མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་འབར་གས་དོན་རྐྱེན་བྱུང་།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྔ་དྲོར་ཧྲན་ཞི་ཞིང་ཆེན་ཐའེ་ཡཱན་གྲོང་ཁྱེར་ཡེན་ཙི་ཁྲོམ་གཞུང་དུ་འབར་གས་དོན་རྐྱེན་བྱུང་སྟེ། མི་གཅིག་རྐྱེན་འདས་དང་ཉུང་མཐར་མི་ ༨ ལ་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་སྔ་དྲོའི་རྒྱ་ནག་གི་ཆུ་ཚད་ ༧།༤༠ ཡས་མས་ལ། རྒྱ་ནག་ཧྲན་ཞི་ཞིང་ཆེན་ཐའེ་ཡཱན་གྲོང་ཁྱེར་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྒོར་འབར་རྫས་ ༨ ཙམ་བསྟུད་མར་གས་ཐོར་བྱུང་སྟེ། མི་ ༡ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་གཞན་མི་ ༨ ལ་རྨས་སྐྱོན་ཕོག་ཡོད་འདུག ཞིང་ཆེན་ཨུ་ཡོན་ལྷན་ཁང་ལས་ཁུངས་མདུན་གྱི་རླངས་འཁོར་ ༢༠ ལྷག་ལ་ཆག་སྐྱོན་བཟོས་ཡོད་འདུག དོན་རྐྱེན་བྱུང་མ་ཐག་ཡུལ་དངོས་སུ་དམག་མི་མང་པོ་འགྲེམས་འཇོག་གིས་དམ་དྲག་བྱས་ཡོད་ཅིང་། གནས་ཚུལ་དེའི་སྐོར་དྲ་ལམ་ཁག་ཏུ་ཐོན་པ་ནག་གསུབ་བཏང་ཡོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་འཐོན་པར། ཉིན་དེར་ཉེས་ཅན་གྱིས་འབར་རྫས་ཁྱོན་ ༩ བཞག་ཡོད་ཀྱང་ ༡ གས་ཐོར་བྱུང་མེད་ཅིང་། ཉེན་རྟོག་ཕྱོགས་ནས་དོགས་ཡོད་ཉེས་ཅན་ཞིག་འཛིན་བཟུང་བྱས་ཡོད་སྐོར་བརྗོད་འདུག གནད་དོན་དབྱེ་ཞིབ་པ་ཚོས། ཐེངས་འདིའི་འབར་གས་དོན་རྐྱེན་དེ་རྒྱ་ནག་དབུས་ལྟ་ཞིབ་ཚོགས་པ་ཧྲན་ཞི་ཞིང་ཆེན་དུ་ཡོང་སྟེ་ལས་ཀར་རྟོག་ཞིབ་བྱེད་བཞིན་པ་དང་། དམར་ཤོག་ཚོགས་པའི་སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོགས་པར་ཉིན་ ༣ ལས་མེད་པའི་དུས་ཚོད་ཅིག་ལ་འཁེལ་ཡོད་པ་བཅས་ལ་གཞིགས་ན། རྒྱ་གཞུང་གིས་མི་མང་ལ་དྲག་གནོན་དང་མགོ་སྐོར་གྱི་བྱེད་ཐབས་ལག་བསྟར་བྱེད་བཞིན་པར་ངོ་རྒོལ་དང་ཉེན་བརྡ་བཏང་བ་ཙམ་ལས། ཤི་རྨས་ཀྱི་དོན་རྐྱེན་བཟོ་འདོད་མེད་པ་དང་། གནས་ཚུལ་འདིས་རིམ་པ་ཁག་གི་དཔོན་རིགས་ཚོར་འཇིགས་སྣང་ངེས་ཅན་ཐེབས་ཡོད་ལུགས་རྗོད་ཀྱིན་འདུག  

ད་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་རྒྱ་ནག་ཧྥོའུ་ཅན་ཞིང་ཆེན་ཞཱ་མེན་དུ་འབར་གས་དོན་རྐྱེན་བྱུང་སྟེ། མི་ ༤༧ རྐྱེན་འདས་དང་མི་ ༣༤ ལ་རྨས་སྐྱོན་བཟོས་ཡོད་པ་དང་། ཕྱི་ཟླ་ ༧ ཚེས་ ༢༠ ཉིན་པེ་ཅིན་རྒྱལ་སྤྱིའི་གནམ་ཐང་དུ་འབར་གས་བྱུང་སྟེ་མི་ ༢ ལ་རྨས་སྐྱོན་བཟོས་ཡོད། དེ་བཞིན། ཟླ་ ༩ ཚེས་ ༩ ཉིན་ཀཱོང་ཞི་ཞིང་ཆེན་ཀེ་ལིན་ལིན་ཀྲུའུ་རྫོང་གི་སློབ་ཆུང་ཞིག་གི་སྒོ་ཁར་འབར་གས་བྱུང་སྟེ། མི་ ༢ རྐྱེན་འདས་དང་མི་ ༤༥ ལ་རྨས་ཕོག ཕྱི་ཟླ་ ༡༠ པའི་ཚེས་ ༢༨ ཉིན་གནམ་བདེ་སྒོ་མོའི་མདུན་དུ་རླངས་འཁོར་ཞིག་ལ་འབར་གས་དོན་རྐྱེན་བྱུང་སྟེ་མི་ ༥ འདས་གྲོངས་དང་། མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་པ་སོགས་རྒྱ་ནག་ནང་གཏོར་རྒོལ་དོན་རྐྱེན་བསྟུད་མར་འབྱུང་བཞིན་ཡོད་འདུག

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

ཆུ་ཚོད་ ༡༠ སྔོན་ལ།
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

༢༠༢༦/༠༥/༡༢
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

༢༠༢༦/༠༥/༡༢
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡

མཆན། 1

  1. སྣང་གསལ། says:
    ལོ་ 13 སྔོན།

    རེད་ཡ་་་་ངོ་མ་བྱས་ན་དོན་རྐྱན་འདི་འདྲ་བཟང་པོ་ཞིག་མ་རེད་ཡིན་ཡང་་་མི་མང་ཚོར་དཀའ་ངལ་་་རབ་དང་རིམ་པ་བཟོས་ནས་མཐའ་ན་ཚོ་གནས་ཐུབས་དཀའ་བའི་གནས་སུ་ལྷུང་ནས་འུ་ཐུག་གི་དོན་རྐྱན་འདི་རྣམས་བྱུང་བ་རེད་འདི་བདག་ཐམས་བཅས་ཀྱི་འགན་ཚང་མ་གུང་ཁྲན་མགོ་གཙོ་བ་ཚོ་ལ་ཡོད་རེད་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese