མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་གཅེས་དཔའ་བོ་ཚོའི་ཆོད་སེམས་ཀྱིས་ང་ལ་སྤོབས་པ་བསྩལ།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྐང་འཁོར་སྐོར་སྐྱོད་པ་རིན་པོ་ལགས་དྷ་སར་འབྱོར་ཏེ་བཞུཊ་སྒར་ཉེ་ཁུལ་གྱི་སློབ་གྲྭ་ཁག་ཏུ་ལས་འགུལ་ངོ་སྤྲོད་དུ་ཕེབས་པ་དང་བསྟུན་ཏེ་གསར་འགོད་པས་ཁོང་ལ་བཅར་འདྲི་ཞུས་ཡོད།

དྲི་བ། ཉེ་སྔོན་སློབ་གྲྭ་ཁག་གི་ནང་སྐོར་སྐྱོད་བྱས་པའི་མྱོང་ཚོར་སོགས་ངོ་སྤྲོད་ཅིག་གནང་རོགས།

ལན། དྷ་ས་ས་གནས་བདེ་དོན་མཆོག་གིས་ཉེ་འཁོར་སློབ་གྲྭ་ཁག་ཏུ་ཕྱིན་ཏེ་སྐད་ཆ་བཤད་ཐུབ་ན་ཡག་པོ་ཡོང་ས་རེད་ཅེས་གོ་སྒྲིག་གནང་བ་ལྟར། དྷ་སའི་ཉེ་འཁོར་གྱི་ཤེས་རབ་དགའ་ཚལ་སློབ་གླིང་དང་སཱ་ར་མཐོ་སློབ། སུ་ཇཱ། གྷོལ་པ་པུལ། ས་གནས་གཞོན་ནུའི་གོ་སྒྲིག་འོག ཅན་ཌི་གྷལ་གྱི་མཐོ་རིམ་སློབ་ཕྲུག་བཅས་ལ་སྐད་ཆ་བཤད་དུ་ཕྱིན་པ་ཡིན། སློབ་མ་ཚོས་ལག་ཏུ་བོད་དར་དང་ཁ་བཏགས། མེ་ཏོག་སོཊ་བཟུང་ནས་ང་ལ་བསུ་བ་བྱས་སོང་།  སྤྱིར་བཏང་ང་ལ་བསུ་བ་བྱེད་རྒྱུ་དེ་གལ་ཆེན་མིན་ཡང་ཁོ་ཚོས་ནམ་རྒྱུན་བོད་རང་གི་བསྟན་པ་ཆབ་སྲིད་ལ་དོ་ཁུར་དང་དགོས་པ་རྒྱུ་མཚན་ཤེས་པའི་ཐོག་ནས་ང་དང་ང་འདྲ་བའི་ལས་འགུལ་ཆུང་ཙག་རིགས་སྤེལ་མཁན་ཚོར་རྒྱབ་སྐྱོར་དང་། བོད་དོན་ལས་འགུལ་འདི་ཅི་ཙམ་གྱིས་གལ་ཆེན་དུ་བརྩི་ཡི་ཡོད་པ་མཚོན་ཡོད་ལ། ཁོ་ཚོས་འཚང་ཁ་ཤིག་ཤིག་གིས་དྲི་བ་དྲིས་བ་དང་བསུ་བ་བྱེད་སྟངས་དེས་བོད་དོན་ཐད་ཚོར་ཤུགས་ཆེན་པོ་ཡོད་པའི་ཚོར་སྣང་སྤྲད་སོང་།

དྲི་བ། ཕྱི་རྒྱལ་ཁག་ཏུ་རྐང་འཁོར་སྐོར་སྐྱོད་སྐབས་ས་གནས་མི་མང་དང་གནད་ཡོད་མི་སྣ་ཚོས་བོད་དོན་ཐོག་དོ་སྣང་དང་རྒྱབ་སྐྱོར་གནང་སྟངས་གང་འདྲ་འདུག

ལན། བོད་དོན་ལ་རྒྱབ་སྐྱོར་ཡོད་མེད་ཅི་རིགས་རེད། ཁག་ཅིག་གིས་ལྐོག་ནས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་མངོན་གསལ་དོད་པོ་མི་བྱེད་མཁན་དེ་འདྲ་མང་པོ་འདུག གསར་འགོད་པ་ལོ་ཆུང་ཁ་ཤས་ཀྱིས་མ་འོངས་པར་ཁོ་ཚོ་རྒྱ་ནག་ནང་འགྲོ་འཆར་ཡོད་སྟབས། རྒྱ་གཞུང་གིས་ཐོངས་མཆན་སྤྲོད་རྒྱུར་འགོག་རྐྱེན་བཟོ་ཡི་འདུག་ལབ་སོང་། གནད་ཡོད་མི་སྣ་དཔེར་ན་མངའ་སྡེའི་བློན་ཆེན་དང་། ལྷག་པར་དུ་གྲོང་ཁྱེར་སྤྱི་ཁྱབ་མང་པོས་འཛེམ་ཟོན་བྱེད་ཀྱི་འདུག གང་ཡིན་ཟེར་ན། གྲོང་ཁྱེར་དེ་དང་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་བར་མཛའ་འབྲེལ་གྲོང་ཁྱེར་ཞེས་ཚོང་འབྲེལ་བཟུང་སྟེ། གཞུང་ལམ་གྱི་ཟུར་དུ་མཛའ་འབྲེལ་གྲོང་ཁྱེར་གྱི་རྒྱལ་ཁབ་ཁག་གི་རྒྱལ་དར་སྒྲེང་འདུག ཧྥ་རན་སི་དང་སྦེལ་ཇམ། ཨི་ཊ་ལི། སུད་སི་སོགས་ཀྱི་གྲོང་ཁྱེར་མང་པོའི་ནང་མཛའ་འབྲེལ་གྲོང་ཁྱེར་གྱི་རྒྱལ་དར་སྒྲེང་འཛུགས་བྱས་པའི་མེ་ཏོག་ལྡུམ་རའི་དཀྱིལ་དུ་བོད་ཀྱི་རྒྱལ་དར་སྒྲེང་འདུག འབྲེལ་ཡོད་ནས་རྒྱལ་དར་གཞན་པ་དེ་ཚོ་ཚོང་ལས་ཀྱི་འབྲེལ་བ་ཡག་པོ་ཡོད་པའི་མཚོན་བྱེད་ཡིན་པ་དང་། བོད་ཀྱི་རྒྱལ་དར་དེ་དམིགས་བསལ་གྱི་རྒྱབ་སྐྱོར་མཚོན་བྱེད་ཡིན་ལ། སྒྲེང་འཛུགས་ཀྱི་ས་ཆའང་དམིགས་བསལ་ཡིན་སྐོར་བརྗོད་སོང་། སུད་སིའི་ནང་ནས་བོད་དར་སྒྲེང་བའི་གྲོང་ཁྱེར་ཁག་ ༦ ཙམ་ལ་ཐུག་སོང་ཡང་། ས་གནས་བོད་རིགས་ཚོས་བཤད་ན་གྲོང་ཁྱེར་མང་པོའི་ནང་བོད་དར་སྒྲེང་ཡོད་པ་རེད་ཟེར།དེ་བཞིན་ཧྥ་རན་སིའི་གྲོང་ཁྱེར་ ༦༠ ལྷག་གི་ནང་དུ་བོད་དར་སྒྲེང་ཡོད་པ་རེད་ཟེར་བ་ཞིག་གོ་སོང་།ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྤྱི་ཁྱབ་ཅིག་གིས། ཅེག་རྒྱལ་ཁབ་ནང་བོད་ཀྱི་ཉིན་མོ་ཞེས་ཉིན་གཅིག་ལ་གྲོང་ཁྱེར་ཁག་ ༥༠༠ ལྷག་གི་ནང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱབ་སྐྱོར་གྱི་རྣམ་པ་སྟོན་གྱི་ཡོད་པ་དང་། མ་འོངས་པར་གྲོང་ཁྱེར་ཁག་སྤྱི་ཡོངས་ནས་བོད་ཀྱི་ཉིན་མོ་སྲུང་གཙི་བྱེད་ཐུབ་པའི་རེ་བ་ཡོད་སྐོར་ལབ་སོང་། ནམ་རྒྱུན་མི་མང་པོ་ཞིག་གིས་བོད་དར་སྒྲེང་བའི་གྲོང་ཁྱེར་ཁག་གི་སྤྱི་ཁྱབ་ཀྱིས་བོད་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད་བསམ་གྱི་ཡོད་ཀྱང་། སྤྱིར་བཏང་བོད་དར་སྒྲེང་འཛུགས་བྱེད་པ་དེ་མང་ཚོགས་ཀྱི་ནང་ནས་རྒྱབ་སྐྱོར་གྱི་མཚན་རྟགས་བསྡུ་རུབ་སོགས་བྱས་ཏེ་གཏན་འབེབས་བྱུང་བ་ཞིག་ཡིན་པ་དང་། ཡང་གྲོང་ཁྱེར་ཁ་ཤས་ནང་སྤྱི་ཁྱབ་ཅིག་གིས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་དུ་བོད་དར་སྒྲེང་འཛུགས་བྱས་པ་དང་། ཕྱིས་སུ་སྤྱི་ཁྱབ་གཞན་ཞིག་བསླེབས་སྐབས་འགྱུར་བ་ཕྱིན་པ་དེ་འདྲའང་འདུག

དྲི་བ། རྐང་འཁོར་སྐོར་སྐྱོད་སྐབས་གསར་འགྱུར་བརྒྱུད་ལམ་ཁག་གིས་དོ་སྣང་གང་འདྲ་བྱེད་ཀྱི་འདུག

ལན། གསར་འགོད་པ་མང་པོ་ཞིག་གིས་ཐོག་མ་ང་རང་མི་སྒེར་གྱི་ལོ་རྒྱུས་དང་། ངའི་ལངས་ཕྱོགས་རང་བཙན་དང་དབུ་མ་གཉིས་ལས་གང་ཡིན། ལས་འགུལ་འདིར་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་རེ་ཅི་ཙམ་ཡོད་མེད་། དེ་བཞིན་ལས་འགུལ་འདིའི་དགོས་དམིགས་སོགས་དྲིས་ཡོང་གི་འདུག་སྟབས། བོད་དོན་ཆེད་ལུས་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མངོན་འདོད་དང་ཞལ་ཆེམས་གང་ཡིན་པ་དང་། གནད་དོན་དེའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་སོགས་དབྱིན་ཡིག་ཏུ་བསྒྱུར་ནས་རང་གི་ལྕོགས་ཚོད་ཀྱིས་འགྲེལ་བཤད་བརྒྱབ་པ་ཡིན།  བརྒྱུད་ལམ་ཁག་ནས་ཀྱང་དོ་སྣང་ཆེན་པོས་ཁྱབ་སྤེལ་བྱས་སོང་བསམ་ཡོད།

དྲི་བ། རྒྱལ་ཁབ་ཁག་ནང་སྐོར་སྐྱོད་སྐབས་རྒྱ་རིགས་ཚོའི་རྣམ་འགྱུར་དང་སྐད་ཆ་བཤད་སྟངས་གང་འདྲ་འདུག

ལན། རྒྱ་མི་མང་པོ་ཞིག་ལ་ཐུག་སོང་། ཁོ་ཚོ་རྒྱ་ནག་པེ་ཅིན་དང་ཧྲང་ཧེ་སོགས་ནས་ཕྱི་རྒྱལ་དུ་ཡོང་བའི་ཡུལ་སྐོར་སྤྲོ་འཆམ་པ་དང་།གསར་འགོད་འབྲེལ་མཐུད་པ། ཡུལ་སྐོར་སྣེ་ཤན་པ་དེ་འདྲ་རེད། ང་ཐུག་པའི་རྒྱ་རིགས་མང་ཆེ་བས་དབུ་མའི་ལམ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་ཀྱི་འདུག ཁོ་ཚོས་ང་ཚོས་ཀྱང་རྒྱ་ནག་དམངས་གཙོ་དང་རང་དབང་གི་རྒྱལ་ཁབ་<ཅིག་ལ་འགྱུར་བར་རེ་བ་ཆེན་པོ་བྱེད་ཀྱི་ཡོད། ཡིན་ནའང་། རྒྱ་ནག་སྤྱི་ཡོངས་ལ་འགྱུར་ལྡོག་ཅིག་མ་བྱུང་ཚེ། བོད་ཀྱི་གནད་དོན་སེལ་རྒྱུ་ཁག་པོ་རེད། ནམ་ཞིག་འགྱུར་བ་བྱུང་བའི་དབང་དུ་བཏང་ཡང་བོད་ལ་རང་སྲིད་རང་སྐྱོད་སྤྲོད་དང་མི་སྤྲོད་མི་མང་གི་ལག་ཏུ་ཡོད་དུས་དེ་ཡང་དཀའ་ངལ་ཞིག་རེད། ཡིན་ནའང་། ཁྱེད་ཚོར་རྒྱུ་མཚན་དང་བདེན་པ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད་ཟེར་གྱི་འདུག

དྲི་བ། ཁྱེད་ཀྱིས་རྒྱལ་ཁབ་མང་པོའི་ནང་སྐོར་སྐྱོད་ཀྱིས་བོད་དོན་ལས་འགུལ་སྤེལ་བར་རྐྱེན་བྱས་ཏེ། རྒྱ་གཞུང་གིས་ཁྱེད་ཀྱི་ཁྱིམ་མི་གཉེན་འབྲེལ་ཚོར་ཆབ་སྲིད་ཀྱི་གནོན་ཤུགས་སྤྲོད་ཀྱི་འདུག་གམ།

ལན། ད་ལྟའི་བར་ཁོ་ཚོར་གནོན་ཤུགས་སྤྲད་པ་དེ་འདྲ་བྱུང་མ་སོང་། ངས་ཁོ་ཚོར་འབྲེལ་བ་བྱེད་སྐབས། ཁྱེད་རང་ཚོས་རང་གི་སྐད་ཡིག་དང་རིག་གཞུང་། ཕ་ས་ཕ་ཡུལ་བདག་སྲུང་བྱས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་དང་མ་འགལ་བ་བྱོས། ང་ཚོ་ཕྱི་ལོགས་ན་ཡོད་མཁན་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་དང་མཐུན་པའི་ཐོག་ནས་ལས་འགུལ་ག་རེ་སྤེལ་བ་ཡིན་ནའང་དེ་ཁྱེད་ཚོ་དང་འབྲེལ་བ་ཡོད་པ་མ་རེད་ཟེར་གྱི་ཡོད་ལ། ཁྱིམ་མི་ཚོའི་ངོས་ནས་ཀྱང་རྒྱ་གཞུང་ལ་ངོ་རྒོལ་སོགས་ཆབ་སྲིད་དང་འབྲེལ་བའི་ལས་ཀ་གང་ཡང་བྱས་མེད་སྟབས། ད་ལྟའི་བར་ཆབ་སྲིད་ཀྱི་དཀའ་ངལ་དམིགས་བསལ་འཕྲད་ཡོད་པ་མ་རེད།

དྲི་བ། སྔོན་ཆད་ཁྱེད་རང་བོད་ནང་སྡོད་སྐབས་བོད་དོན་དང་འབྲེལ་བའི་ལས་ཀ་དེ་འདྲ་བྱས་མྱོང་ཡོད་དམ།

ལན། ང་བོད་དུ་ཡོད་སྐབས་འགྲམ་ནས་ཚོང་བརྒྱབ་སྟེ་བསྡད་པ་རེད། བལ་ཡུལ་དང་རྒྱ་ནག་གི་ས་མཚམས་དམག་མི་ཚོ་ངོ་ཤེས་ཡིན་སྟབས་བོད་མི་རྒྱ་གར་ལ་འགྲོ་མཁན་མང་པོ་བསྐྱལ་མྱོང་ཡོད། དེ་བཞིན། ཡིད་བཞིན་ནོར་བུའི་བཀའ་སློབ་ཀྱི་དེབ་མང་པོ་ལྷ་སར་ཡོད་པའི་གྲོགས་པོ་ཚོར་བསྐུར་ཏེ། ཁོ་ཚོས་དཔར་གློག་མང་པོ་བརྒྱབ་ནས་བཀྲམས་པ་རེད། ཕྱིས་སུ་དེབ་རེ་ཟུང་རྒྱ་གཞུང་གི་ལག་ཏུ་ཚུད་དེ་དེབ་ཀྱི་ཡོང་ཁུངས་རྩད་གཅོད་བྱས་ཏེ་ང་རང་ཡིན་པ་ཧ་གོ་ཡོད་ས་རེད། ང་རང་འཛིན་བཟུང་བྱེད་པར་རྩད་གཅོད་གཏོང་གི་ཡོད་པ་ཐོས་ཏེ་བཙན་བྱོལ་ཡོང་བ་ཡིན།

ང་འགྲམ་དུ་ཡོད་སྐབས་བལ་ཡུལ་ནང་བོད་མིའི་དྭང་བླང་དཔྱ་ཁྲལ་ལག་དེབ་བཟོ་ཡི་ཡོད་པ་དང། དེའི་དགོས་པ་རྒྱུ་མཚན་ཡང་གང་ལ་གང་འཚམ་ཧ་གོ་སོང་། སྐབས་དེར་ང་ཚོ་ཚོང་པ་ཆེན་པོ་མིན་ཡང་དཔྱ་ཁྲལ་དངུལ་ཙམ་སྤྲོད་པར་དཀའ་ངལ་མེད་སྟབས། བལ་ཡུལ་དུ་ཡོད་པའི་གྲོགས་པོ་ཞིག་གི་ལག་ཏུ་ང་རང་གི་པར་བཞག་ནས་བཟོ་རུ་བཅུག་པ་ཡིན། འདིར་ཟུར་འཕྲོས་ཙམ་ཞུས་ན། ད་རེབ་ཡུ་རོབ་ནང་སྐོར་སྐྱོད་བྱེད་སྐབས་དཔྱ་ཁྲལ་ལག་དེབ་ཀྱིས་ཕན་མང་པོ་ཐོགས་སོང་། ཁ་པར་གྱི་བྱང་བུ་ཉོ་བ་དང་སྤྱི་གླིང་སོགས་ཀྱི་འཛིན་བྱང་ཉོ་བ།དེ་བཞིན་མགྲོན་ཁང་གླ་བ་སོགས་བེད་སྤྱོད་མང་པོ་བཏང་བ་ཡིན། དེང་སང་ཡུ་རོབ་སོགས་སུ་བོད་མི་མང་པོས་ང་ཚོར་སྐྱབས་བཅོལ་བའི་ཡིག་ཆ་གང་ཡང་མེད་ཟེར་མཁན་མང་པོ་འདུག ངས་ཁོ་ཚོར་རྩེད་མོ་རྩེས་ནས་བོད་མིའི་དཔྱ་ཁྲལ་ལག་དེབ་བཟོས་ནས་བེད་སྤྱོད་བཏང་བ་ཡིན་ན་བཀོལ་སྤྱོད་ཡོད་པ་རེད་ལབ་ཀྱི་ཡོད།

དྲི་བ། བྱ་བ་ཆེ་ཆུང་གང་ཡིན་རུང་ཁྱིམ་མི་དང་འབྲེལ་ཡོད་ནས་རྒྱབ་སྐྱོར་ཐོབ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྟབས། ཁྱེད་ཀྱི་ལས་འགུལ་ཐད་ཁྱིམ་མི་སོགས་ཀྱིས་རྒྱབ་སྐྱོར་གནང་གི་འདུག་གམ།

ལན། ང་རང་ ༡༩༩༨ ལོར་ཨ་རིར་ཕྱིན་པ་ཡིན། སྐབས་དེར་བལ་ཡུལ་ནས་ཕྱིན་པ་ཡིན། རྒྱ་གར་ནང་སྔོན་མ་དམིགས་བསལ་ཚོགས་ཆེན་སྐབས་ཐེངས་གཅིག་ཡོང་མྱོང་ཡོད། ད་རེབ་ཐེངས་གཉིས་པ་དེ་རེད། ཕྱི་ལོ་ ༢༠༠༠ ལོར་ངའི་ཆུང་མ་དང་བུ་དང་བུ་མོ་བཅས་ཨ་རིར་བསླེབས་པ་རེད། ལོ་དེར་ངས་ལས་ཀ་གཡུགས་ནས་ཨ་རིའི་མངའ་སྡེ་ ༤༥ ནང་བོད་དོན་རྐང་འཁོར་སྐོར་སྐྱོད་དང་རྐྱང་ཕྱག་ལས་འགུལ་སྤེལ་བ་ཡིན། སྐབས་དེར་ངའི་ཆུང་མ་ལའང་ལས་ཀ་ཡོད་པ་མ་རེད། ཡིན་ནའང་། ཁྱིམ་མིའི་ངོས་ནས་ང་ལ་ལས་འགུལ་སྤེལ་ན་འགྲིག་གི་མི་འདུག་ཐེངས་གཅིག་ཀྱང་ལབ་མྱོང་མེད། ངའི་ཆུང་མས་བུ་ཕྲུག་གཉིས་ལ་བདག་སྐྱོང་གང་ལེགས་གནང་བའི་བཀའ་དྲིན་གྱིས། ༢༠༠༠ ལོ་ཙམ་ནས་བཟུང་ངས་བོད་དོན་སྐོར་ལ་ལས་འགུལ་གང་ལ་གང་འཚམ་ཞིག་སྤེལ་ཐུབ་སོང་། ཡིན་ནའང་། ངེད་གཉིས་མཉམ་དུ་མ་བསྡད་ནས་ཕལ་ཆེར་ལོ་ ༣ ཙམ་འགྲོ་བཞིན་ཡོད། དེ་ཕལ་ཆེར་ངའི་ལས་འགུལ་དང་འབྲེལ་བ་ཡོད་རྒྱུ་རེད་བསམ་གྱི་འདུག ཡིན་ནའང་བུ་ཕྲུག་གཉིས་ཀྱི་ངོས་ནས་ངེད་གཉིས་མཉམ་དུ་ཡོད་མེད་ལ་མ་ལྟོས་པར་ཕ་མ་གཉིས་ལ་བསམ་ཤེས་དང་བརྩེ་འདང་ཆེན་པོ་ཡོད།

དྲི་བ། ད་རེབ་སྐོར་སྐྱོད་སྐབས་ལམ་བར་ནས་ན་ཚ་དང་ཉེན་ཁ་དེ་འདྲར་འཕྲད་ཡོད་དམ།

ལན། འཇར་མན་ནང་ནས་ཐེངས་ཤིག་རྐང་པའི་ཉྭ་གདོང་སྐྲངས་ནས་སྨན་པར་སྟོན་དགོས་བྱུང་སོང་། ཁོ་ཚོས་རྐང་པས་ཤུགས་བཀོལ་རྒྱུ་མང་དྲགས་པའི་རྐྱེན་གྱིས་རེད།རིམ་གྱིས་དྲག་སྐྱེད་མ་བྱུང་ན་གཤག་བཅོས་བྱེད་དགོས་སྐོར་བརྗོད་སོང་བས་ཅུང་ཙམ་སྐྲག་བྱུང་། ཡིན་ནའང་རིམ་གྱིས་དྲག་སྐྱེད་ཕྱིན་སོང་། དེ་ནས་གློ་རྒྱག་པ་དང་ཆམ་པ་ཕོག་པ་སོགས་ན་ཚ་ཞིག་ལ་བརྩི་ཡི་མེད། སྐོར་སྐྱོད་སྐབས་བོད་དོན་ཐོག་སྲོག་བློས་བཏང་བའི་རྒྱལ་གཅེས་དཔའ་བོ་བརྒྱ་དང་ཉི་ཤུ་རྩ་གྲངས་ཤིག་གི་མཚན་གཞུང་དེར་གཏན་ནས་ཁ་མ་བྲལ་བར་རྒྱབ་ལ་འཁུར་ནས་བསྡད་པ་ཡིན། ལམ་བར་གྱི་ཆར་བ་དང་ལྷགས་རླུང་སོགས་ཀྱི་དཀའ་ངལ་ཅི་ཞིག་འཕྲད་ཀྱང་ཁོང་ཚོའི་བློས་གཏོང་དང་ཆོད་སེམས་དེས་ང་ལ་བློ་སྤོབས་དང་སེམས་ཤུགས་སྤྲད་ཡོང་གི་འདུག ངའི་ལས་འགུལ་འདི་མཇུག་སྐྱོང་ཐུབ་པ་ཁོང་ཚོའི་བཀའ་དྲིན་ཡིན།

དྲི་བ། ཁྱེད་ལ་མ་འོངས་པར་འཆར་གཞི་གང་འདྲ་ཡོད། བོད་དོན་ལས་འགུལ་དེ་འདྲ་སྤེལ་འཆར་ཡོད་དམ།

ལན། ཟླ་འདིའི་ཕྱི་ཚེས་ ༢༢ ཡས་མས་ཤིག་ལ་ལྡི་ལི་ནས་ཡིད་བཞིན་ནོར་བུའི་མཇལ་ཁ་རག་གི་ཡོད་རེད། དེ་དུས་ད་ལྟ་བར་དུ་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་མཚན་གཞུང་རྣམས་འབུལ་རྒྱུ་ཡིན། དེ་ནས་ཡུ་རོབ་ནང་ཕྱིར་ལོག་སྟེ། ད་རེབ་སྐོར་སྐྱོད་སྐབས་ཡུ་རོབ་རྒྱལ་ཁབ་ ༡༣ དང་། ཨེ་ཤ་ཡའི་ཉི་ཧོང་དང་ཐའེ་ཝན། ཧོང་ཀོང་། བལ་ཡུལ་དང་རྒྱ་གར་བཅས་ཁྱོན་རྒྱལ་ཁབ་ ༡༨ ཙམ་གྱི་མངའ་སྡེའི་སྤྱི་ཁྱབ་དང་གྲོས་ཚོགས་འཐུས་མི་སོགས་གནད་ཡོད་མི་སྣ་ ༡༤༠ ཙམ་གྱི་མཚན་རྟགས་བསྡུ་རུབ་བྱས་ཡོད་པ་དེ་དག་ཡུ་རོབ་མཉམ་འབྲེལ་དང་། ཇི་ནེ་ཝ་རུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་གཉིས་ལ་སྤྲོད་རྒྱུ་ཡིན། དེའི་རྗེས་ཕྱིར་ཨ་རིར་མ་ལོག་ན་ང་རང་གི་རྐང་འཁོར་སྐོར་སྐྱོད་ཀྱི་ཐོངས་མཆན་དུས་ཡུན་རྫོགས་བཞིན་འདུག དེ་ནས་ཨོ་སི་ཊོ་རི་ཡ་དང་ནིའུ་ཛི་ལན་ཌི། སོག་ཡུལ་བཅས་སུ་སྐོར་སྐྱོད་བྱེད་པའི་འཆར་གཞི་ཞིག་ཡོད།

གསར་འགོད་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 3

  1. ཐུབ་པ། says:
    ལོ་ 12 སྔོན།

    གསར་འགོད་པ་དང་ལས་འགུལ་བ་གཉིས་ཀས་འབྲོག་སྐད་རྗེན་རྗེན་དུ་རྒྱག་གི་འདུག
    ཀུ་རེ་རྩེད་མོ་ཡིན། ལས་འགུལ་བ་རིན་པོ་ལགས་སུ་རྗེས་སུ་ཡི་རངས་ཡོད་ཡོད་པ་རེད། དེ་ནས་གསར་འགོད་པ་པདྨ་མཚོ་ལགས་ཀྱིས་ཀྱང་དྲི་བ་ཡག་པོ་གནང་འདུག མ་འོངས་པར་ཡང་དྲི་བ་དྲིས་ལན་གྱི་སྐབས་སུ་གནད་དོན་ཧ་ཅང་གསལ་བོའི་ཐོག་ནས་འགོད་རྒྱུ་གལ་ཆེན་པོ་འདུག

    Reply
  2. ཚེ་རིང་དོན་ལྡན། says:
    ལོ་ 12 སྔོན།

    སྙིང་གི་ནང་ན་རུས་པ་ཅན་རིན་པོ་ལགས་སུ་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། སྐུ་ཉིད་ཀྱིས་ལས་འགུལ་རླབས་ཆེན་འདི་ལྟ་བུ་ཞིག་སྤེལ་བ་དེས་བོད་ཕྱི་ནང་གཉིས་ལ་སེམས་ཤུགས་ཆེན་པོ་སྤར་སོང་། དཀའ་ངལ་དང་འགྲོ་སོང་མེད་པར་མི་བརྒྱ་གཉིས་བརྒྱ་མཉམ་དུ་འཛོམས་ཏེ་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་སོགས་བྱས་ཀྱང་ས་གནས་གང་དེའི་ཡུལ་མི་ཚོར་སུན་པོ་བཟོས་པ་ལས་བོད་དོན་ལ་ཏུལ་འབྲུ་ཙམ་ཕན་ཐོགས་ཡོང་གི་མེད་ལ། རྒྱལ་སྤྱིའི་ཐོག་ལ་ཁྱབ་བསྒྲགས་ཀྱང་འགྲོ་ཐུབ་ཀྱི་མེད། དེ་བས་སྐུ་ཉིད་ཀྱིས་དཀའ་ལས་སོ་སོའི་གཟུགས་པོས་བརྒྱབ་འགྲོ་སོང་སོ་སོའི་པ་ཁུག་ནང་ནས་བཏང་སྟེ་འདི་ལྟ་བུའི་ལས་འགུལ་ཞིག་སྤེལ་བ་དེ་རྒྱལ་སྤྱིའི་ཐོག་ཁྱབ་བསྒྲགས་ཤུགས་ཆེན་པོ་འགྲོ་སོང་ལ། བོད་ཕྱི་ནང་གཉིས་ཀྱི་མི་མང་ཚོའི་སེམས་ནང་དྲི་བ་ཞིག་དང་དོགས་པ་ཞིག་བསླེབས་བཅུག་ཡོད།

    Reply
  3. ཚེ་རིང་རྡོ་རྗེ། says:
    ལོ་ 12 སྔོན།

    སྐུ་ཉིད་ཀྱིས་བསྐྱར་དུ་ཨོ་སི་ཊོ་རི་ཡ་དང་ནེའུ་རྫི་ལནན་ཌི་སོགས་སུ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པར་ཡི་རངས་བསྔགས་བརྗོད་ཡོད། མུ་མཐུད་ཤུགས་བསྐྱོན་གནང་རོགས། ཐེངས་འདིའི་ཁྱོད་རང་གི་རླབས་ཆེའི་ལས་འགུལ་དེ་རྡ་རམ་ས་ལ་ཁུལ་གྱི་ལས་འགུལ་ཐབ་ཐེབ་ལ་སྙིང་བོ་མེད་པ་དང་ལྷག་པར་དུ་མི་སྒེར་ཁག་ཅིག་གིས་ལས་འགུལ་གྱི་ནང་དོན་ལས་སོ་སོ་ཁྱབ་བསྒྲགས་ཆེ་བ་བྱེད་མཁན་ཚོ་ངོ་གནོངས་དགོས་པ་ཞིག་བཟོས་གནང་སོང་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese