མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མའོ་དམར་ཤོག་ཚོགས་པ་ཕམ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་ཁྲོད་ཀོང་རི་སི་ཚོགས་པར་རྒྱལ་ཁ་དང་མའོ་དམར་ཤོག་ཚོགས་པར་ཕམ་ཁ་རག་གི་ཡོད་འདུག

རེས་གཟའ་མིག་དམར་ཉིན་གྱི་བལ་ཡུལ་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་འོས་འདེམས་ཁྲོད། སོ་ཤེལ་ཀུ་རེ་ལ་ (Sushil Koirala) དང་ཤེར་ལྦ་དུར་ (Sher Bahadur Deuba) གྱིས་མགོ་ཁྲིད་པའི་བལ་ཡུལ་ཀོང་རི་སེ་ཚོགས་པར་ས་འཐུས་ ༡༠༥ དང་། ཇ་ལ་ཎ་ཐ་ (Jhalanath Khanal) དང་མ་དྷེབ་ (Madhav Nepal)ཀྱིས་མགོ་ཁྲིད་པའི་བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འོས་ཤོག་  ༩༡ ། པུ་ཤབ་ཀ་མལ་ལམ་མིང་གཞན་པར་ཅང་ཐ (Pushp Kamal Dahal)དང་ལྦ་སྤུ་རམ་ (Baburam Bhattarai) གཉིས་ཀྱིས་མགོ་ཁྲིད་པའི་བལ་ཡུལ་མའོ་དམར་ཤོག་ཚོགས་པར་འོས་ཤོག་ ༢༥ བཅས་ཐོབ་སྟེ། མའོ་དམར་ཤོག་ཚོགས་པར་ཕམ་ཉེས་ཆེན་པོ་བྱུང་བར་བརྟེན། ཚོགས་པའི་མགོ་གཙོ་པཱར་ཅན་ཐ་ཡིས་འོས་བསྡུ་དྲང་པོ་བྱུང་མེད་ལུགས་དང་བསྐྱར་དུ་འོས་བསྡུ་བྱ་དགོས་སྐོར་བརྗོད་ཡོད་ཀྱང་། བལ་ཡུལ་འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ནེལ་ (Neel Kantha Uprety)གྱིས་གནད་དོན་དེར་ངོས་ལེན་བྱས་མི་འདུག

གནས་ཚུལ་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། དེ་སྔོན་ ༢༠༠༨ ལོའི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུའི་སྐབས་མའོ་དམར་ཤོག་ཚོགས་པར་ཕམ་ཉེས་བྱུང་ཡོད་ཀྱང་། པཱར་ཅན་ཐ་ཡིས་འོས་བསྡུ་དྲང་པོ་བྱུང་མེད་ལུགས་བརྗོད་དེ་འོས་བསྡུ་བསྐྱར་དུ་བྱེད་དགོས་བྱུང་ཡོད་པ་བཞིན་ཐེངས་འདིར་ཡང་གནས་ཚུལ་དེ་བྱུང་སྲིད་སྐོར་བརྗོད་འདུག བལ་ཡུལ་ནང་འོས་བསྡུའི་ཆེད་རྟོག་ཞིབ་ལ་ཕེབས་མཁན་ཨ་རིའི་སྲིད་འཛིན་ཟུར་པ་ཇེ་མེ་ཀར་ཀྲར་མཆོག་གིས་ཐེངས་འདིའི་འོས་བསྡུ་དེ་དྲང་པོ་དང་ཡག་པོ་བྱུང་ཡོད་ཚུལ་བརྗོད་འདུག་ལ། ཡུ་རོབ་མཐུན་ཚོགས་ཀྱི་རྟོག་ཞིབ་མི་སྣ་ཚོས་ཀྱང་འོས་བསྡུ་ཡག་པོ་བྱུང་ཡོད་སྐོར་བསྒྲགས་འདུག

མི་མང་ཚོས་ཐེངས་འདིའི་འོས་བསྡུའི་ཁྲོད་བལ་ཡུལ་ཀོང་རི་སེ་ཚོགས་པར་རྒྱལ་ཁ་འཐོབ་རྒྱུར་ཚོད་དཔག་བྱེད་ཀྱིན་ཡོད་ཅིང་། དེ་ལ་རྒྱུ་མཚན་ ༤ ཙམ་མཐོང་གི་ཡོད་པ་ནི། བལ་ཡུལ་མའོ་དམར་ཤོག་ཚོགས་པར་ད་ལྟ་འགྲོ་བཞིན་པའི་འོས་བསྡུའི་ནང་ཕམ་ཉེས་ཆེན་པོ་འགྲོ་བཞིན་ཡོད་པ་དང་། བལ་ཡུལ་མ་ཁེ་སི་ལི་ཉཱིན་དམར་ཤོག་ཚོགས་པས་མའོ་དམར་ཤོག་ཚོགས་པར་རྒྱལ་ཁའི་ཡིད་ཆེས་བརླག་བཅུག་པ། བལ་ཡུལ་ཀོང་རི་སེ་ཚོགས་པའི་ནང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་དང་ཆབ་སྲིད་པ་རྒན་དར་གཞོན་གསུམ་ཚང་ཡོད་པ། བཞི་པ། མི་མང་ངོས་ནས་ཀོང་རི་སེ་ཚོགས་པར་རྒྱབ་སྐྱོར་དང་མོས་མཐུན་བྱེད་ཀྱི་ཡོད་པ་སོགས་ཡིན་འདུག

ཆབ་སྲིད་ཚོགས་པ་ ༡༢༧ ཙམ་གྱིས་གྲོས་ཚོགས་འཐུས་མི་ ༣༦༡ ཙམ་འོས་འདེམས་བྱེད་ཀྱིན་ཡོད་པའི་འོས་བསྡུ་བར་མ་འདིའི་ནང་བལ་ཡུལ་མ་ཁེ་སེ་ལེ་ཉཱིན་དམར་ཤོག་ཚོགས་པར་འོས་གྲངས་ ༢༥༩༠༨༠ དང་། ཀོང་རི་སེ་ཚོགས་པར་འོས་གྲངས་ ༢༣༨༨༩༩ ཐོབ་ཡོད་འདུག

སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ཐེངས་འདིའི་འོས་བསྡུ་ཁ་གྲམ་ཡོད་སྟབས་ཆབ་སྲིད་ཚོགས་པ་གཅིག་ལ་རྒྱལ་ཁ་ཐོབ་རྒྱུ་ཁག་པོ་ཡིན་ཞིང་། འབྱུང་འགྱུར་བལ་ཡུལ་གྱི་གཞུང་དེ་ཆབ་སྲིད་ཚོགས་པ་གཅིག་གམ་གཉིས་གསུམ་གྱིས་འཛིན་སྐྱོང་བྱ་རྒྱུ་འཁེལ་སྲིད་སྐོར་གླེང་སློང་བྱེད་ཀྱི་ཡོད་འདུག

བལ་ཡུལ་གྱི་འོས་བསྡུ་འདི་ནི་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གཉིས་པ་དེ་ཡིན་ཞིང་། འདིའི་ནང་རྒྱལ་ཁབ་ ༥༨ ཚུད་པའི་རྒྱལ་སྤྱིའི་རྟོག་ཞིབ་པ་ ༧༥༠༠ ཙམ་གྱིས་ཆ་ཤས་བླངས་ཡོད་འདུག འོས་བསྡུ་འདི་ནི་ཆབ་སྲིད་ཚོགས་པ་ཁག་གི་རྒྱལ་ཁའི་འཐབ་རྩོད་ཅིག་ཡིན་པ་མ་ཟད། ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་འཐབ་རྩོད་ཅིག དམར་ཤོག་དང་དམངས་གཙོའི་འཐབ་རྩོད་ཅིག དེ་བཞིན་ཨེ་ཤ་ཡའི་སྟོབས་ཆེན་རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱི་འཐབ་རྩོད་ཅིག་ཀྱང་ཆགས་ཡོད་འདུག

ཆབ་སྲིད་ཚོགས་པ་ཁག་གི་རྒྱལ་ཕམ་དང་རྒྱལ་སྤྱིའི་འཐེན་འཁྱེར་འོག་ཡོད་པའི་རྒྱལ་ཡོངས་འོས་བསྡུའི་གྲུབ་འབྲས་དེ་བདུན་ཕྲག་འདིའི་ནང་ཁྱབ་བསྒྲགས་བྱ་འཆར་ཡོད་འདུག འོན་ཀྱང་། ད་ལྟ་བལ་ཡུལ་མའོ་དམར་ཤོག་ཚོགས་པས་འོས་བསྡུ་བསྐྱར་དུ་བྱེད་དགོས་པའི་ངོ་རྒོལ་བྱེད་བཞིན་ཡོད་འདུག

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist