མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ད་ལོའི་གཞུང་ཞབས་ཡིག་རྒྱུགས་མགོ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅོ་ལྔ་བའི་བཀའ་ཤག་གི་ལས་གཞི་གསར་པའི་གྲས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་ཁོངས་སུ་ཡིག་ཚད་གཏོང་བར་སྔོན་ལ་ཟླ་དྲུག་རིང་སཱ་ར་མཐོ་སློབ་ཏུ་ཟབ་སྦྱོང་གནང་དགོས་པ་གཞིར་བཟུང་། སྔར་ལོ་ཕྱི་ཟླ་ ༦ པ་ནས་བཟུང་སྐབས་གཉིས་པའི་གཞུང་ཞབས་ཚུད་རྒྱུགས་ཀྱི་སློབ་ཕྲུག་ཚོར་ས་རཱ་མཐོ་སློབ་ཏུ་ཟབ་སྦྱོང་ཞིག་སྤྲད་ཡོད་པ་ལྟར། ཁ་སང་ནས་བཟུང་ངྷ་ས་དབུས་བོད་ཀྱི་སྨན་རྩིས་ཚོགས་ཁང་དུ། འདི་ལོའི་གཞུང་ཞབས་ཚུད་རྒྱུགས་ཀྱི་ཡིག་ཚད་དངོས་གཞི་བཏང་སོང་།  

ཁ་སང་དང་དེ་རིང་གཉིས་ལ་སྨན་རྩིས་ཚོགས་ཁང་དུ་འབྲི་རྒྱུགས་དང་། སང་ཉིན་འདེམས་ལྷན་ཡིག་ཚང་ཏུ་ངག་རྒྱུགས་གཏོང་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཡིག་རྒྱུགས་ཁྲོད། སཱ་ར་མཐོ་སློབ་ཏུ་གཞུང་ཞབས་ཟབ་སྦྱོང་གནང་ཞུགས་མཁན་དང་། དེ་སྔོན་གཞུང་ཞབས་ཟབ་སྦྱོང་གི་ཚུད་རྒྱུགས་སྐབས་བརྒྱ་ཆ་ལོན་ཡང་ཟབ་སྦྱོང་དངོས་གཞིར་ཞུགས་རྒྱུའི་གོ་སྐབས་མ་ཐོབ་པ་ཁག་ཅིག་བཅས་ཁྱོན་ ༤༤ ཙམ་ཡོད་པ་དང་། ད་ལོ་ཕྱི་ལོགས་ནས་ཐད་ཀར་ཡིག་ཚད་ནང་ཞུགས་པ་དང་གཞུང་ཞབས་ལས་ཐོག་བཅས་ལ་གོ་སྐབས་སྤྲད་མི་འདུག

གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། ཐེངས་འདིར་ཡིག་རྒྱུགས་ནང་ཞུགས་མཁན་ ༤༤ ཡོད་པ་དེ་ཚོར། བཀའ་ཤག་གིས་འགན་འཛིན་སྡེ་ཚན་ཁོངས་ས་མིག་སྤྲད་མེད་པ་དང་། དེ་མིན། སྡེ་ཚན་འགན་འཛིན་དང་ལས་དོ། ལས་དྲུང་། གཞོན་དྲུང་། རྩིས་ཞིབ་ལས་ཁུངས་སུ་སྡེ་ཚན་འགན་འཛིན་དང་ལས་དོའི་ས་མིག་བཅས་ཡོད་འདུག  

འདི་ལོའི་ཡིག་རྒྱུགས་ལ། བོད་ཡིག་དང་དབྱིན་ཡིག ཆབ་སྲིད། རྩིས་བཅས་ཡིན་པ་དང་། བོད་དབྱིན་གཉིས་དང་ཆབ་སྲིད་གསུམ་ལ་འབྲི་རྒྱུགས་དང་ངག་རྒྱུགས། རྩིས་ལ་འབྲི་རྒྱུགས་གཅིག་པུ་བཅས་ཡིན་འདུག བོད་དབྱིན་གཉིས་དང་ཆབ་སྲིད་བཅས་ཀྱི་འབྲི་རྒྱུགས་ལ་བརྒྱ་ཆ་ ༨༠ དང་། ངག་རྒྱུགས་ལ་བརྒྱ་ཆ་ ༢༠ བཅས་ཡོད་འདུག་ལ། རྩིས་ཀྱི་འབྲི་རྒྱུགས་ལ་བརྒྱ་ཆ་ ༥༠ ལས་མི་འདུག 

བོད་ཡིག་དང་དབྱིན་ཡིག་ཆབ་སྲིད་བཅས་སྡེ་ཚན་ ༣ ལ་ཨང་ཐོབ་བརྒྱ་ཆ་ ༡༠༠ ཡོད་པ་ལས་རྒྱུགས་འཕྲོད་ཚད་བརྒྱ་ཆ་  ༥༠ དང་། རྩིས་ལ་བརྒྱ་ཆ་ ༥༠ ཡོད་པ་ལས་རྒྱུགས་འཕྲོད་ཚད་བརྒྱ་ཆ་ ༢༥ ལོན་དགོས་ཀྱི་ཡོད་ཅིང་། བཀའ་ཤག་སྔོན་མའི་སྐབས་ངག་རྒྱུགས་དང་འབྲི་རྒྱུགས་གཉིས་ཀར་བརྒྱ་ཆ་ ༥༠ ལོན་དགོས་པའི་སྒྲིག་གཞི་ཞིག་ཡོད་པ་དེར་བསྐྱར་བཅོས་བྱས་ཏེ། ཐེངས་འདིར་བོད་ཡིག་དང་དབྱིན་ཡིག ཆབ་སྲིད་བཅས་གསུམ་ལ་འབྲི་རྒྱུགས་དང་ངག་རྒྱུགས་བསྡོམས་ཏེ་བརྒྱ་ཆ་ ༥༠ ལོན་དགོས་པ་དང་། རྩིས་ལ་བརྒྱ་ཆ་ ༥༠ ནས་ ༢༥ ངེས་པར་དུ་ལོན་དགོས་པ་བཟོས་ཡོད་འདུག

ཐེངས་འདིར་གཞུང་ཞབས་ས་མིག་གི་གནས་རིམ་ཐད། རྩིས་ཞིབ་ལས་ཁུངས་ཆེད་ཡིག་ཚད་གཏོང་མཁན་ཞིག་དང་། སྤྱིར་བཏང་ལས་བྱའི་སྡེ་ཚན་གྱི་གནས་རིམ་སྡེ་འགན་དང་ལས་དོ། ལས་དྲུང་། གཞོན་དྲུང་བཅས་ཀྱི་ཐོག་ཡིག་ཚད་གཏོང་མཁན་བཅས་གནས་རིམ་ ༤ ཡོད་ཅིང་། ཡིག་ཚད་ཀྱི་གྲུབ་འབྲས་གཞིར་བཟུང་ཨང་རིམ་རྩེ་བཏོག་བྱས་ཏེ། ད་ཡོད་ས་མིག་དག་གི་ཐོག་བསྐོ་བཞག་བྱ་རྒྱུ་ཡིན་པ་དང་། རྒྱུགས་འཕྲོད་པ་གང་ཞིག་རྩེ་བཏོག་ཁོངས་ཚུད་མེད་ན་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་བྱས་རྗེས་ཀྱི་ཟླ་ ༦ རིང་སྒུག་ཐོའི་ནང་ཉར་ཏེ་ས་མིག་གསར་པ་འཐོན་རིམ་བཞིན་བསྐོ་བཞག་བྱ་རྒྱུ་ཡིན་འདུག  

ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས་གནང་སྐབས་གནས་རིམ་བཞིའི་ཐོག་ལ་སྒུག་ཐོ་ཡོད་པ་དང་། གཞན། གཞོན་དྲུང་གནས་རིམ་ཐོག་སྒུག་ཐོ་མེད་པ་དེ་རྒྱུ་མཚན་གང་ལ་ཐུག་ཡོད་མེད་སྐོར་ལ་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས་ཀྱིས།  “ ད་རེབ་རྒྱུགས་འབྲས་གསལ་བསྒྲགས་ཞུ་བའི་སྐབས་ལ་གཞོན་དྲུང་གནས་རིམ་ཐོག་ལ་སྒུག་ཐོ་གཅིག་ཀྱང་འཇོག་རྒྱུ་མིན། གང་ཡིན་ཞེ་ན། དེ་སྔོན་ཡིག་ཚད་བཏང་བ་ཞིག་སྒུག་ཐོ་ཡོད་པ་ཞིག་གི་གནས་སྟངས་འོག་ཡོད་སྟབས། ད་རེབ་གཞོན་དྲུང་གནས་རིམ་ནང་ཞུགས་རྒྱུའི་གོ་སྐབས་འདི་ཁྱེད་ཚོར་མ་སྤྲད་པར་སྒུག་ཐོ་ཡོད་པ་དེ་ནས་བཏང་བཞག་པ་ཡིན་ན་ཁྱེད་རང་ཚོར་ས་མིག་གསུམ་ལས་གོ་སྐབས་ཐོབ་ཀྱི་མེད་སྐོར་དང་། གནས་རིམ་གསུམ་པོ་དེར་ད་ལྟ་སྒུག་ཐོ་མེད་དུས་སྒྲིག་གཞི་གཞིར་བཟུང་ཡིག་རྒྱུགས་གྲུབ་འབྲས་ཐོན་པའི་རྗེས་ལ་ཟླ་ ༦ སྟེ་ཉིན་ ༡༨༠ རིང་ལ་སྒུག་ཐོའི་ནང་འཇོག་རྒྱུ་དང་། རྗེས་སུ་བཀའ་ཤག་གི་ས་མིག་གསར་པ་གནང་ན་སྒྲིག་གཞི་གཞིར་བཟུང་བང་རིམ་བྱས་ཏེ་ཡིག་ཚད་གཏང་མི་དགོས་པར་བསྐོ་བཞག་བྱ་རྒྱུ་ཡིན། ” ཞེས་བརྗོད་བྱུང་།  

གསར་འགོད་པས་གཞུང་ཞབས་ཚུད་རྒྱུགས་ནང་ཞུགས་མཁན་ལ་དྭགས་བསོད་ནམས་གླིང་ནས་ཡིན་པའི་བསྟན་འཛིན་འཇིགས་མེད་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ང་སཱ་ར་མཐོ་སློབ་ཐོན་རྗེས་ཟླ་ ༦ ཙམ་རིང་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་གཞུང་ཞབས་ཟབ་སྦྱོང་ནང་ཞུགས་པ་ཡིན། འོན་ཀྱང་ཐེངས་འདིར་གཞུང་ཞབས་ཀྱི་ས་མིག་ཉུང་ཉངུ་ལས་མེད་ཀྱང་རང་ཉིད་ངོས་ནས་གང་ཐུབ་ཅི་ཐུབ་འབད་བརྩོད་བྱེད་རྒྱུ་ཡིན།” ཞེས་དང་། ད་རེབ་ཡིག་ཚད་གཏོང་ཕྱོགས་ཐོག་འདོད་པ་མ་ཁེངས་པ་དེ་འདྲ་བྱུང་མ་སོང་། གང་ཡིན་ཞེ་ན། གཅིག་ཟབ་སྦྱོང་དང་འབྲེལ་བ་ཡོད་པའི་སློབ་ཕྲུག་ཚ་མར་ཡིག་རྒྱུགས་ཀྱི་གོ་སྐབས་སྤྲད་ཡོད་པ་རེད། གཉིས་པ་ད་རེབ་ཡིག་ཚད་ཀྱི་ནང་དོན་ཡང་ཟབ་སྦྱོང་སྐབས་ཀྱི་སློབ་ཚན་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་རེད་བསམ་པ་བྱུང་སོང་། དེ་ཧ་ཅང་ཡག་པོ་རེད། ” ཅེས་བརྗོད་སོང་། ཁོང་གིས་ང་གཞུང་ཞབས་ཡིག་ཚད་གཏོང་དགོས་དོན་སྐོར་ལ། “ ང་ཆུང་དུས་ནས་བོད་ཡིག་ལ་དགའ་བོ་ཞེ་དྲག་ཡོད་སྟབས། སཱ་ར་མཐོ་སློབ་ནས་བོད་ཀྱི་རིག་གནས་ཐོག་སློབ་མཐར་ཕྱིན་ཏེ་ད་ཐེངས་ཡིག་རྒྱུགས་ཁྲོད་གཞུང་ཞབས་ནང་ཚུད་ན། ཇི་སྲིད་མ་འོངས་པར་བོད་རང་བཙན་མ་ཐོབ་བར་དེ་སྲིད་གཞུང་ལ་ཞབས་ཕྱི་ཞུ་རྒྱུའི་ཆོད་སེམས་ཡོད” ཅེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གོམ་བགྲོད་ལས་འགུལ་དབུ་འབྱེད་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༡༠།༣༠
Mobile App

གཞུང་ཁོངས་མིན་པའི་ཚོགས་པ་ལྔས་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་མགོ་བཙུགས་སོང་། 

༢༠༢༦/༡༠/༣༠
ཞུ་ཡིག་ངོ་བཤུས། པར་དྲ་ལམ་ནས་བླངས།
Mobile App

 རྒྱ་ནག་གི་སློབ་ཆེན་ ༡༤ ཡི་ཞུ་ཡིག་དེ་བདེན་པ་རེད་དམ།

༢༠༢༦/༡༠/༢༩
This photo was captured by our volunteer photographer, Lee Lay Na, on 20 September 2025 at the Long Life Offering Ceremony, co-organised by the Tibetan Buddhist Centre and six Buddhist organisations from Southeast Asia and South Korea.
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་ཨ་རིའི་ཆེ་བསྟོད་གཟེངས་རྟགས་ཤིག་ཕུལ།

༢༠༢༦/༡༠/༢༩
ཀི་ལི་ཡན་མེམ་བྷ་པེ་དང་རྒྱ་ནག་གི་མགོ་ཁྲིད་མའོ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གིས་ཀི་ལི་ཡན་མེམ་བྷ་པེ་ལ་སྐྱོན་བརྗོད་དང་ཚོང་དོན་གན་རྒྱ་མཚམས་འཇོག་བྱས། 

༢༠༢༦/༡༠/༢༨
TTT
Mobile App

རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་བསྐྱར་ཞིབ་དགོས་པའི་ལས་འགུལ་སྤེལ། 

༢༠༢༦/༡༠/༢༨
China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

༢༠༢༦/༡༠/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese