མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁོ་གཉིས་སྤྱི་སྐལ་སྒེར་སྤྱོད་པ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་འདས་པའི་ལོ་ངོ་བརྒྱད་དགུའི་གོང་གི་གནས་ཚུལ་ཞིག་ལ། སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་དུ་ངོས་འཛིན་བྱས་ཡོད་པའི་གནས་ཚུལ་ཕྱིར་བསྒྲགས་བྱས་འདུག

བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་རང་ཁོངས་ལས་བྱེད་སྐལ་བཟང་ཚེ་རིང་ཟེར་བ་ཞིག་ ༢༠༠༥ ལོ་དང་། ཕུན་ཚོགས་ཚེ་རིང་ཟེར་བ་ཞིག་ ༢༠༠༤ ལོ་བཅས་སོ་སོར། གཞུང་འབྲེལ་ཐོག་ཨ་རིར་བཏང་སྟེ་ཕྱིར་ལོག་རྗེས་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་དགོས་པ་དང་། གལ་སྲིད་མ་གནང་ཚེས་སྐལ་བཟང་ཚེ་རིང་ལ་ཨ་སྒོར་ ༦༠༠༠ དང་། ཕུན་ཚོགས་ཚེ་རིང་ལ་ཨ་སྒོར་ ༥༠༠༠ བཅས་ཀྱི་གུན་གསབ་སྤྲོད་དགོས་པའི་གན་རྒྱ་བཞག་ཡོད་ཅིང་། ལས་བྱེད་དེ་གཉིས་དུས་ལྟར་ཕྱིར་ལོག་ཡོད་ཀྱང་ལོ་གསུམ་རིང་ཕྱག་ལས་མ་གནང་བར་དགོངས་པ་ཞུས་ཡོད་པ་མ་ཟད་གུན་གསབ་དངུལ་ཡང་སྤྲད་མེད་སྟབས། ཐེངས་འདིར་བོད་མིའི་སྒྲིག་འཛུགས་ཀྱིས་སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་དུ་ངོས་འཛིན་གྱི་གསལ་བསྒྲགས་སྤེལ་འདུག

གསལ་བསྒྲགས་ནང་སྐལ་བཟང་ཚེ་རིང་གི་སྐོར་བཀོད་དོན། ༼ འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ཕྱོགས་བསྡུའི་སྡེ་ཚན་གྱི་འགན་འཛིན་ཟུར་པ་རང་ཁོངས་ལས་བྱེད་སྐལ་བཟང་ཚེ་རིང་ལགས་ཕྱི་ལོ་ ༢༠༠༥ ཕྱི་ཟླ་ ༡༡ ནང་ཨ་རི་ཨི་ཌ་ལན་ཌའི་སི་ཀྲི་སི་རོགས་ཚོགས་འོག་ཨ་རིར་བདུན་གསུམ་རིང་གྲངས་ཐོ་ བསྡུ་ལེན་གྱི་སྦྱོང་བརྡར་ཆེད་བཏང་གཉིས་མོས་ཆོད་གན་གཞིར་བཟུང་སྦྱོང་བརྡར་ ཟིན་རྗེས་ཉུང་མཐར་ལོ་གསུམ་རིང་འདི་ལས་སུ་ལས་འཁུར་ཞུ་དགོས་པ་དང་། ཅི་སྟེ་མ་ཞུས་ཚེ་གོ་སྐབས་གནང་བའི་གུན་གསབ་དོད་ཨ་སྒོར་ ༦༠༠༠ འདི་ལས་སུ་སྒྲུབ་དགོས་གསལ་ཡོད། ཁོ་པ་ཨ་རི་ནས་ཕྱིར་ལོག་བྱུང་རྗེས་བདུན་གཅིག་ཙམ་ལས་འཁུར་རྗེས་ཐོབ་གསེང་ ཞུས་ཐོག་རང་མཚམས་ལས་བཅར་མ་ཞུས་སྟབས་ཆོད་གན་འབྲུ་དོན་ཨ་སྒོར་ ༦༠༠༠ ཡོང་བསྡད་སྐོར་རྩིས་ལོ་ ༢༠༠༥།༠༦ ནས་བཟུང་རྩིས་ཞིབ་སྙན་ཐོའི་ནང་ལོ་བསྟུད་མར་ཡོང་བསྡད་གསལ་བཞིན་པར་ཕན་སླད་ཁོ་ པའི་གསོག་དངུལ་སྒོར་ ༤༠༠༤༦།༠༠ གཅོག་འཐེན་ཞུས་འཕྲོས་དངུལ་ལྷག་ཕྱིར་བསྡུས་རྩིས་གཙང་ཡོང་སླད་ཨ་རི་སྐུ་ཚབ་ དོན་གཅོད་ལས་ཁུངས་དང་། རྡ་སར་གནས་འཁོད་ཁོ་པའི་ཁག་འཐེགས་ལྷག་པ་སྒྲོལ་མར་འབྲེལ་གཏུགས་ཀྱིས་སྔ་རྗེས་ བརྡ་དེད་ལན་མང་བྱས་ཀྱང་དོ་བདག་ནས་ཡ་ལན་ཙམ་མེད་སྟབས། ད་ཆ་དོ་བདག་སྐལ་བཟང་ཚེ་རིང་གིས་སྤྱི་སྐལ་བསམ་བཞིན་སྒྲུབ་འཇལ་ཞུ་འདོད་མེད་ པར་སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་ཞིག་ཏུ་ངོས་འཛིན་ཞུས་པའི་གསལ་བསྒྲགས་སུ།༽ ཞེས་བཀོད་འདུག

གཉིས་པ། ཕུན་ཚོགས་ཚེ་རིང་སྐོར་བཀོད་དོན། ༼ འཕྲོད་བསྟེན་ལས་ཁུངས་ཀྱི་རང་ཁོངས་ལས་བྱེད་ཕུན་ཚོགས་ཚེ་རིང་ལགས་ཕྱི་ལོ་ ༢༠༠༤ ཟླ་ ༦ ནང་ཨ་རིར་ཟླ་གསུམ་རིང་སེམས་ནད་ལྟ་སྐྱོང་གི་ཟབ་སྦྱོང་ཆེད་བཏང་གིས་གཉིས་མོས་ ཆོད་གན་གཞིར་བཟུང་སྦྱོང་བརྡར་ཟིན་རྗེས་ཉུང་མཐར་ལོ་གསུམ་རིང་འདི་ལས་སུ་ལས་འཁུར་ཞུ་དགོས་པ་དང་། ཅི་སྟེ་མ་ཞུས་ཚེ་གོ་སྐབས་གནང་བའི་གུན་གསབ་དོད་ཨ་སྒོར་ ༥༠༠༠ འཛའ་འབབ་ཧིན་སྒོར་ ༢༢༥༠༠༠་༠༠ འདི་ལས་སུ་སྒྲུབ་དགོས་གསལ་ཡོད། ཁོ་པ་ཆོད་གན་གཞིར་བཟུང་ཨ་རི་ནས་ཕྱིར་འཁོར་གྱིས་ལོ་གཉིས་དང་ཟླ་བ་གཉིས་ཙམ་ ཞབས་ཞུས་རྗེས་ལོ་གསུམ་མ་གཙང་གོང་ཟླ་གཅིག་ཐོབ་གསེང་རྗེས་རང་མཚམས་ལས་བཅར་མ་ ཞུས་སྟབས་ཆོད་གན་འབྲུ་དོན་ཨ་སྒོར་ ༥༠༠༠ རྩིས་ལོ་ ༢༠༠༥།༠༦ ནས་བཟུང་རྩིས་ཞིབ་སྙན་ཐོའི་ནང་ལོ་བསྟུད་མར་ཡོང་བསྡད་གསལ་བཞིན་པར་ཕན་སླད་ཁོ་པའི་གསོག་དངུལ་དང་སྐྱེད་འབབ་བསྡོམས་སྒོར་ ༤༧༧༧༥།༧༧ གཅོག་འཐེན་ཞུས་འཕྲོས་དངུལ་ལྷག་ཕྱིར་བསྡུས་རྩིས་གཙང་ཡོང་སླད་ཨ་རི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། རྡ་སར་གནས་འཁོད་ཁོ་པའི་ཁག་འཐེགས་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་སུ་འབྲེལ་གཏུགས་ཀྱིས་སྔ་རྗེས་བརྡ་དེད་ལན་མང་བྱས་ཀྱང་དོ་བདག་ནས་ཡ་ལན་ཙམ་མེད་སྟབས། ད་ཆ་དོ་བདག་ཕུན་ཚོགས་ཚེ་རིང་གིས་སྤྱི་སྐལ་བསམ་བཞིན་སྒྲུབ་འཇལ་ཞུ་འདོད་མེད་པར་སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་ཞིག་ཏུ་ངོས་འཛིན་མ་བྱས་ཐབས་མེད་བྱུང་བའི་གསལ་བསྒྲགས་སུ། ༽ ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༡༤ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

མཆན། 4

  1. འབྲོང་བུ་སོག་ཚ། says:
    ལོ་ 12 སྔོན།

    ད་ལན་མི་གཉིས་ནས་སྤྱི་རྒྱུ་སྒེར་ཟས་བྱས་པའི་གསལ་བསྒྲགས་གནང་བར་ཐུགས་རྗེ་ཆེ། ཡིན་ནའང་དབུས་གཙང་སྤྱི་འཐུས་ཟླ་བ་ཚེ་རིང་སོགས་ཁག་གཅིག་གིས་བོད་བཙན་བྱོལ་སྒྲིག་འཛུགས་ཀྱི་སྤྱི་རྒྱུ་བཟས་པ་ཡོངས་གྲགས་ཁྲིམས་མཐུན་གསལ་བསྒྲགས་ཟིན་པ་དེ་དག་གསལ་བསྒྲགས་ཡང་ཡང་དགོས་པ་ལས་མི་གནང་བའི་རྒྱུ་མཚན་ཅི་ཡིན་ན་?

    Reply
  2. གངས་ཕྲུག says:
    ལོ་ 12 སྔོན།

    གཞུང་གི་ལས་བྱེད་པ་ཞིག་གིས་ཨ་རིར་འགྲོ་རྒྱུ་འབྱུང་ན་གཞུང་རྒྱུ་དང་༸གོང་ས་མཆོག་སོགས་ལ་བརྩེ་མེད་བྱས་པ་ནི་ད་རེད་ཐེངས་དང་པོ་མ་རེད་ཨ་རིར་སློབ་སྦྱོང་བྱེད་པར་བཏང་བ་ནས་བཟུང་དེ་ལྟར་ཡིན་ནོ།

    Reply
  3. ཉི་མ་ལྷ་མོ། says:
    ལོ་ 12 སྔོན།

    མི་ལ་ངོ་ཚ་མེད་ན་ཁྱི་ཡིན། ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན།

    Reply
  4. བྱ་ཐུང་། says:
    ལོ་ 12 སྔོན།

    སྤྱི་སྐལ་སྒེར་སྤྱོད་བྱེད་མཁན་དག་ནི་ཆོས་སྲིད་གང་གི་ཐད་ནས་གླེང་རུང་ཆེས་ཐ་ཤལ་བ་ཡིན་པས་སྤྱི་ཚོགས་ཀྱིས་དུས་ནམ་ཡང་ཁ་རྡུང་གཏོང་བར་འོས། འོན་ཀྱང་གནས་ཚུལ་འདི་ནི་ད་ལོ་བྱུང་བ་མིན་ལ་ན་ནིང་བྱུང་བའང་མིན་པར་ལོ་བརྒྱད་སྔོན་གྱི་གནས་ཚུལ་ཞིག་དེ་རིང་ལ་ཐུག་པའི་བར་དུ་འཕྲོད་བསྟེན་ལས་ཁུངས་ཀྱི་ཡིག་ཚགས་སུ་ཉར་དོན་ཅི་ཡིན་ནམ། ད་དུང་ཉར་བསྡད་པ་ག་ཚོད་ཡོད་དམ།
    དེ་རིང་སྤོབས་པ་ཆེ་མདོག་གིས་སྤྱི་སྐལ་སྒེར་སྤྱོད་པ་རེད་ཅེས་ཕྱིར་བསྒྲགས་བྱས་པ་ཙམ་གྱིས་ཡོད་ཚད་མཇུག་རྫོགས་སོང་བ་མིན་པར་སྤྱི་སྐལ་སྒེར་སྤྱོད་པར་གོ་སྐབས་སྤྲོད་མཁན་དང་རྒྱབ་སྐྱོར་བྱེད་མཁན། ངན་སྤྱོད་དུས་ལྟར་ཐག་གཅོད་མ་བྱས་པར་སྙིང་རྗེ་ཆེ་མདོག་གིས་སྤྱི་སྐལ་སྒེར་སྤྱོད་པ་སྐྱག་ལང་ལ་གཏོང་མཁན་གྱི་ལས་ཀྱི་སྣེ་མོ་ལ་གཏོགས་པ་རྣམས་ཀྱི་བྱ་སྤྱོད་ལ་བཀའ་ཤག་གིས་ངེས་པར་དུ་དག་ཐེར་ནན་མོ་བྱ་དགོས་པར་འདོད། དེ་མིན་འུ་ཅག་གི་ཕྱི་གསལ་ནང་གསལ་གྱི་སྲིད་ཇུས་འདིའང་ནང་ནས་ལྟོས་ན་ཕྱི་མཐོང་རུང་ཕྱི་ནས་ལྟོས་ན་ནང་མི་མཐོང་བའི་སྲིད་ཇུས་ཤིག་ཏུ་འགྱུར་ཉེན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese