལའི་བླ་མའི་རྗེས་འབྲངས་ནས་རྒྱ་གར་ལ་སྐྱབས་བཅོལ་དུ་འབྱོར་ཐུབ་པ་བྱུང་བ་རེད།དཀའ་དྲིན་རི་རབ་ལས་མཐོ་བའི་སུད་སིའི་མི་མང་གིས་སྙིང་རྗེ་དང་བརྩེ་བ་ཆེན་པོས་དྲོད་ལྡན་ལག་ཟུང་བརྐྱངས་ཏེ།བྱིས་པ་ཁྱུ་ཅིག་ལ་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་གྱིས་མདུན་བསུས་ཏེ།བོད་མི་རིགས་ཀྱི་ཁྲག་རྒྱུན་དང་ཤེས་རིག་གི་ས་བོན་རྒྱུན་མཐུད་པ་རེད།བོད་པའི་དྭ་ཕྲུག་གི་སྐྱོ་གར་གྱི་འབྱུང་རྩ་ནི་ཁོ་ཚོའི་ཕ་སར་ཀྲུང་གོས་ཁྲིམས་འགལ་བརྙས་བཅོས་ཐེབས་པས་རེད།སྐབས་དེར་རྒྱ་གར་གཞུང་གིས་སྐྱབས་བཅོལ་བ་ཁོང་ཅག་གི་བདེ་ཐང་ལ་འགན་སྲུང་ཆ་ཚང་ཞིག་གནང་ཐུབ་མེད་ཀྱང་།ཁོང་ཚོར་མཐོ་སྒང་ལྟར་འཚོ་གནས་ཁོར་ཡུག་འོས་འཚམ་ཞིག་གི་མཐུན་རྐྱེན་བསྐྲུན་ཡོད།

            བོད་པའི་བྱིས་པ་ངོས་ལེན་བྱེད་མཁན་སུད་སི་རྒྱལ་ཁབ་འཕུད།ཡུ་རོབ་ཀྱི་རྒྱལ་ཁབ་གཞན་དག་དང་།ཨ་རི་དང་ཨོ་སི་ཊོ་ལེ་ཡ་སོགས།ཐ་ན་ཐེ་ཝན་ཡང་དེའི་ནང་ཚུད་ཡོད།ཐ་ན་སྔོན་ཐོན་ཅན་གྱི་རྒྱལ་ཁབ་ཕལ་ཆེ་བ་དེའི་ནང་ཚུད་ཡོད།ཡུ་རོབ་དང་ཨ་རི།ཨོ་སི་ཊོ་ལེ་ཡ་སོགས་སུ་གནས་སྡོད་བྱེད་བཞིན་པའི་བོད་པའི་བྱིས་པ་ཁ་ཤས་དྭ་ཕྲུག་ཡིན་ཞིང་ཁ་ཤས་དྭ་ཕྲུག་མིན།ཁ་ཤས་ཀྱི་ཕ་མ་གཉིས་ཀ་བརླགས་ཡོད་ཅིང་ཁ་ཤས་ཀྱི་ཕ་མ་གང་རུང་བརླགས་ཡོད།ཡང་ཁ་ཤས་ཀྱི་ཕ་མ་གཉིས་ཀ་བདེ་ཐང་ཡིན།ཡིན་ཡང་།དེ་དག་ཚང་མས་དུས་རབས་དེའི་འཚོ་གནས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱས་ཡོད།རྒྱ་གར་ནང་སྐྱབས་བཅོལ་དུ་ཡོད་པའི་དགའ་ལྡན་ཕོ་བྲང་ལ་བསྐྱལ་བའི་ཁོ་ཚོ་ཚང་མ་དྭ་ཕྲུག་རེད་ཅེས་རྩ་བ་ཉིད་ནས་ཤོད་ཀྱི་མེད།ངས་བཀླགས་མྱོང་བའི་སྒྲུང་གཏམ་ཞིག་ཏུ།སྐབས་དེའི་རྒྱ་གར་ནང་གི་སྐྱབས་བཅོལ་བོད་མི་ཚོས།གནའ་བོའི་ཤིང་ནགས་གཅོད་འབྲེག་གིས་ལམ་ཁ་བཟོ་དགོས་ཀྱི་ཡོད།ཁོང་ཚོས་འདི་ལྟར་དཀའ་ངལ་དང་ཉེན་ཁ་ཆེ་བའི་ངལ་རྩོལ་བྱས་དོན་ནི།ཁོང་ཅག་གི་ཕྲུ་གུ་ཚོར་སློབ་སྦྱོང་གི་རོགས་སྐྱོར་འཐོབ་ཆེད་ཡིན།དེར་བརྟེན།རྒྱལ་ཁབ་ཀྱི་བྲན་གཡོག་ལྟ་བུར་གྱུར་བའི་བོད་པ་ཚོས་རྒྱུན་དུ་དཔལ་ཡོན་ཅན་གྱི་རྒྱལ་ཁབ་དག་གི་བཀའ་དྲིན་ཚོར་གྱི་ཡོད་པ་རེད།

     གཏན་སྡོད་ཕྱི་མིའི་བྱིས་པར་གྱུར་བའི་ཕྲུ་གུ་འདི་ཚོར་རང་ཉིད་ཀྱི་མ་སྐད་རིག་གནས་ཀྱི་ཤུལ་འཛིན་ནུས་པ་ལ་ཁྱད་པར་ཡོད།ཁ་ཤས་ཀྱིས་རྒྱུད་འཛིན་ཡག་པོ་བྱས་ཡོད།ཁ་ཤས་ཀྱིས་རྒྱུད་འཛིན་ཡག་པོ་ཐུབ་མེད།འདི་ལྟ་བུའི་མ་སྐད་རིག་གནས་བོར་བརླག་གི་རྣམ་པ་དེ་གནས་སྤོར་བྱེད་མཁན་གྱི་མི་རིགས་ཡོངས་རྫོགས་ཀྱི་གནས་སྟངས་གཅིག་པ་རེད།ཧྲང་ཧེ་གྲོང་ཁྱེར་གྱི་ཕྲུ་གུ་ཞིག་ཕ་མའི་རྗེས་འབྲང་ནས་པེ་ཅིན་དུ་གནས་སྤོར་བྱས་པའི་དབང་དུ་བཏང་ན།ཚང་མས་ཧྲང་ཧེ་རིག་གནས་རྒྱུན་འཁྱོངས་བྱེད་ཐུབ་བམ།ལུས་པོ་ཁོ་ན་ཡུ་རོབ་དུ་ཕྱིན་པའི་བོད་པའི་བྱིས་པ་ཚོར་ལྟ་ཅི་སྨོས།མི་མང་གིས་མཁྱེན་གསལ་ལྟར།ཀྲུང་གོས་དབང་བསྒྱུར་འོག་ཕ་མ་དང་མཉམ་དུ་འཚར་ལོངས་བྱུང་བའི་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་དང་།ཡུ་གུར་སློབ་མའི་གཙོ་འཛིན་བོ་ཨར་ཁེལ་ཤིས་ (Wuerkaixi) གཉིས་ལ་མཚོན་ན་ཡང་རང་རིགས་ཀྱི་སྐད་ཡིག་བེད་སྤྱོད་ཤེས་ཀྱི་ཡོད་པ་མ་རེད།འདི་ཡང་སུས་བཟོས་པ་རེད་དམ།ཀཱོང་ཀྲུག་ཡུལ་མིས་པེ་ཅིན་གཞུང་གི་སྤྱི་སྐད་བཀག་འགོག་བྱས་པ་ཡང་ཅིའི་ཕྱིར་རེད།

            ཡུ་རོབ་དང་ཨ་རི།ཨོ་སི་ཊོ་ལེ་ཡ་སོགས་སུ་ཡོད་པའི་སྐྱབས་བཅོལ་བོད་མིའི་ཕྲུ་གུ་ཚོས་རྒྱལ་ཁབ་དེ་དག་དང་མི་རིགས་དེ་དག་གི་ཁྲོད་དུ།ནག་ཉེས་ཁྲིམས་འགལ་གྱི་བྱ་སྤྱོད་གྲངས་ཀ་ཐོལ་པ་གསོག་མེད།ཀླད་ཀོར་ཡིན།དེ་ལས་ཀྱང་རྒྱལ་ཁབ་སོ་སོའི་མི་མང་དང་བོད་མི་མང་བར་གྱི་མི་རིགས་མཛའ་གྲོགས་དང་རིག་གནས་བརྗེ་རེས་ཀྱི་ཟམ་པ་ལྟ་བུར་གྱུར་ཡོད།ཁོ་ཚོ་ས་གནས་མང་ཚོགས་ཀྱི་གསོས་ཕྲུག་ཡིན་པར་ངོ་གནོངས་མི་དགོས་པའི་བོད་པའི་རིག་གནས་ཀྱི་ཕོ་ཉ་ཡང་རེད།དུས་ད་ལྟའི་བར་དུ།བོད་བརྒྱུད་ནང་བསྟན་རིག་པ་དེ་ཡུ་རོབ་དང་ཨ་རི།ཨོ་སི་ཊོ་ལེ་ཡ་སོགས་ཀྱི་སྣ་མང་རིག་གནས་ཁྲོད་ཀྱི་གལ་ཆེའི་ཆ་ཤས་ཤིག་ཆགས་ཟིན་ཡོད་པ་དང་།ནུབ་ཕྱོགས་པ་ཚོས་ནང་བསྟན་རིག་པ་སློབ་སྦྱོང་གི་གདམ་གསེས་བྱེད་ཡུལ་གྲུབ་མཐའི་ཆོས་སྒོ་གཙོ་བོ་ཞིག་ཏུ་གྱུར་ཡོད།དེ་བཞིན།བོད་བརྒྱུད་དགོན་པ་མང་པོ་མེ་ཏོག་བཞིན་ཨ་རི་དང་ཨོ་སི་ཊོ་ལེ་ཡ།ཡུ་རོབ་སོགས་ཀྱི་རྒྱལ་ཁབ་སོ་སོའི་ནང་བཏབ་ཡོད།འདིས་གསལ་བཤད་ཐུབ་པ་ནི།ཡུ་རོབ་དང་ཨ་རི།ཨོ་ སི་ཊོ་ལེ་ཡ་སོགས་ཀྱི་བོད་པ་སྐྱབས་བཅོལ་བའི་ཕྲུ་གུ་མང་ཆེ་བས་རང་ཉིད་ཀྱི་མ་ སྐད་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བྱེད་ཀྱི་ཡོད་པ་དེ་རེད།ཡིན་ཡང་བོད་པའི་བྱིས་པ་ཁ་ཤས་ལ་མཚོན་ན།བོད་བརྒྱུད་ནང་བསྟན་རིག་པ་མ་ཤེས་པར་ཐ་ན་འདོར་བཞིན་ཡོད་མཁན་ཡང་ཡོད་པ་རེད།འདི་ཡང་ཏན་ཏན་ཁོ་ཚོའི་དད་མོས་རང་དབང་ལ་ཐུག་ཡོད་མོད་དོན་གྱིས་དེ་དག་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།

            སུད་སིའི་ཚགས་པར་དང་བརྙན་པར་ལ་ལར་ཆ་བཞག་ན།བོད་ པ་སྐྱབས་བཅོལ་བའི་བྱིས་པ་དག་ཡུལ་ལུང་དེ་དག་ནང་འཚར་ལོངས་ཀྱི་བྱུང་རིམ་སྒྲུང་ གཏམ་འབྲི་པའི་འདོད་མོས་བྱེད་བཞིན་པ་དེ་དག་ལ་ང་ཚོས་བཀའ་དྲིན་ཞུ།ཁོ་ཚོས་བྲིས་པ་དེར་ཕྱོགས་ཞེན་གྱི་ཆ་རེ་ཟུང་ཡོད་ནའང་།ང་ཚོས་ད་དུང་བཀའ་དྲིན་ཆེ་ཞུ།ང་ཚོའི་རེ་བར་ཁོ་ཚོས་མུ་མཐུད་དུ་དེ་ལས་མང་བའི་སྒྲུང་གཏམ་འབྲི་བ་དང་།སྐྱབས་བཅོལ་བོད་མིའི་ཕྲུ་གུའི་སྐྱོ་གར་དུས་རབས་ཀྱི་འབྱུང་རྩ་སོགས་གཏིང་ཟབ་ཀྱིས་གསལ་སྟོན་བྱེད་པའི་རེ་བ་ཡོད།

     ངས་དེ་བས་ཀྱང་ཁོ་ཚོ་མགྱོགས་མྱུར་ངང་ཀྲུང་གོར་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།དེང་སྐབས་ཚུལ་མིན་གྱིས་བཟོས་པའི་དྭ་ཕྲུག་ག་ཚོད་ཅིག་ཡོང་གི་ཡོད་པར་ལྟོས་དང་།ཕྲུ་གུ་ག་ཚོད་ཅིག་ཡོད་དམ།སྲང་ལམ་གང་སར་ཁྱབ་པའི་སློང་མོ་བ་དེ་ཚོ་ཚུལ་མིན་གྱིས་བཟོས་པའི་དབང་བོ་སྐྱོན་ཅན་གྱི་དྭ་ཕྲུག་རྐྱང་རྐྱང་མ་རེད་དམ།ཀྲུང་གོ་ཅིའི་ཕྱིར་དྭ་ཕྲུག་དག་ཕྱིའི་རྒྱལ་ཁབ་ཁག་ཏུ་སྐྱེལ་བཞིན་པའི་རྒྱལ་ཁབ་ཅིག་ཏུ་གྱུར་པ་རེད།ཁོ་ཚོས་བརྡ་ལན་ཞིག་སྤྲོད་པའི་རེ་བ་ཡོད།

མ་རྩོམ། http://boxun.com/news/gb/pubvp/2013/10/201310220313.shtml#.UnclX41HJ8E

 

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༢༡ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༢༤ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese