མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་དྲུང་ཆེར་ཞུ་གཏུག་བྱས།

བོད་ཀྱི་དུས་བབ།
༢༠༡༣/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་དབུས་རྒྱུན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་དང་རྒྱལ་སྤྱིར་འབོད་སྐུལ་ཆེད་མཚན་རྟགས་བསྡུ་རུབ་གནང་ཡོད་པ་ཁག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེར་འབུལ་བཞིན་ཡོད་སྐོར་བརྗོད་སོང་། 

དེ་རིང་སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་། ངྷ་ས་མེག་གྷན་མདོ་སྨད་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་གཞུང་གིས་བོད་མི་ཉེས་མེད་ཁག་ཅིག་ལ་སྲོག་ཁྲིམས་བཅད་པའི་བྱ་སྤྱོད་དེར་ངོ་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་ཐོག་ལ་ཞུ་གཏུག་བཅས་ཀྱི་ཆེད། འདས་པའི་ཟླ་གཉིས་ལྷག་རིང་རྒྱ་གར་གཙོས་ཨ་རི་དང་སུད་སི། སྦེལ་ཇམ། ཨོ་སི་ཊོ་ལི་ཡ་བཅས་སུ་ཁྱོན་མཚན་རྟགས་ ༡༣༠༠༠ ལྷག་བསྡུ་རུབ་བྱས་ཡོད་པ་དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མཚན་ཐོག་ལ་འབུལ་བཞིན་ཡོད་སྐོར་བརྗོད་སོང་། ཚོགས་གཙོ་བསྟན་པའི་དངོས་འགྲུབ་ལགས་ཀྱིས་བརྗོད་པ་ལྟར་ན། དེབ་གཟུགས་ཅན་གྱི་མཚན་རྟགས་དེ་དག་ཁ་སང་ཚེས་ ༡༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མཇུག་བསྡོམས་སྟེང་འབུལ་འཆར་ཡོད་ཀྱང་ས་གནས་ཁག་ནས་མཚན་རྟགས་དབུས་ལ་འབྱོར་མིན་གྱི་དབང་གིས་དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མཚན་ཐོག་ལ་གཏོང་གི་ཡོད་འདུག

མཚན་རྟགས་བསྡུ་རུབ་ཀྱི་དམིགས་ཡུལ་སྐོར་བརྗོད་དོན། ད་ལོའི་མདོ་སྨད་ཚོགས་ཆེན་ཐོག་མཚན་རྟགས་བསྡུ་རུབ་བྱ་རྒྱུའི་གྲོས་ཆོད་ཅིག་བཞག་ཡོད་པ་ལྟར། རྒྱ་ནག་གིས་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལ་མི་བསད་པའི་ཉེས་མིང་འོག་ལོ་གཉིས་རིང་འཕར་འགྱངས་ཀྱི་སྲོག་ཁྲིམས་དང་། སྒྲོལ་མ་སྐྱབས་ལགས་ཀྱིས་ཁོང་གི་བཟའ་ཟླ་དཀོན་མཆོག་དབང་མོ་བསད་པའི་ཉེས་མིང་འོག་སྲོག་ཁྲིམས་བཅད་ཡོད་སྟབས། ཁོང་གཉིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་ཡོངས་རྫོགས་ལ་ཆ་རྐྱེན་གང་ཡང་མེད་པར་ཀློད་གྲོལ་ཡོང་ཆེད། རྒྱ་གཞུང་གི་དྲང་བདེན་མིན་པའི་ཁྲིམས་ཆད་དེ་དག་ལ་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུག་ཆེད་ཡིན་པ་དང་། གཞན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ངེས་པ་དུ་འཛམ་གླིང་ཡོངས་དང་ལྷག་པར་དུ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་རྒྱག་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་ཡིས་རང་དབང་ལྡན་པའི་ཚོགས་སྡེ་ཆེད་འཛུགས་བྱས་ཏེ་བོད་ནང་ཇི་བྱུང་གནས་ཚུལ་ལ་རྟོག་ཞིབ་གཟིགས་སྐོར་ཕེབས་དགོས་སྐོར་སོགས་བརྗོད་སོང་།

གསར་འགོད་པ། ལྷ་སྐྱབས་རྒྱལ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

མཆན། 1

  1. གླང་དར་མ། says:
    ལོ་ 13 སྔོན།

    ལས་བསྡོམས་ནང་ལ་འཁོད་རྒྱུ་ཞིག་རེག་ཚར་རེད། མུ་མཐུད་ལྷོད་ལྷོད་བསྡད་ཆོག་པ་རེད། ད་དུང་ཞུ་རྒྱུ་ཞིག་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་འདི་མཇུག་རྫོགས་ཚར་རེད། རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཟེར་བ་དེའི་ནང་འདེམ་སྒྲིག་བྱས་ཚར་རེད། ད་བར་བསྟན་པའི་དངོས་གྲུབ་ཀྱིས་ག་རེ་བྱས་བསྡད་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese