མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲི་རུའི་དགེ་བཤེས་ཤིག་ལ་རྒྱ་གཞུང་གི་མནར་གཅོད་བཏང་སྟེ་བཀྲོངས་འདུག

བོད་ཀྱི་དུས་བབ།
༢༠༡༣/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

ནག་ཆུ་འབྲི་རུ་ལྟར་མོས་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་མནར་གཅོད་ཚད་མེད་བཏང་མཐར་རྐྱེན་ལམ་དུ་བཏང་སྟེ་ཟླ་འདིའི་ཚེས་ ༡༧ ཉིན་ཁོང་གི་སྐུ་ཕུང་ནང་མིར་སྤྲད་ཡོད་འདུག

ཟླ་སྔོན་མའི་ཚེས་ ༢༣ ཉིན། རྒྱ་གཞུང་གིས་དགེ་བའི་བཤེས་མཉེན་ངག་དབང་འཇམ་དབྱངས་ལགས་དང་གྲྭ་སྐལ་བཟང་ཕྱོགས་གླང་། གཞན་པའི་གྲྭ་པ་གཅིག་བཅས་མི་གསུམ་ལྷ་ས་ནས་འཛིན་བཟུང་བྱས་ཤིང་། ལྟར་མོས་དགོན་དུ་དམག་མི་ཕོན་ཆེན་བཏང་སྟེ་དགོན་པའི་ནང་ཡོངས་རྫོགས་སྔོག་བཤེར་དང་། ལྷག་པར་དུ་ངག་དབང་འཇམ་དབྱངས་ལགས་ཀྱི་གཟིམ་ཁང་ནང་བསྔོགས་ཏེ་གློག་ཀླད་གཉིས་ཀྱང་བཙན་འཕྲོག་བྱས་ཡོད་ཅིང་། ཁོང་ཅག་འཛིན་བཟུང་བྱས་རྗེས་ཉེས་འཛུགས་ཅི་ཞིག་བྱས་ཡོད་པ་དང་ས་གནས་གང་དུ་བཀག་ཡོད་མེད་སོགས་ནང་མིར་གསལ་བཤད་མེད་པར་ཟླ་གཅིག་ལྷག་ཕྱིན་ཡོད།

རྒྱ་གཞུང་གིས་དགེ་བཤེས་ཁོང་བཀག་ཉར་རིང་གཅར་རྡུང་དང་མནར་གཅོད་ཚད་མེད་འོག་རྐྱེན་ལམ་དུ་བཏང་རྗེས། ཟླ་འདིའི་ཚེས་ ༡༧ ཉིན་ཁོང་གི་སྐུ་ཕུང་ཕྱིར་ནང་མིར་སྤྲད་ཡོད་ཅིང་། ནང་མི་ཚོས་ཁོང་གི་སྐུ་ཕུང་སེ་ར་དགོན་པའི་དུར་ཁྲོད་དུ་ཞུགས་འབུལ་བྱས་ཡོད་པ་དང་། སྐུ་ཕུང་ནང་མིར་སྤྲོད་སྐབས་རྒྱ་གཞུང་འབྲེལ་ཡོད་མི་སྣས་གལ་སྲིད་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ཚེ། གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་དམར་གསོད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག

གྲྭ་སྐལ་བཟང་ཕྱོགས་གླང་དང་གཞན་པའི་གྲྭ་དེ་གཉིས་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པ་ཆགས་ཡོད་འདུག

གོང་གསལ་གནས་ཚུལ་སྐོར་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཀྱིས་གནས་ཚུལ་སྤེལ་བར། དགེ་བཤེས་ཁོང་ནི་ས་གནས་མི་མང་ཚོས་དད་གུས་ཆེན་པོ་ཞུ་ཡུལ་ཞིག་ཡིན་ཞིང་། ཁོང་གིས་ནགས་ཤོད་འབྲི་རུ་ཁུལ་གྱི་གཞོན་སྐྱེས་ཚོར་ཤོ་སྦག་རྒྱན་འཇོག་མི་བྱེད་རྒྱུ་དང་། གྲོང་སྡེ་ཕན་ཚུན་བར་འཁྲུག་རྩོད་མི་བྱེད་རྒྱུ་བཅས་ལ་དམ་བཅའ་འཇོག་བཅུག་པ་སོགས་ས་གནས་མི་མང་ལ་ཕན་པའི་མཛད་འཕྲིན་མང་པོ་བསྐྱངས་ཡོད་འདུག རྒྱ་གཞུང་གིས་སྔ་རྗེས་ཐེངས་མང་པོར་སུན་གཙེར་བཟོས་ཡོད་ཅིང་། ༢༠༠༨ ལོའི་ཞི་རྒོལ་སྐབས་ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པའི་ཉེས་མིང་འོག་ལོ་ ༢ རིང་བཙོན་འཇུག་མནར་གཅོད་བཏང་ཡོད་འདུག བཙོན་གྲོལ་རྗེས་ཁོང་གིས་མུ་མཐུད་ཆོས་གླིང་དགོན་དུ་མཚན་ཉིད་རིག་གནས་ཀྱི་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ལྟར་མོས་དགོན་དུ་སྐྱ་སེར་དབྱེར་མེད་ལ་མཚན་ཉིད་བཤད་གྲྭ་བཙུགས་ཏེ། སློབ་མ་ ༣༠༠ ལྷག་ལ་ནང་ཆོས་དང་བརྡ་སྤྲོད་རིག་གནས་སློབ་ཁྲིད་གནང་ཡོད་ལ། དགོན་པ་དང་གྲོང་སྡེ་མང་པོར་ནང་ཆོས་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་གནང་ཡོད་འདུག  

དགེ་བའི་བཤེས་གཉེན་དབང་པོ་ངག་དབང་འཇམ་དབྱངས་མཆོག་ནི། ཕྱི་ལོ་ ༡༩༦༨ ལོར་ནགས་ཤོད་འབྲི་རུའི་ཡུལ་ཏོ་ཐོ་གྲོང་དུ་སྐྱེས་ཤིང་། ༡༩༨༧ ལོར་ལྟར་མོས་དགོན་དུ་སྒྲིག་ཞུགས་མཛད།  ༡༩༨༩ ལོར་རྒྱ་གར་དུ་ཡོང་ནས་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ་ལོ་ ༡༩ རིང་སློབ་གཉེར་དང་། ཚན་རིག་ཟབ་སྦྱོང་ལ་ལོ་མང་རིང་མཉམ་ཞུགས་གནང་ཡོད་འདུག གྲྭ་ཚང་གི་རྒྱུགས་སྤྲོད་སྐབས་རྩེ་ཕུད་གྲས་ཡིན་ཞིང་། རང་ཤག་ཏུ་སློབ་མ་མང་པོ་ལ་དཔེ་ཁྲིད་གནང་བ་དང་། འབྲི་རུ་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་མཁས་གྲུབ་མཆོག་གི་མཚན་ཞབས་ལོ་མང་གནང་ཡོད་འདུག གྲྭ་ཚང་གི་འཛིན་གྲྭ་ཐོན་མཚམས་དགེ་ལུགས་རྒྱུགས་སྤྲོད་ལ་ཞུགས་ཏེ་ཀ་རམས་ལོ་རིམ་གཉིས་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད་ཅིང་། ༢༠༠༧ ཕྱིར་བོད་དུ་ཕེབས་ཏེ་བོད་ཀྱི་རིག་གཞུང་མི་ཉམས་རྒྱུན་འཛིན་ཐོག་ཕྱག་ལས་གནང་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་རྐྱེན་ལམ་དུ་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༨ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༩ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༡ སྔོན་ལ།
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

༢༠༢༦/༠༨/༡༡

མཆན། 3

  1. གངས་སྲས། says:
    ལོ་ 13 སྔོན།

    ༄༅། །བོད་མིའི་སྤྱི་ཚོགས་ནང་ནུས་པ་དང་ཤུགས་རྐྱེན་གང་ཙམ་ཐོན་མཁན་དེ་དག་མེད་པར་བཟོས་རྒྱུ་རྒྱ་དམར་གྱི་དམིགས་ཡུལ་བཟུང་སྟེ་ཐབས་ཤེས་གང་ཡོད་ཀྱིས་ཉེས་འཛུགས་ཁ་གཡོགས་ཞིག་འཚོལ་ཏེ་བཙོན་དུ་ཁྲིད་རྗེས་ནགས་གསོད་གཏོང་བ་འདི་ལྟ་བུ་ནི་ཁོང་ཚོའི་ལས་དོན་གཙོ་བོ་ཞིག་རེད།།

    Reply
  2. མིག་དམར། says:
    ལོ་ 13 སྔོན།

    ཨ་ཁ་དེང་སྐབས་མཁས་འཇོན་ལྷག་བསམ་ཅན་མང་པོ་ཞིག་ལ་བར་ཆད་ཡང་སེ་འཕྲད་བཞིན་པ་དེ་ངེད་བོད་མི་སྤྱི་མཐུན་གྱི་ལས་ཤིག་ཡིན་གྱི་རེད།

    Reply
  3. ཀླུ། says:
    ལོ་ 13 སྔོན།

    ལག་འཁྱེར་སྟེང་གི་མིང་མཐུན་གྱི་མི་འདུག། རྫུན་མ་ནི་ཡིན་རྒྱུ་མ་རེད།
    དོན་དངོས་ངག་དབང་འཇམ་དབྱངས་རེད། ཡང་ན་ངག་དབང་འཇམ་དཔལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese