མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟས་བཅད་ངོ་རྒོལ་གྱི་ཉིན་ ༡༦ པ།

བོད་ཀྱི་དུས་བབ།
༢༠༡༣/༡༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ལྡི་ལིར་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པའི་ཤེས་རབ་ཚེ་རྡོར་ལཊ་ཀྱིས། མཉམ་འབྲེལ་རྒྱལ་ཚོཊ་དང་ཡུ་རོབ་མཐུན་ཚོཊ་ཡན་ལག་ལས་ཁུངས་དང་། རྒྱ་ནག་གཞུང་ཚབ་བཅས་སུ་དགོས་འདུན་སྙན་ཞུ་ཞིག་ཕུལ་ཡོད་འདུག

ཟླ་སྔོན་མའི་ཕྱི་ཚེས་ ༢༤ ཉིན་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཊ་ཀྱི་རྩ་ཁྲིམས་གཏན་འབེབས་བྱས་པའི་ཉིན་མོ་ནས་བཟུང་བོད་རིཊ་གཞོན་སྐྱེས་ལས་འགུལ་བ་ཤེས་རབ་ཚེ་རྡོར་ལཊ་ཀྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཊ་དང་རྒྱལ་སྤྱིའི་ཚོཊ་སྡེ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཟིཊ་རྟོག་གནང་རྒྱུའི་འབོད་སྐུལ་ཞུ་ཆེད། ལྡི་ལིའི་ཇན་ཏར་མན་ཏར་(Jantar Mantar) ས་གནས་སུ་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་དེ་རིང་ཉིན་ ༡༦ འགྲོ་བཞིན་ཡོད་པ་དང་། ཟླ་འདིའི་ཚེས་ ༦ ཉིན་ཁོང་དངོས་སུ་ལྡི་ལིར་ཡོད་པའི་མཉམ་སྦྲེལ་རྒྱལ་ཚོཊ་དང་ཡོ་རོབ་མཐུན་ཚོགས་ཀྱི་ཡན་ལག་ལས་ཁུངས་དང་། རྒྱ་ནག་གཞུང་ཚབ་ཁང་། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་ལས་ཁུངས་བཅས་སུ་དངོས་སུ་བཅར་ཏེ་དགོས་འདུན་སྙན་ཞུ་ཞིག་ཕུལ་ཡོད་འདུག

དེའི་ཐད་གསར་འགོད་པས་ཁ་པར་བརྒྱུད་ཤེས་རབ་ཚེ་རྡོར་ལཊ་སུ་བཅར་འདྲི་བྱས་པར། ཚེ་རྡོར་ལཊ་ཀྱིས་དེ་ནི་ཟླ་སྔོན་མའི་ཚེས་ ༢༤ ཉིན་ནས་བཟུང་མཉམ་འབྲེལ་རྒྱལ་ཚོཊ་གཙོས། རྒྱལ་སྤྱིིའི་ཚོཊ་སྡེ་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྟོག་ཞིབ་གནང་དགོས་པའི་དགོན་འདུན་འོག་ཟས་བཅད་ངོ་རྒོལ་གནང་ཡང་། རྒྱལ་ཚོཊ་གཙོས་པའི་ཚོཊ་སྡེ་ཁག་གིས་ནས་བརྡ་ལན་གང་ཡང་མ་བྱུང་སྟབས། ཟླ་འདིའི་ཕྱི་ཚེས་ ༦ ཉིན་ཁོང་དངོས་སུ་ལྡི་ལིར་ཡོད་པའི་མཉམ་འབྲེལ་རྒྱལ་ཚོཊ་དང་ཡུ་རོབ་མཐུན་ཚོཊ་ཀྱི་ཡན་ལག་ལས་ཁུངས། རྒྱ་ནག་གཞུང་ཚབ། རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་ལས་ཁུངས་བཅས་སུ་བཅར་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོཊ་ (High Commissioner for Human Right) ཀྱི་འགན་འཛིན་ལྕམ་ནེལ་ཝེ་ཕེ་ལེར་ (Navi Pillay) མཆོག་དང་ཕྱི་རྒྱལ་གྱི་གནད་ཡོད་མི་སྣ། བརྒྱུད་ལམ་ཁག་གི་གསར་འགོད་པ་བཅས་བོད་ནང་ཕྱིན་སྟེ་རང་ལུས་མེར་བསྲེཊ་གཙོས་པའི་ཛ་དྲག་གི་གནས་སྟངས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་རྟོག་ཞིབ་གནང་རྗེས། མཉམ་འབྲེལ་རྒྱལ་ཚོཊ་ཀྱི་སྡིངས་ཆའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་གླེང་སློང་གནང་རྒྱུ་དང་། རྒྱལ་ཚོཊ་ཀྱི་ངོས་ནས་བོད་མིའི་དཀའ་སྡུག་གི་གནས་སྟངས་སེལ་ཐབས་གནང་དགོས་པའི་སྐོར་འཁོད་ཡོད་སྐོར་བརྗོད་བྱུང་།

ཁོང་ལས་འགུལ་སྐབས་དཀའ་ངལ་ཆེ་ཤོས་ག་རེ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། “ ཐེངས་འདིའི་ཟས་བཅད་ངོ་རྒོལ་སྐབས་ང་རང་དགའ་འོས་པ་ཞིག་བྱུང་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཡན་ལག་ལས་ཁུངས་ཀྱི་ལས་བྱེད་ཅིག་དངོས་སུ་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་ཡོང་སྟེ། ཁྱེད་རང་གི་དགོས་འདུན་དེ་དག་ང་ཚོའི་འཆར་གཞི་ནང་ཡོད། ང་ཚོས་མགྱོགས་མྱུར་ལག་ལེན་བསྟར་ཐབས་བྱེད་ཀྱི་ཡོད། ད་ལྟའི་ཆར་རྒྱ་ནག་གཞུང་དང་། ཁོང་ཚོ་མཉམ་ཚོང་འབྲེལ་བྱེད་མཁན་གྱི་ཚོང་པ་ཁག་གིས་བཀག་སྡོམ་བྱ་རྒྱུའི་ཉེན་ཁའི་སྒང་ཡོད་སྟབས། དེའི་ཕྱོགས་ནས་འགོག་རྐྱེན་མ་འཕྲད་པ་ཡིན་ན་མགྱོགས་པོར་ལག་ལེན་བསྟར་རྒྱུའི་ཐབས་ཤེས་གནང་གི་ཡོད་ཚུལ་བརྗོད་བྱུང་ལ། རྒྱ་ནག་གཞུང་ཚབ་ཁང་གི་ངོས་ནས་ཀྱང་ནམ་རྒྱུན་བོད་མི་ཚོས་སྙན་ཞུ་སྤྲོད་སྐབས། སྙན་ཞུ་ཚུར་སོ་སོའི་གདོང་ལ་གཡུག་ཡོང་གི་ཡོད་ཀྱང་། ཁས་ཉིན་ངའི་སྙན་ཞུ་བླངས་སོང་བ་མ་ཟད། འབྱོར་ཟིན་པའི་བརྡ་ལན་ཡང་སྤྲད་སོང་། དེ་དག་ང་རང་གིས་ཡག་པོ་མཐོང་སོང་། དཀའ་ངལ་གྱི་ཐད་ནས་ད་ལྟའི་ཆར་ང་ལ་དཀའ་ངལ་གང་ཡང་འཕྲད་མ་སོང་། བོད་ནང་རང་ལུས་མེར་བསྲེཊ་གནང་མཁན་དཔའ་བོ་དཔའ་མོ་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་བསམ་འོང་དུས་ངས་ལས་འགུལ་དེ་དཀའ་ངལ་ཞིག་ཏུ་ཚོར་གྱི་མི་འདུག ཡིན་ནའང་། ཉེ་ལམ་སྐད་ཆ་བཤད་རྒྱུ་དང་གོམ་པ་རྒྱག་རྒྱུར་དཀའ་ངལ་མེད་མོད། དེ་རིང་ནས་བཟུང་དེའི་ཐད་དཀའ་ངལ་འདུག་སྟབས། མ་འོངས་པར་རོགས་པ་དེ་འདྲ་ཡོད་ན་ཕན་ཐོགས་ཀྱི་རེད་བསམ་པ་དྲན་ཡོང་གི་འདུག གང་ལྟར། ང་རང་གི་ངོས་ནས་དགོས་འདུན་མ་འགྲུབ་བར་དུ་ཟས་བཅད་ངོ་རྒོལ་མཚམས་འཇོག་འཆར་མེད།” ཅེས་བརྗོད་བྱུང་།

གསར་འགོད་པས་ལྡི་ལི་བསམ་ཡས་གླིང་གི་གཞིས་མགོ་ལེགས་སྐྱེས་རྡོ་རྗེ་ལགས་སུ། ས་གནས་མགོ་འཛིན་གྱི་ངོས་ནས་ད་ལྟའི་བར་ཟས་བཅད་ངོ་རྒོལ་བར་མཐུན་འགྱུར་གནང་ཡོད་མེད་དང་མ་འོངས་པར་འཆར་གཞི་ཡོད་མེད་དྲིས་པར་ཁོང་གིས། “ ས་གནས་མགོ་འཛིན་ལས་ཁུངས་ཀྱི་ངོས་ནས་ཤེས་རབ་ཚེ་རྡོར་ནམ་རྒྱུན་བོད་ཀྱི་རྩ་དོན་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་ཞིག་དང་བསམ་ཡས་གླིང་གི་མི་སྣ་ཞིག་ཡིན་པའི་ཆ་ནས། ཟས་བཅད་ངོ་རྒོལ་མགོ་འཛུགས་ཀྱི་ཉིན་མོར་ང་རང་ཆས་པ་ཡིན། ད་ལྟའི་བར་ང་ཚོས་དམིགས་བསལ་མཐུན་འགྱུར་གནང་མེད་ཀྱང་། ས་གནས་ཀྱི་བརྒྱ་དཔོན་དང་ཚོགས་པ་ཁག་གིས་ཀྱང་རོགས་རམ་གནང་བསྡད་ཡོད་པ་རེད། ཉེ་ལམ་ང་ངྷ་རམ་ས་ལར་ཚོགས་འདུར་སོང་སྟེ་ཕྱིར་ལོག་རྗེས་ཟས་བཅད་ངོ་རྒོལ་གནང་ཡུལ་དུ་སོང་བ་ཡིན། སྐབས་དེར་ཁོང་གཞུང་ཚབ་ཁག་ལ་སྙན་ཞུ་ཕུལ་བར་ཕྱིན་སྟབས་ཐུག་མ་སོང་། ཁ་པར་གྱི་ལམ་ནས་སྐད་ཆ་བཤད་བསྡད་ཀྱི་ཡོད། དེ་རིང་ཉིན་རྒྱབ་ང་ཡང་བསྐྱར་ཁོར་བལྟ་རུ་སོང་འགྲོ་བསམ་བསྡད་ཡོད། དེ་རིང་ཕར་སོང་སྟེ་ཁོང་གི་གཟུགས་པོའི་གནས་སྟངས་ལ་བལྟས་རྗེས་ས་གནས་མགོ་འཛིན་དང་བརྒྱ་དཔོན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ཚང་མ་མཉམ་འཛོམས་ཀྱིས་གྲོས་བསྡུར་གནང་བ་ལྟར། དོ་དགོང་ནས་བཟུང་མི་གཉིས་གསུམ་རེ་རེ་མོས་ཀྱིས་ཁོང་གི་རོགས་པར་གཏོང་འཆར་ཡོད།”ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༩ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༢ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese