མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སིའི་བོད་ཡིག་གསར་འཕྲིན་ལོ་ ༢༠ འཁོར་བའི་དུས་དྲན།

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

རེས་གཟའ་ཉི་མའི་ཉིན་སུད་སིའི་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་ལོ་ངོ་ ༢༠  འཁོར་བའི་དུས་དྲན་སྲུང་གཙི་གནང་ཡོད་ཅིང་། དུས་དྲན་མཛད་སྒོའི་སྟེང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འཕྲིན་འདི་ཉིད་མ་འོངས་པར་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་གཙི་གནང་ཐུབ་པ་བྱ་དགོས་སྐོར་གསུངས་སོང་།  

ཁ་སང་ཕྱི་ཚེས་ ༢༤ ཉིན་སུད་སི་ས་གནས་ཝེ་ཌན་སི་ཝེལ་(Wädenswil )དུ། སུད་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གསར་འཕྲིན་དབུ་བརྙེས་ཏེ་ལོ་ངོ་ ༢༠ འཁོར་བའི་དུས་དྲན་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་གཙོ་བོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་མཆོག་དང་སུད་སིའི་སྐུ་ཚབ་དོན་གཅོད། ཡུ་རོབ་སྤྱི་ཟུར་རྣམ་པ། བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས། གསར་འཕྲིན་དྲ་རྒྱའི་སློབ་སྟོན་པ་རྣམ་པ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་སྐུ་ཚབ་བཅས་མི་མང་ ༡༠༠ ལྷག་མཉམ་ཞུགས་གནས་སོང་།   

མཛད་སྒོའི་ཐོག་མར་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་སོགས་གྲུབ་རྗེས། གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་རྩོམ་སྒྲིག་པ་མགོ་སྤེ་ཡོན་ཏན་ལགས་ནས་གསར་འཕྲིན་གྱི་དམིགས་ཡུལ་ངོ་སྤྲོད་གནང་པ་དང་། སྐུ་ཚབ་དོན་གཅོད་མཆོག་དང་མི་མང་ཚོགས་གཙོ་གཉིས་ཀྱིས་གཏམ་བཤད། མཇུག་ཏུ་སྐུ་མགྲོན་གཙོ་བོ་མཆོག་གིས་བོད་པའི་སྐད་རྒྱུན་འཛིན་བྱེད་ཕྱོགས་བཅས་ཀྱི་ཐོག་བཀའ་སློབ་གནང་སོང་།  

བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསར་འཕྲིན་ལོ་ངོ་ཉི་ཤུ་འཁོར་བའི་དུས་དྲན་དང་འབྲེལ་བའི་བཀའ་སློབ་གནང་དོན། ང་ཚོའི་སྤྱི་ཚོགས་ནང་གསར་འཕྲིན་དང་དུས་དེབ་མང་པོ་ཞིག་ཐོན་ཡོད་ཀྱང་། རྒྱུན་རིང་པོར་གནས་རྒྱུ་ཁག་པོ་ཞེ་དྲག་ཡོད་པ་རེད། ང་ཚོའི་བོད་པའི་སྤྱི་ཚོགས་ནང་གི་གསར་འཕྲིན་དེ་རིགས་ཚེ་ཐུང་ཐུང་ཙམ་མ་གཏོགས་བསྡད་ཡོད་པ་མ་རེད། སུད་སིའི་ནང་འདི་བཞིན་གསར་འཕྲིན་ལོ་ངོ་ཉི་ཤུའི་དུས་དྲན་མཛད་སྒོ་ཞིག་གནང་གི་ཡོད་པ་དེ་རིན་ཐང་ཡོད་པ་ཞིག་རེད་བསམ་གྱི་འདུག དེ་རིང་གསར་འཕྲིན་ལོ་ཉི་ཤུ་འཁོར་བའི་དུས་དྲན་འདིའི་ཐོག་ས་གནས་སྒྲིག་འཛུགས་དང་། གསར་འཕྲིན་ནང་ཕྱག་ལས་གནང་མཁན། དེ་བཞིན་མི་མང་ཚང་མས་མ་འོངས་པར་ལོ་ངོ་ ༣༠ རྗེས་སུ་གསར་འཕྲིན་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་འདི་ལས་རྒྱས་པ་ཞིག་འཚོགས་གནང་ཐུབ་པའི་དམ་བཅའ་དང་། ཐུགས་སྨོན་གནང་དགོས་པ་དེ་གལ་ཆེན་པོ་རེད་དྲན་གྱི་འདུག གསར་འཕྲིན་ཟེར་བ་འདི་སྤྱི་ཚོགས་ཤིག་གི་ཆོས་དང་རིག་གནས། ལེགས་བྱང་། ཆབ་སྲིད། སྐད་ཡིག་སོགས་དང་འབྲེལ་བ་ཡོད་པའི་ལས་དོན་ཞིག་རེད། བོད་པའི་སྤྱི་ཚོགས་ནང་གསར་འཕྲིན་རྒྱུན་རིང་པོར་གནས་མི་ཐུབ་པ་དེ་གཙོ་བོ་ཀློག་པ་པོ་མེད་པའི་དཀའ་ངལ་རེད། ཀློག་པ་པོ་མང་པོ་མེད་པའི་དབང་གིས་དཔལ་འབྱོར་དང་སེམས་ཤུགས་ཀྱི་རྒྱབ་སྐྱོར་སོགས་ཀྱི་མ་འདང་བ་ལ་བརྟེན་ནས་རྒྱུན་ཆད་འགྲོ་བཞིན་པ་རེད། དེང་སྐབས་དྲ་རྒྱའི་ཐོག་ལ་གནས་ཚུལ་བཀོད་ཐུབ་པ་འདིས་དཀའ་ངལ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་ཀྱང་། དྲ་རྒྱའི་ཐོག་གི་གནས་གནས་ཚུལ་འདིས་ཚགས་ཤོག་ཐོག་ཡོད་པའི་ཡིག་ཆ་ཁག་གི་ཚབ་བྱེད་ཐུབ་ཀྱིན་རེད་དམ་ཟེར་ན། དེ་ཐུབ་ཐབས་ཡོད་པ་མ་རེད། དྲ་རྒྱ་དང་གསར་ཤོག་གཉིས་ནི་བརྒྱུད་ལམ་མི་འདྲ་བ་གཉིས་རེད། ཁོ་གཉིས་ཀྱི་རྒྱུན་རིང་ལུགས་དང་ཕུགས་བརྟན་ལུགས། རིན་ཐང་ཆེ་ལུགས་སོགས་ནས་མི་འདྲ་བ་རེད། དེ་འདྲ་ཡིན་དུས་དྲ་རྒྱ་དང་གསར་འཕྲིན་གཉིས་ཆ་མཉམ་དུ་འགྲོ་ཐུབ་པ་བྱུང་ན་ཞེ་དྲག་ཡག་གི་རེད། ཅེས་གསུངས་སོང་། ཞིབ་ཕྲ་དྲ་བརྙན་བརྒྱུད་གཟིགས་འབུལ་ཞུ་འཆར་ལགས་ན་དེ་ལུགས་དགོངས་འཇགས་ཡོང་བ་རྒྱུ།

ཡུ་རོབ་སྤྱི་ཟུར་དང་སུད་སི་དོན་གཅོད་ཟུར་བ། གསར་འཕྲིན་དྲ་རྒྱའི་སློབ་སྟོན་པ་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས། གསར་འཕྲིན་འདི་བཞིན་དང་པོ་གསར་དུ་འཛུགས་དགོས་པའི་རྒྱུ་མཚན་ནི། སུད་སིའི་བོད་པའི་སྤྱི་ཚོགས་ནང་བོད་དོན་ལས་འགུལ་སྤེལ་བ་ཁག་རྒྱ་བལ་འབྲུག་གསུམ་གཙོས་པའི་བོད་པ་འདུས་སྡོད་ཁུལ་དུ་འགྲེམ་སྤེལ་བྱ་ཆེད་དང་། འགྲེམ་སྤེལ་ཞུས་པ་ལ་བརྟེན་ནས་བོད་པའི་སྤྱི་ཚོགས་ནང་འབྲེལ་ལམ་དང་སེམས་ཤུགས། ཆིག་སྒྲིལ་བཅས་ཡོང་བར་ཕན་པ་ཡོང་ངེས་ལ་དགོངས་ནས་གསར་འཛུགས་གནང་བ་ཞིག་དང་། ད་ལྟ་གསར་འཕྲིན་ཚགས་ཤོག་ལོ་གཅིག་ལ་ཐེངས་བཞི་རེ་འགྲེམས་སྤེལ་གནང་སྟེ། བོད་པ་འདུས་སྡོད་ཁག་གི་ས་གནས་དང་ཚོགས་སྡེ་ཁག་མི་འདྲ་བ་ ༨༠ ལྷག་ལ་འགྲེམས་སྤེལ་བྱེད་ཀྱིན་ཡོད། ཅེས་དང་། ༢༠༠༢ ལོ་ནས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་གསར་འཕྲིན་དྲ་རྒྱ་སྒོ་འབྱེད་གནང་ཡོད་པ་དང་། ད་ལྟ་དྲ་རྒྱ་འདི་བཞིན་བོད་ཡིག་དང་འཇར་མན། དབྱིན་ཡིག་བཅས་སྐད་རིགས་མི་འདྲ་བ་གསུམ་ཐོག སུད་སི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་། ས་གནས་ཁག་ནས་བོད་དོན་ལས་འགུལ་ཅི་རིགས་སྤེལ་བ་དྲ་རྒྱའི་ནང་འདོན་ཐབས་བྱེད་བཞིན་ཡོད། ད་ལྟའི་གསར་འཕྲིན་དྲ་རྒྱ་འདིར་ཉིན་ལྟར་ལྟ་ཀློག་བྱེད་མཁན་ ༥༠༠ ཡན་ཟིན་གྱི་འདུག ད་ལོའི་འདས་པའི་ཟླ་བཅུ་ལྷག་ཙམ་རིང་ལ་གཟིགས་མཁན་ཆིག་འབུམ་ལྔ་སྟོང་ ༡༠༥༠༠༠ ལྷག་བྱུང་འདུག དེ་བཞིན་རྒྱལ་ཁབ་མི་འདྲ་བ་ ༥༠ ལྷག་ནང་དྲ་རྒྱ་འདིར་ལྟ་ཀློག་གནང་གི་ཡོད། ཅེས་དང་། ད་ལྟ་གསར་འཕྲིན་ནང་ཕྱག་ལས་མཁན་མི་གྲངས་ ༡༥ ཙམ་ཡོད་པ་ཚང་མས་དཀའ་ལས་སྐྱོན་བཞིན་པ་དང་། མ་འོངས་པར་སྒྲིག་འཛུགས་དང་མི་མང་གིས་མུ་མཐུད་རྒྱབ་སྐྱོར་གནང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་ཚུལ་སོགས་གསུངས་སོང་།

ཉིན་རྒྱབ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཕྱི་ལོ་ ༡༩༠༠ ནས་ཕྱི་ལོ་ ༡༩༥༩ ལོ་བར་གྱི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྐོར་ལ་བཀའ་སློབ་གནང་རྗེས་མི་མང་དང་དྲི་བ་དྲིས་ལན་གནང་སོང་། ཕྱི་དྲོའི་ཆུ་ཚོད་ ༥།༣༠ སྟེང་ཡུ་རོབ་སྤྱི་ཟུར་དང་གསར་འཕྲིན་སློབ་སྟོན་པ་འོར་བ་རིགས་འཛིན་རྡོ་རྗེ་ལགས་ནས་མཛད་སྒོ་མཇུག་སྡོམ་གཏམ་བཤད་དང་འབྲེལ་ལས་རིམ་མཇུག་སྒྲིལ་སོང་། 

གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༨ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. མགོ་ལོག་ཟླ་བྷེ། says:
    ལོ་ 12 སྔོན།

    གསེར་གྱི་ཟམ་ཆེན་བརྐྱངས་པའི་གཏམ་གདོང་ལྔའི་གད་རྒྱངས།

    ༧རྒྱལ་དབང་ཐུགས་དང་འགལ་བ་མེད།།
    བླ་མའི་བཀའ་ལས་འདའ་བ་མེད།།
    ཁས་བླངས་དམ་བཅར་འགྱུར་བ་མེད།།
    མདོར་ན་གཤིས་ལ་གཡོ་བ་མེད།།

    ཆོལ་ཁ་གསུམ་ལ་ཕྱོགས་ཞེན་མེད།།
    ཆོས་བརྒྱུད་ཁག་ལ་ཆགས་སྡང་མེད།།
    གཞིས་བྱེས་གཉིས་ལ་དམར་ལོད་མེད།།
    མདོར་ན་འབངས་ལ་ཉེ་རིང་མེད།།

    སྣ་མང་སྐད་ལ་འགགས་པ་མེད།།
    ཐབས་མང་ཆོས་ལ་འཁྲུལ་བ་མེད།།
    བྱུས་མང་སྲིད་ལ་ནོར་བ་མེད།།
    མདོར་ན་མཁྱེན་རབ་ཐོགས་པ་མེད།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese