མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཁན་པོ་ཀར་ཚེ་མཆོག་གི་ཕྱག་ཡིག

བོད་ཀྱི་དུས་བབ།
༢༠༡༤/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆེན་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་ལགས་ཀྱིས་བཙོན་ཁང་ནས་ཕྱག་འཕྲིན་ཞིག་འབྱོར་ཏེ་ཁོང་ལ་དཀའ་ངལ་རིགས་མེད་སྟབས་གྲྭ་མང་ཚོས་མུ་མཐུད་སློབ་གཉེར་ཐོག་ཤུགས་བསྐྱོན་དགོས་སྐོར་བརྗོད་ཡོད་འདུག  

ཟླ་སྔོན་མའི་ཕྱི་ཚེས་ ༦ ཉིན་གྱི་མཚན་མོར་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ནས་རྒྱ་གཞུང་གིས་འཛིན་བཟུང་བྱས་པའི་ཡུལ་ཤུལ་ནང་ཆེན་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་ལགས་ད་ལྟ་ཆབ་མདོར་བཀག་ཉར་བྱས་ཡོད་པ་དང་། ཕྱི་ཚེས་ ༣༡ ཉིན་པེ་ཅིན་དང་སི་ཁྲོན། མཚོ་སྔོན། ནང་ཆེན་བཅས་ཀྱི་ཉེན་རྟོག་པས་མཁན་པོར་འདྲི་གཅོད་བྱས་ཡོད་འདུག

སྐབས་དེར་མཁན་པོས་ནང་ཆེན་རྫོང་གི་ཉེན་རྟོག་པ་བརྒྱུད་ས་གནས་མི་མང་ལ་ཕྱག་བྲིས་ཤིག་བསྐུར་ཡོད་པའི་ནང་། ད་ལྟ་ཁོང་ཆབ་མདོའི་བཀག་ཉར་ཁང་ན་ཡོད། རྡུང་རྡེག་དང་ནད་སྐྱོན་སོཊ་གང་ཡང་མེད་པས་དགོན་སྡེ་གྲྭ་ཚང་དང་། མི་སྡེ་ཡོངས་ལ་སེམས་ཁུར་ཆེན་པོ་མི་བྱེད་རྒྱུའི་རེ་བ་ཞུ། ཁྱད་པར་དུ་དགོན་པའི་བཤད་སྒྲུབ་ཀྱི་བྱ་བ་དང་། མི་སྡེའི་རྒྱུན་ལྟར་གྱི་འཚོ་བ་རྒྱུན་འཁྱོངས་གནང་རྒྱུ་ནི་ཕུགས་རྒྱང་རིང་པོའི་མདུན་ལམ་ཡིན་པས་ངོས་རང་གི་ཆེད་དུ་མི་གཅིག་ཀྱང་དཀའ་ངལ་མི་འཕྲད་པ་གནང་རོགས་ཞེས་རེ་བ་ནན་མོ་ཞུ་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

ཟླ་སྔོན་མའི་ཚེས་ ༡༨ ཉིན། ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་མང་དང་། ས་གནས་མི་མང་ ༢༠༠ ལྷག་འདུ་འཛོམས་ཀྱིས་དགོན་པ་ནས་མགོ་བརྩམས་ཏེ། ལག་ཏུ་བོད་རྒྱ་ཡིག་རིགས་གཉིས་ཐོག “ དགེ་རྒན་དང་བྲལ་བའི་སློབ་མ་རྣམས་ཀྱི་དཀའ་ངལ་ལ་གཟིགས་རོགས། མཁན་པོ་ཀར་ཚེ་བཙོན་གྲོལ་གཏོང་རོགས། ”ཞེས་པའི་འཕྲེད་དར་ཕྱར་བ་དང་སྐད་འབོད་བྱེད་བཞིན་སྦྱི་ལེ་ ༡༠ ཙམ་གྱི་སར་ཡོད་པའི་ནང་ཆེན་རྫོང་ཐོག་ཏུ་གོམ་བགྲོད་བྱེད་སྐབས། གིས་མཁན་ཀློད་གྲོལ་གཏོང་དགོས་པའི་ཞི་འབོད་གོམ་བགྲོད་ཅིག་གནང་སྟེ་རྫོང་ཐོག་ཏུ་བསྐྱོད་འབྱོར་གྲབས་སྐབས། རྫོང་དཔོན་སོགས་མཐོ་རིམ་དཔོན་རིགས་ཁག་ཅིག་བསླེབས་ཏེ། མི་མང་ལ་ཁྱོད་ཚོས་ལས་འགུལ་དེ་འདྲ་མ་སྤེལ་དང་མཁན་པོ་མགྱོགས་པོར་ཀློད་གྲོལ་ཡོང་བ་ང་ཚོས་འགན་ཁུར་ཆོག་ཅེས་སོགས་བརྗོད་དེ་མི་མང་གིས་གོམ་བགྲོད་མཚམས་བཞག་ཡོད་འདུག

མཁན་པོ་ཀར་ཚེ་ལགས་ནི་ཡུལ་ཤུལ་ནང་ཆེན་ཕྱོགས་སུ་སྙན་གྲགས་ཡོད་པའི་མཁན་པོ་ཞིག་ཡིན་འདུག་ལ། ཁོང་གིས་ད་བར་ཁམས་ཁུལ་དང་དམིགས་བསལ་ནང་ཆེན་ས་གནས་སུ་བོད་ཀྱི་ཆོས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཐོག་ཕྱག་ལས་མང་པོ་གནང་མྱོང་བ་དང་། ཡུལ་ཤུལ་ས་ཡོམ་གྱི་སྐབས་སུ་དགོན་པའི་སྣེ་འཁྲིད་དེ་གནོད་ཐེབས་མང་ཚོགས་ལ་རོགས་སྐྱོར་གྱི་ལས་དོན་ཤུགས་ཆེན་སྤེལ་ཡོད་འདུག རྒྱ་ནག་གཞུང་གིས་ཁོང་དེ་སྔོན་ནས་ཐེངས་མང་པོར་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་མ་ཟད། ཉེ་ཆར་འཛིན་བཟུང་མ་བྱས་བར་དུ་ཁོང་ནང་ཆེན་རྫོང་ཁོངས་ནས་ས་གནས་གཞན་དུ་འགྲོ་བར་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་པ་སོགས་བྱུང་ཡོད་འདུག

གསར་འགོད་པ། དོན་གོ



འབྲེལ་ཡོད་གསར་འགྱུར།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠
Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

༢༠༢༦/༠༦/༢༩
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese