མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་དང་ཨུ་རུ་སུ་གཉིས་ལས་གང་འདེམས་སྲིད།

བོད་ཀྱི་དུས་བབ།
༢༠༡༣/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཡུའུ་ཁི་རཱེན་རྒྱལ་ཁབ་དེ་ཡུ་རོབ་ཐུན་ཚོགས་ནང་ཞུགས་མིན་ཐོག་རྩོད་ཉོག་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། གནད་དོན་དེ་ཨ་རི་དང་ཨུ་རུ་སུའི་བར་གྱི་འགྲན་རྩོད་ཅིག་ཀྱང་ཆགས་ཀྱིན་ཡོད་འདུག  

ཁ་སང་ཡུའུ་ཁི་རཱེན་( Ukraine)གྱི་རྒྱལ་སའི་རང་བཙན་ཐང་ཆེན་དུ་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་ཀྱིས་གཞུང་ལ་ངོ་རྒོལ་དང་། སྲིད་འཛིན་ཡཱ་ཎོ་ཁོ་ཝེ་ཆི་ ( Yanukovich)ལགས་ཀྱིས་རྩ་དགོངས་ཞུ་དགོས་པའི་འབོད་ཚིག་བསྒྲགས་ཡོད་ཅིང་། དེ་ནི་ཕྱི་ཟླ་ ༡༡ པའི་ཚེས་ ༢༩ ཉིན་ཡུ་རོབ་མཐུན་ཚོགས་ཀྱིས་ཡུ་རོབ་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཅིག་དང་མཉམ་དུ་གཞུང་ལམ་འཛུགས་སྐྲུན་དང་ཁྲོམ་རྭ་རྒྱ་སྐྱེད་བཅས་ཀྱི་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཏེ་གྲོས་ཆོད་ལ་མིང་རྟགས་བཀོད་སྐབས། ཡུའུ་ཁི་རཱེན་གྱི་སྲིད་འཛིན་གྱིས་མིང་རྟགས་བཀོད་མེད་སྟབས། ཡུའུ་ཁི་རཱེན་གྱི་མང་ཚོགས་ཚོས་གཞུང་གིས་ཡུ་རོབ་མཐུན་ཚོགས་དང་མཉམ་འབྲེལ་བྱེད་དགོས་པ་དང་། ཡུའུ་ཁི་རཱེན་གྱི་འཛིན་མཆོག་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱི་དབང་བསྒྱུར་བསླུ་བྲིད་འོག་ཚུད་ཀྱི་ཡོད་སྐོར་བརྗོད་དེ་ངོ་རྒོལ་བསྟུད་མར་བྱེད་བཞིན་ཡོད་འདུག

སྲིད་དོན་དཔྱད་བརྗོད་པ་ཚོས། ཐེངས་འདིར་སྲིད་འཛིན་ཡཱ་ཎོ་ཁོ་ཝེ་ཆིས་མིང་རྟགས་མི་འགོད་དོན་ནི། ལོ་རྗེས་མའི་ཡུའུ་ཁི་རཱེན་རྒྱལ་ཡོངས་འོས་བསྡུའི་ཐད། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་(Putin)ཀྱིས་ཨ་སྒོར་ཐེར་འབུམ་ ༡༥ ཙམ་གྱི་བུ་ལོན་གཡར་ཡོད་པ་མ་ཟད། སོལ་རླངས་གཙོས་མང་ཚོགས་ཀྱི་ཉིན་རེའི་དགོས་མཁོ་ཁག་ལ་མཐུན་རྐྱེན་ཤུགས་ཆེན་སྦྱོར་བཞིན་ཡོད་སྟབས་ཨུ་རུ་སུའི་གནོན་ཤུགས་འོག་གྲོས་ཆོད་ལ་མིང་རྟགས་མ་བཀོད་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་འདུག  

དུས་རབས་ ༡༧ པའི་ནང་ལྟ་གྲུབ་མི་འདྲ་བའི་ཆབ་སྲིད་ལམ་ལུགས་ཏེ་དམངས་གཙོ་དང་དམར་པོའི་རིང་ལུགས་གཉིས་ཀྱི་འཛམ་གླིང་ལ་ཁ་ལོ་བསྒྱུར་བ་དང་བསྟུན་ཏེ། ཡུའུ་ཁི་རཱེན་ཨུ་རུ་སུ་སྤྱི་མཐུན་དམར་པོའི་སྲིད་གཞུང་འོག་ཚུད་ཡོད་པ་དང་། ༡༩༩༡ ལོར་ཨུ་རུ་སུར་དཔལ་འབྱོར་གསར་བརྗེ་ཆེན་མོ་བྱུང་བ་དང་བསྟུན་ཏེ། ཨུ་རུ་སུའི་སྤྱི་མཐུན་མཉམ་འབྲེལ་གཞུང་མགོ་རྟིང་སློག་སྟེ། ཡུའུ་ཁི་རཱེན་གཙོས་རྒྱལ་ཁབ་ ༡༡ ཙམ་ལ་རང་བཙན་ཐོབ་ཡོད་པ་དང་། ཡུའུ་ཁི་རཱེན་གྱི་སྲིད་འཛིན་དང་པོ་དང་གཉིས་པས་ཡུའུ་ཁི་རཱེན་རྒྱལ་ཁབ་ཡུ་རོབ་མཐུན་ཚོགས་ནང་ཞུགས་རྒྱུར་འབད་བརྩོན་ཆེན་པོ་བྱས་ཡོད་ཀྱང་། ད་ལྟའི་སྲིད་འཛིན་ཡཱ་ཎོ་ཁོ་ཝེ་ཆི་ (Yanukovich)ཡིས་ཨུ་རུ་སུའི་འོག་སྡོད་ཐབས་ལ་འབད་བརྩོན་ཆེན་པོ་བྱས་ཡོད་འདུག

ཡུའུ་ཁི་རཱེན་ཡུ་རོབ་མཐུན་ཚོགས་ནང་ཞུགས་རྒྱུར་འབད་བརྩོན་བྱེད་མཁན་དག་ལ་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱབ་སྐྱོར་དང་ཡུའུ་ཁི་རཱེན་གྱི་སྲིད་འཛིན་ལ་མང་ཚོགས་ཀྱི་མངོན་འདོད་བསྒྲུབ་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་ཀྱང་། ཨུ་རུ་སུའི་གཞུང་གིས་ཡུའུ་ཁི་རཱེན་ནི་འདས་པའི་ལོ་རྒྱུས་ཐོག་ནས་ཨུ་རུ་སུ་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་སྟབས། ཨུ་རུ་སུ་དང་ཞི་མཐུན་མཉམ་གནས་ཐོག་རྒྱལ་ཁབ་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས་སྐོར་རྗོད་བཞིན་ཡོད་འདུག

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་ཇོན་མེ་ཁཱེན་ལགས་དངོས་སུ་ཡུའུ་ཁི་རཱེན་མི་མང་གི་ངོ་རྒོལ་བྱེད་ཡུལ་རྒྱལ་ས་ཁེད་ཝུའི་རང་བཙན་ཐང་ཆེན་དུ་བསྐྱོད་དེ། མང་ཚོགས་ལ་ཡུའུ་ཁི་རཱེན་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་མང་ཚོགས་ལ་ཞི་བདེ་ལྷིང་འཇགས་ཡོང་དགོས་ན་ངེས་པར་དུ་ཡུ་རོབ་མཐུན་ཚོགས་ནང་ཞུགས་དགོས་སྐོར་གཏམ་བཤད་སྤེལ་ཡོད་འདུག

ཨུ་རུ་སུའི་སྲིད་འཛིན་པུ་ཊིན་ཀྱིས་ཨ་རིས་ཨུ་རུ་སུའི་ཁ་གཏད་དུ་ལངས་ཏེ་ཡུའུ་ཁི་རཱེན་ཡུ་རོབ་མཐུན་ཚོགས་ནང་བཙན་འདེད་བྱེད་ཀྱི་ཡོད་ལུགས་དང་། གལ་ཏེ་ཨ་རིས་མུ་མཐུད་ཡུའུ་ཁི་རཱེན་ནང་གི་རྙོག་དྲར་ངལ་སྐུལ་བྱས་པ་ཡིན་ན་ཨ་རི་དང་ཨུ་རུ་སུའི་འབྲེལ་ལམ་ལ་དོ་ཕོག་འགྲོ་རྒྱུ་ཡིན་པ་མ་ཟད། མ་འོངས་པར་རྒྱལ་ཁབ་གཉིས་བར་དམག་འཁྲུག་ཀྱང་འབྱུང་སྲིད་སྐོར་བརྗོད་འདུག

ཨ་རི་དང་ཨུ་རུ་སུའི་བར་གྱི་འགལ་ཟླ་དེ་ནི། ཉེ་ཆར་ཨ་རིས་གཞུང་གིས་བཏོན་པའི་སེ་རི་ཡའི་རྫས་འགྱུར་མཚོན་ཆ་རྩ་མེད་བཟོ་བའི་སྲིད་ཇུས་དང་། ཨེ་རན་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་སྲིད་ཇུས་སོགས་ལ་ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་རྒྱབ་སྐྱོར་བྱས་མེད་པ། ཨ་རིའི་གསང་བ་ཕྱི་གྱར་བྱེད་མཁན་སི་ནོལ་ཌན་ཨུ་རུ་སུའི་ནང་སྡོད་ཆོག་པའི་ཆོག་མཆན་སྤྲད་པ། རྒྱ་ནག་གིས་ཞི་བདེའི་རྒྱ་མཚོའི་མཁའ་དབྱིངས་དབྱེ་མཚམས་ཐིག་ཚད་བཟོས་པར་ཨུ་རུ་སུས་གཞུང་གིས་རྒྱབ་སྐྱོར་བྱས་པ་སོགས་ལ་བརྟེན་ཏེ་བྱུང་བ་ཞིག་ཡིན་འདུག  

ཆབ་སྲིད་དབྱེ་ཞིབ་པ་ཚོས་བརྗོད་པ་ལྟར་ན། ཡུའུ་ཁེ་རཱེན་རྒྱལ་ས་ཁེད་ཝུ་ཡི་ངོ་རྒོལ་དེ་ནི། སྲིད་གཞུང་གིས་མང་ཚོགས་ཀྱི་དགོས་མཁོ་མ་བསྒྲུབས་པར་བརྟེན་ཏེ་བྱུང་བ་ཞིག་ཡིན་སྟབས། སྲིད་འཛིན་གྱིས་ཁོ་ཚོའི་དགོས་མཁོ་མ་བསྒྲུབས་བར་ངོ་རྒོལ་དེ་མུ་མཐུད་གནས་རྒྱུ་ཡིན་སྐོར་དང་། རྒྱལ་སྤྱིའི་ཐབས་ཇུས་མཁས་པ་པུ་ཌི་ཛ་ཧཱ་རེག་ལགས་ཀྱིས། ཡུའུ་ཁེ་རཱེན་ནང་གི་ངོ་རྒོལ་དེ་ནི་གཞུང་དང་མང་ཚོགས་བར་གྱི་འཐབ་རྩོད་ཅིག་ཡིན་པ་མ་ཟད། ཨ་རི་དང་ཨུ་རུ་སུའི་བར་གྱི་ལོ་རྒྱུས་ཐོག་གི་འགྲན་རྩོད་ཅིག་ཀྱང་ཆགས་ཡོད་སྟབས། ཇི་སྲིད་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་འགྲན་རྩོད་དེ་མཚམས་མ་བཞག་བར་དེ་སྲིད་ངོ་རྒོལ་དེ་མཚམས་འཇོགས་བྱ་མི་སྲིད་སྐོར་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༡༤ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

མཆན། 1

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 12 སྔོན།

    རྒྱལ་ཁབ་ཆུང་ཆུང་འདི་ཧ་ཅང་འཚུབ་པོ་ཞིག་ཡིན། རྒྱལ་ཁབ་འདིས་སྔོན་མ་ར་ཤི་ཡའི་འོག་ནས་རང་བཙན་རྩོད་སྐབས་ཀྱི་དངོས་བཀོད་གློག་བརྙན་ཞིག་ཡོད་པ་དེ་ལ་བོད་པ་ཚོས་ངེས་པར་དུ་ལྟ་དགོས། རྒྱལ་ཁབ་འདིའི་མི་མང་གིས་རང་དབང་འཐབ་རྩོད་བྱེད་སྟངས་དེ་འཛམ་གླིང་ཐོག་མིག་དཔེ་ལྟ་ས་ཞིག་ཆགས་ཡོད། མི་མང་གི་ཞི་རྒོལ་ལ་དྲག་གནོན་བྱེད་མཁན་ཉེན་རྟོག་པ་ཚོར་མེ་ཏོག་ཕུལ་ཏེ། ཁྱོད་དང་ང་ཚོའི་དཀའ་ངལ་གཅིག་ཡིན། ཁྱེད་ཅག་གི་ནང་མི་དང་ཕ་མ་གཉེན་ཉེ་ཚང་མ་ང་ཚོའི་ཁྲོད་དུ་ཡོད། ཁྱེད་ཅག་གིས་ཀྱང་མེ་མདའ་ས་ལ་བཞག་ནས་ང་ཚོ་དང་མཉམ་དུ་ཁ་ཕར་སློག་དགོས། ཞེས་འབོད་ཚིག་བསྒྲགས་པའི་མཐའ་མར་ ༡༩༩༡ ལོར་རང་བཙན་རག་ཡོད། རྒྱལ་ཁབ་འདིའི་ནང་གི་མི་མང་ཚོས་རང་དབང་དང་མངོན་འདོད་ཐོག་ལས་འགུལ་ཡ་མཚན་ཅན་སྣ་ཚོགས་སྤེལ་ཡོད། མཚམས་རེར་དགུན་འཁྱག་ཁ་བའི་ཁྲོད་དུ་བུད་མེད་མཛེས་མ་སྐད་གྲགས་ཅན་དག་གིས་གཟུགས་པོ་དམར་ཧྲང་དུ་ཁྲོམ་གཞུང་ལ་ཐོན་ཏེ་ངོ་རྒོལ་སྐད་འབོད་བྱེད་པ་སོགས་བྱས་ཡོད། རྒྱལ་ཁབ་འདི་དང་མི་རིགས་འདིའི་ངོ་རྒོལ་བྱེད་སྟངས་ལ་བོད་པ་ཚོས་ཀྱང་སློབ་སྦྱོང་བྱེད་དགོས།
    པར་གྱི་འབྲེལ་ཐག http://cryptome.org/2012-info/femen-wef/femen-wef.htm
    གློག་བརྙན་གྱི་འབྲེལ་ཐག http://rt.com/news/protest-femen-women-global-345/

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese