མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲང་བདེན་གྱིས་ཕོངས་བའི་སྲིད་བྱུས་ཀྱི་གདོང་རིས་ངོ་མ་དེ་རྟོཊ་དགོས་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས། རྒྱ་གཞུང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁོངས་སུ་བསྐྱར་འཛུལ་བྱེད་པའི་འོས་བབ་མེད་པ་དང༌། རྒྱབ་ཤ་དཀར་པོ་ཞེས་པར་ལན་འདེབས་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

དེ་རིང་ཉིན་རྒྱབ་ཆུ་ཚོད་ ༣ པའི་ཐོག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་འགྲེམས་སྟོན་ཁང་དུ་ཚོགས་གཙོ་པ་སངས་ཚེ་རིང་ལགས་དང༌། ཚོགས་གཞོན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས། དྲུང་ཆེ་རྨེའུ་དཀོན་རྒྱམ་ལགས་བཅས་ལྷན་འཛོམས་ཐོག རྒྱ་གཞུང་ལ་བསྐྱར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཁུངས་སུ་འཛུལ་ཞུགས་བྱེད་པའི་འོས་བབ་མེད་པའི་ཐད། ཚོགས་པའི་ངོས་ནས་ཉིན་གྲངས་ ༣ རིང་དྷ་ས་ཁུལ་ནས་བསྡུ་རུབ་བྱས་པའི་མཚན་རྟགས་ ༢༠༣༣ དེ་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་བདུན་པའི་ཚོགས་གཙོ་དང་ཚོགས་མི་ཡོངས་ཀྱི་མཚན་ཐོག་ཏུ་འབུལ་རྒྱུ་ཡིན་པ་དང༌། ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་གཞུང་གིས་༼ བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་བྱུང་བ ༽ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ཕྲེང་བཅུ་པ་འགྲེམས་སྤེལ་འུར་སྒྲོག་བྱས་པར་ལན་འདེབས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སོང༌། 

ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས་༼བོད་ལྗོངས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ བྱུང་བ༽ཞེས་པར་ལན་འདེབས་ཀྱི་བསྒྲགས་གཏམ་སྒྲོགས་སྦྱང་གནང་བའི་ནང༌། “རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་ནང་གི་བོད་མི་ཚོའི་ཆབ་སྲིད་གནས་སྟངས་ཐོག་འདྲ་མཉམ་དང་དྲང་བདེན་ཞིག་ཡོད་ན།  ཕྱི་ལོ་  ༢༠༠༩  ལོ་ནས་དེ་རིང་གི་བར་བོད་མི་ ༡༢༡ ཙམ་གྱི་རང་ལུས་མེར་བསྲེགས་དོན་རྐྱེན་དེ་ལྷག་དགོས་དོན་མེད་ལ།  ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མས་དབུས་བོད་མི་ཆབ་སྲིད་བཙོན་པ་ཆིག་སྟོང་ཡས་མས་ཤིག་གི་ཆབ་སྲིད་དབང་ཆ་དང༌།  ཐོབ་དགོས་པའི་འགྲོ་བ་མིའི་རང་དབང་གི་གོ་སྐབས་ཡོངས་སུ་བཙན་འཕྲོག་བྱས་ཏེ། རྒྱ་ནག་གི་གདུག་རྩུབ་ཤིན་ཏུ་ཆེ་བའི་བཙོན་ཁང་ནང་བཅུག་དགོས་པའི་རྒྱུ་མཚན་མེད། དེར་བརྟེན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང༌། ལྷག་པར་དུ་གྲངས་ཉུང་མི་རིགས་ཁག་གི་སྟེང་སྤེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནི་དྲང་བཞག་དང་འདྲ་མཉམ་ཏིལ་འབྲུ་ཙམ་མེད་པར་ཆེས་གདུག་རྩུབ་དང་དྲག་གནོན་ཁོ་ནའི་འོག་ཏུ་འགྲོ་འདུག་བྱེད་དགོས་པའི་ཆབ་སྲིད་ཀྱི་གནས་བབས་ཤིག་བསྐྲུན་ཡོད” ཅེས་བཀོད་འདུག

བསྒྲགས་གཏམ་ནང་མུ་མཐུད་དུ། “ང་ཚོས་ཐག་རིང་པོ་ཞིག་ནས་བརྗོད་མི་དགོས་པར་རྒྱབ་ཤ་དཀར་པོའི་དེབ་འདི་ཉིད་དྲིལ་བསྒྲགས་བྱས་པའི་ཉིན་བཞི་ཡི་རྗེས་ཏེ། ཕྱི་ཟླ་བ་  ༡༠  ཚེས་  ༢༦  ཉིན་ལྷ་སར་ཚོགས་པའི་ལྗོངས་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་ཞེས་པའི་སྟེང༌། བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཏེང་ཞའོ་ཀང་གིས་“ལྗོངས་ནང་ཁུལ་གྱི་མི་སྣ་རྒྱལ་མཚམས་སྒྲོལ་ནས་དུས་འཁོར་དབང་ཆེན་ནང་ཞུགས་རྒྱུ་གཏན་འགོག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས་”ཞེས་བཀའ་བཏང་ཡོད་པ་ལས་ཀྱང༌། གུང་ཁྲན་ཏང་གིས་བོད་ལ་ཆོས་དད་རང་མོས་ཅི་ཙམ་ཞིག་སྤྲོད་ཀྱི་ཡོད་པ་ར་སྤྲོད་གསལ་པོ་ཡིན། གཞན་ཡང་ཟླ་འདིའི་ཚེས་ ༡ ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲཱིན་ཆོན་གོ་ཡིས་“རང་ལྗོངས་ཀྱི་སྤྱི་ལེ་གྲུ་བཞི་མ་ཁྲི་ཚོ་  ༡༢༠  ཡོད་པའི་ཡངས་བའི་ས་གཞིའི་ཐོག་ཏང་གི་གསུང་སྒྲ་ཐོས་ཐུབ་པ་དང་གཟུགས་བརྙན་མཐོང་ཐུབ་པ་བཟོ་རྒྱུ་དང༌།  དགྲ་འཛིན་སྟོབས་ཤུགས་དང་ཏཱ་ལའི་སྐྱེས་འཕྲེང་བཅུ་བཞི་པའི་སྐད་སྒྲ་ཐོས་མི་ཐུབ་པ་དང་གཟུགས་བརྙན་མཐོང་མི་ཐུབ་པ་བཟོ་དགོས་”ཞེས་པའི་བརྗོད་བབ་འདི་ཁོ་ནས་ཀྱང་ད་ལྟའི་བོད་ནང་ཆོས་དད་རང་མོས་དང༌། འགྲོ་འདུག་རང་དབང་སོགས་མདོར་ན་འགྲོ་བ་མིའི་ཐོབ་ཐང་ཅི་ཙམ་ཞིག་ཡོད་པ་ལོང་བས་ཀྱང་མཐོང་ཚོད་དང་འོན་པས་ཀྱང་གོ་ཚོད་ཡིན།” ཞེས་བཀོད་དེ། འཛམ་གླིང་ཐོག་གི་དྲང་བདེན་ལ་དགའ་ཞིང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མཐོང་ཆེ་བའི་རྒྱལ་ཁབ་དང་ཚོགས་སྡེ་ཁག དེ་བཞིན་མི་སྒེར་བཅས་ཀྱིས། རྒྱ་ནག་གཞུང་གི་དྲང་བདེན་གྱིས་ཕོངས་ཤིང་གཏིང་བརྣགས་པའི་སྲིད་ཇུས་ཀྱི་གདོང་རིས་ངོ་མ་དེ་གསལ་རྟོགས་གནང་དགོས་པའི་འབོད་སྐུལ་ཞུས་འདུག

དེ་རྗེས་ཚོགས་གཞོན་ལྷ་རྒྱལ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་བསྐྱར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་བརྒྱད་པའི་ཚོགས་མིའི་ཁུངས་སུ་འཛུལ་ཞུགས་བྱ་འཆར་ཡོད་པ་དེ་ནི་འོས་བབ་མེད་པ་ཞིག་ཡིན་པ་དང༌།  དགུ་བཅུ་གསུམ་གྱིས་ཟླ་འདིའི་ཚེས་ ༣ ནས་ཉིན་གསུམ་རིང་མེག་གྷན་དང་ཤེས་རབ་དགའ་ཚལ་སློབ་གླིང༌། སཱ་ར་མཐོ་སློབ་བཅས་སུ་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་ཏེ་ཁྱོན་མཚན་རྟགས་ ༢༠༣༣ བསྡུ་རུབ་བྱས་ཡོད་པ་སང་ཉིན་གློག་འཕྲིན་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་སྐབས་བདུན་པའི་ཚོགས་གཙོ་རེ་མཱི་གྷ་སེ་ཨེག་ཁཱེ་ལི་སི་ཧན་ཛལ་(RemigiuszAchilles Henczel) མཆོག་གི་མཚན་ཐོག་ཏུ་འབུལ་རྒྱུ་ཡིན་པ་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་རྒྱལ་ཁབ་ ༡༩༢ ཀྱི་ཚོགས་མིའི་མཚན་ཐོག་ཏུ་ངོ་བཤུས་འབུལ་རྒྱུ་ཡིན་པ། འགྲོ་བ་མིའི་ཐོབ་ཐང་ཐོག་ཐུགས་འཁུར་དང་འགན་འཁུར་མཁན་གྱི་རྒྱལ་ཁབ་ཁག་དང༌། དབུ་འཁྲིད་རྣམ་པ། ལྷག་པར་དུ་ལྷན་ཚོགས་དེའི་ཚོགས་མི་རྣམ་པས། རྒྱ་ནག་གཞུང་ཚོགས་མིའི་ཁོངས་སུ་འཛུལ་ཞུགས་ལ་མཐའ་གཅིག་ཏུ་དགག་བྱ་གནང་དགོས་པའི་འབོད་སྐུལ་གནང་སོང༌།

གསར་འགོད་པ། པདྨ་མཚོ།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 3

  1. མི་རྒོད། says:
    ལོ་ 13 སྔོན།

    ཧ་ཧ་དུས་བབས་ལགས་ངས་མཆན། འགོད་མདུན་ཡོད་ཚེ་ཡང་བསྐྱར་་་་་་་
    ངས་ཚོགས་མི་གསར་པ་རྣམས་སུ་འཚམ་འདྲི་ཞུ་རྒྱུ་ཡིན།
    ལྷན་རྒྱས་ལས་དོན་སྤེལ་སྙིང་དེ་དོན་ལྡན་དང་ ཕན་འབྲས་གསོན་རེ་ཡོད་པ་མ་ཟད་ད་རེ་འོས་མི་རྣམས་པ་ཤེས་འཇོན་གཉིས་ལྡན་རེད་ཤག་ངོས་རང་ཧ་ཅང་དགའ་པོ་བྱུང་ ལྷག་བསམ་གྱིས་ནུས་ཤུགས་ཡོད་ཀྱང་འདབ་ཤོག་གཉིས་ལྡན་གྱི་ནུས་པ་མེད་ཚེ་དེང་སྐབས་ཁག་པོ་ཡོད་པ་གཟིགས་མོ་བ་ཚོས་སྤྱན་ལམ་དུ་མངའ་བ་ནི་བརྗོད་མ་དགོས་ཤིང་། ད་ནི་སེམས་ཤུགས་ཆིག་སྒྲིལ། ནུས་པ་ཆིག་སྒྲིལ། ལྷག་བསམ་ཆིག་སྒྲིལ། རང་དོན་དོར་སྒྲིལ། བོད་དོན་གཙོ་སྒྲིལ། <འདི་ནང་རང་དང་མི་རིགས་རིག་གཞུང་ལ་རྒྱ་སོགས་ཚུད་ཡོད་པ> བོདརིགས་ཆིག་་སྒྲིལ། བོད་ཀྱི་དཔའ་མཛངས་ལ་བརྒྱབ་སྐྱོར་ཆིག་སྒྲིལ། བོད་རིགས་ཞན་ཆར་གོང་མཐོ་ཆིག་སྒྲིལ། སོགས་རེ་འབོད་ཞུ་བ་ཁ་ནས་ཐལ་སོང་། ཚོགས་མི་རྣམས་པ་གེགས་དབང་བར་ཆད་མེད་ཅིང་བསམ་དོན་ལྷུན་སྒྲུབ་ཡོངས་བའི་བཀྲིས་སྨོན་རྒྱན་ཞུ་རྒྱུ་བཅས

    Reply
  2. བྱ་ཐུང་། says:
    ལོ་ 13 སྔོན།

    དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འདི་འདྲའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགུལ་སྤེལ་པར་བསྔགས་བརྗོད་ཞུ་བཞིན་ཡོད། འོན་ཀྱང་ཉིན་གསུམ་རིང་ལ་མཚན་རྟགས་༢༠༣༣་ལས་བསྡུས་མ་ཐུབ་པ་འདིས་ལས་འགུལ་རྒྱ་ཆེན་པོ་མ་སྤེལ་བའམ་སྤེལ་མ་ཐུབ་པ་དང་། ཡང་ན་ཚོགས་སྡེ་གཞན་ལ་མཉམ་རུབ་མ་བྱས་པ་མཚོན་གྱི་ཡོད། སྤྱིར་ལས་འགུལ་མ་སྤེལ་བ་ལས་སྤེལ་རྒྱུ་གལ་ཆེན་ཡིན་ལ་སྤེལ་ན་དོན་སྙིང་ནུས་ཕན་ལྡན་པ་ཞིག་སྤེལ་རྒྱུ་ནི་དེ་བས་ཀྱང་གལ་ཆེན་ཡིན་པར་བསམ། དེར་བརྟེན་ཚོགས་པ་སུ་འདྲ་ཞིག་གི་ལས་འགུལ་སྤེལ་རུང་གཅིག་གིས་གཅིག་ལ་ཕྲག་དོག་དང་མིང་སྐམ་པོ་ཙམ་གཙོ་གཉེར་མི་བྱ་པར་ཕན་འབྲས་ལ་བསམ་གཞིག་བྱ་རྒྱུ་ཧ་ཅང་གལ།

    Reply
  3. བསྟན་ཆོས། says:
    ལོ་ 13 སྔོན།

    ཧ་ཅང་བཟང་གི ཚོགས་པ་སོ་སོས་རང་རང་ཐད་ནས་གོ་སྐབས་དམ་འཛིན་གྱིས་ལས་འགུལ་སྤེལ་བ་ནི། རང་མི་རིགས་ཀྱི་ལས་དབང་ལ་འགན་འཁུར་བའི་མཛད་སྤྱོད་ཅིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese