མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བསྐོས་ཤིག་ལ་ཁྲིམས་ཆད།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འཛམ་ཐང་ཇོ་ནང་དགོན་གཙང་བ་གྲྭ་ཚང་གི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་སུ་རྒྱ་གཞུང་གིས་ལོ་བཞི་དང་ཟླ་དྲུག་གི་ཁྲིམས་ཐག་བཅད་ཡོད་འདུག

རྔ་པ་ཁུལ་འཛམ་ཐང་ཇོ་ནང་དགོན་གཙང་པ་གྲྭ་ཚང་གི་དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་ཀྱིས། འཛམ་ཐང་གཙང་བ་དགོན་གྱི་སེར་སྐྱ་འདུ་འཛོམས་སར་རང་སྲེག་བྱས་པའི་དཔའ་བོ་དཔའ་མོ་རྣམས་ལ་བསྔོ་ཞུ་བྱས་པ་དང་། ས་གནས་དེ་གར་རང་ལུས་མེར་བསྲེགས་གནང་མཁན་ཚོའི་རོ་ཐོག་ནས་ཆོལ་ཁ་གསུམ་ལ་ནང་འཛིང་མི་བྱེད་པའི་དམ་བཅའ་འཇོག་མཁན་ཚོར་‘གངས་ལྗོངས་བོད་མིའི་ཕུལ་བྱུང་བུ།’ ཞེས་བསྟོད་བསྔགས་བྱས་པར། རྒྱ་གཞུང་གིས་‘རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་དང་། བོད་རང་བཙན་གྱི་བསམ་བློ་འུད་སྒྲོག་བྱས་’ པའི་ཉེས་མིང་གཡོགས་ཏེ། ཉེ་ལམ་ལོ་ངོ་བཞི་དང་ཟླ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

གོང་གསལ་གནས་ཚུལ་སྐོར་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་འདི་གར་མཁོ་སྤྲོད་གནང་བ་ལྟར་ན། དགེ་བསྐོས་ཧོར་གཙང་རྟ་མགྲིན་ལགས་འཛམ་ཐང་བར་མ་ཡུལ་ཚོ་གཙང་སྡེ་ཟེར་བ་ནས་ཡིན་ཞིང་། རྒྱ་གཞུང་གིས་ད་ལོའི་ཕྱི་ཟླ་ ༤ ཚེས་ ༢༤ ཉིན་ཇོ་ནང་འཛམ་ཐང་དགོན་གཙང་བ་གྲྭ་ཚང་གི་ནག་ཟླའི་དུས་མཆོད་ཆེན་མོ་འཚོགས་སྐབས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གིས་སྙིང་རྗེ་ཐེབས་རྩ་ཚོགས་པ་ཞིག་བཙུགས་ཡོད་ཅིང་། ཚོགས་པ་དེས་དབང་བོ་སྐྱོན་ཅན་དང་སློབ་གྲྭ། དགོན་པ། དབུལ་པོ་སོགས་ལ་རོགས་སྐྱོར་གནང་གི་ཡོད་འདུག དེ་བཞིན་ཁོང་ནི་བོད་ཀྱི་ཐང་ཀ་སྒྱུ་རྩལ་གྱི་ལྷ་བྲིས་པ་ཞིག་ཡིན་ཞིང་། གཞོན་སྐྱེས་མང་པོ་ལྷ་བྲིས་སྐོར་སློབ་ཁྲིད་ཀྱིས་རྒྱ་ནག་སོགས་སུ་བོད་ཀྱི་སྲོལ་རྒྱུན་ཐང་ཀ་འགྲེམས་སྟོན་གནང་ཡོད་འདུག  

ཡང་གནས་ཚུལ་མཁོ་སྤྲོད་པས། ད་ལྟའི་ཇོ་ནང་འཛམ་ཐང་དགོན་ཆེན་གྱི་གནས་སྟངས་ནི་ཧ་ཆང་ཉེན་ཁའི་གནས་སུ་ལྷུང་ཡོད་པ་དང་། ས་གནས་ལས་བྱེད་དང་མགོ་ཁྲིད་ཚོས་དགོན་པའི་ལས་སྣེ་དང་གྲྭ་བ། ལྷ་སྡེའི་གནད་ཡོད་མི་སྣ་ཚོར། “ཕྱི་སྡོད་བོད་གཞུང་རྫུས་མས་སྔོན་གྱི་གྲུབ་མཐའ་ཁག་གི་འཐབ་རྩོད་ཁོག་ཏུ་བཟུང་ནས། མངོན་གསུམ་འཛེམ་མེད་སྒོས་ཁྱེད་ཚོ་ཇོ་ནང་བ་ལ་གྲུབ་མཐའ་ཞིག་གི་ཐོབ་ཐང་མ་ཟད་མིང་ཙམ་ཡང་སྤྲད་མེད།  དེ་ངོས་ཟིན་ཡོད་པའི་ཐོག་ཁྱེད་ཚོར་རང་ཉིད་ལ་ལངས་ཕྱོགས་བརྟན་ཅིང་ཁ་ཕྱོགས་མ་ནོར་བ་ཡོད་དགོས་” ཞེས་དང་། ཡང་ “པན་ཆེན་སྐུ་ཕྲེང་བཅུ་བ་ནི་ཁྱེད་ཇོ་ནང་པར་མཚོན་ན་བཀའ་དྲིན་ཆེན་པོ་རེད། ཁོང་གིས་ཁྱེད་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་སྤྲད་པར་བརྟེན། ད་སྐབས་རྒྱལ་ནང་གི་ནང་པའི་ཆོས་ལུགས་ཀྱི་གྲས་སུ་ཇོ་ནང་པར་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་ཡོད། དེས་ན་ཁྱེད་ཅག་གིས་ངེས་པར་དུ་པན་ཆེན་རིན་པོ་ཆེའི་ཡང་སྤྲུལ་འཛམ་ཐང་དགོན་པར་གདན་འདྲེན་ཞུ་དགོས།” ཞེས་སོགས་ཀྱི་སློབ་གསོ་གང་མང་བཏང་ཡོད་ཀྱང་།  འཛམ་ཐང་དགོན་པའི་གནད་ཡོད་མི་སྣ་ཚོས་དེ་དག་ངོས་ལེན་བྱས་མེད་སྟབས། ཇོ་ནང་འཛམ་ཐང་དགོན་པར་དམག་མི་དང་། ཉེན་རྟོག་པ་འབོར་ཆེན་འགྲེམ་འཇོག་གིས་གཙང་བ་གྲྭ་ཚང་གི་རྟེན་བཞེངས་རྣམས་འཚམས་འཇོག་བྱེད་དུ་བཅུག་པར་མ་ཟད། རྟེན་བཞེངས་གསར་བ་རྣམས་བཤིག་དགོས་པའི་བཙན་བཀའ་བཏང་འདུག འོན་ཀྱང་། དགོན་པའི་འབྲེལ་ཡོད་མི་སྣ་ཁག་གིས་རྒྱ་གཞུང་གི་དཔོན་རིགས་མང་པོར་འབྲེལ་བ་བྱས་ཏེ་ད་བར་དུ་རྟེན་བཞེངས་བྱས་པ་དག་བཤིག་དགོས་བྱུང་མེད་སྐོར་སོགས་བརྗོད་བྱུང་།

ཧོར་གཙང་རྟ་མགྲིན་ལགས་ཀྱིས་བརྩམས་པའི་༼གསུམ་བཅུའི་དུས་དྲན་ཉིན་གྱི་སེམས་ཚོར་༽ཞེས་པའི་རྩོམ་ཡིག་ནང་། དེ་རིང་གསུམ་བཅུའི་དུས་ཚིགས་ཡིན། །སྙིང་ལ་ཟུག་པའི་ནད་ཅིག་དྲན། །ཤ་ལ་གཤར་བའི་རྨ་ཞིག་དྲན། །སྤུན་ཟླ་ཤི་བའི་སྡུག་ཅིག་དྲན། །རླུང་དམར་སྤུར་བའི་སྒྲ་ཞིག་དྲན། །ལོ་ལ་བསྙལ་བའི་གྱོད་ཅིག་དྲན། ། ཞེས་སོགས་བྲིས་ཡོད་པ་དང་། དེ་བཞིན། ༼ལྷ་ས་དང་སྦྱར་བའི་སེམས་ཚོར་༽ཞེས་པའི་ནང་དུ།  ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་ཉེན་ཁའི་གནས་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་གཞན་གྱི་ལག་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་སེམས་ཁུར་གནས་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་དྲག་ཆས་ཁྲོད་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་སོ་ལྟའི་བར་ན་ཆགས། །ལྷ་ས་མ་ཆགས་ལྷ་ས་ཆགས། །ལྷ་ས་མིག་ཆུའི་ཁྲོད་ན་ཆགས། ཞེས་སོགས་བྲིས་ཡོད་འདུག  

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 1

  1. གངས་ལྡོམ། says:
    ལོ་ 13 སྔོན།

    སེམས་སྐྱོ་བའི་གནས་ཚུལ་ཞིག་རེད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese