མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་ཧྥི་རི་ཁའི་བར་བརྒལ་གཞུང་།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁྱབ་ཀྱི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་འོས་མི་ ༨ ལ་གྲོས་ཚོགས་འཐུས་མི་ཚོས་འོས་འཕངས་པ་བརྒྱུད་ལྕམ་ཁཱེ་ཋ་རེང་སཱམ་བྷ་པན་ཛྷ་ (Catherine Samba-Panza)ལགས་སུ་རྒྱལ་ཁ་ཐོབ་ཡོད་འདུག

ཁ་སང་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁྱབ་ཀྱི་བར་བརྒལ་སྲིད་གཞུང་གྲོས་ཚོགས་འཐུས་མི་ ༡༣༥ ལས་འཐུས་མི་ ༡༢༩ ཙམ་གྱིས་སྲིད་འཛིན་འོས་མི་སྟེ། རྒྱལ་ས་བྷན་གྷུ་ ( Bangui) གྲོང་ཁྱེར་སྤྱི་ཁྱབ་ཁཱེ་ཋ་རེང་སཱམ་བྷ་པན་ཛྷ་ལགས་དང་། དེ་སྔའི་སྲིད་འཛིན་གྱི་བུ་ཕྲུག་ད་ལྟའི་སྲིད་འཛིན་རྐུབ་སྟེགས་ཐོག་རེ་ཆེན་པོ་རྒྱག་མཁན་ཛྷན་གྷ་ (Zanga-Kolingba)ལགས་རྣམ་གཉིས་གཙོས་འོས་མི་ ༨ ལས་ཛྷན་གྷ་ལགས་སུ་འོས་ ༥༣ དང་ཁཱེ་ཋ་རེང་སཱམ་བྷ་པན་ཛྷ་ལགས་སུ་འོས་ ༧༥ བཅས་ཐོབ་ཏེ། སཱམ་བྷ་པན་ཛྷ་ལགས་སུ་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་སྲིད་འཛིན་ཐོག་མ་དེ་ཆགས་ཡོད་འདུག

འདས་པའི་ལོ་གཅིག་ལྷག་རིང་ཁ་ཆེའི་མི་རིགས་མཱེ་ཤལ་ ( Michel Djotodia )ལགས་ཀྱིས་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁྱབ་ཀྱི་སྲིད་འཛིན་གནང་སྟེ། ཁ་ཆེ་གྲངས་ཉུང་མི་རིགས་དང་རྣམ་དག་ཡེ་ཤུའི་ཆོས་ལུགས་བར་ནང་འཁྲུག་བསྟུད་མར་བྱུང་སྟེ་སྲིད་གཞུང་མགོ་རྟིང་སློག་ཉེན་ལ་ཐུག་ཡོད་པ་དང་། མི་སེར་ ༡༠༠༠ དམར་བསད་དང་ས་ཡ་གཅིག་ཙམ་ཁྱིམ་མཚེས་རྒྱལ་ཁབ་ཁག་ཏུ་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་པ་སོགས་ལ་བརྟེན་ཏེ། ཟླ་འདིའི་ཚེས་ ༡༠ ཉིན་མངའ་ཁུལ་དཔོན་རིགས་དང་ཧྥ་རན་སི་གཙོས་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་གནོན་ཤུགས་འོག་ཁོང་སྲིད་སྟེགས་ལས་དགོངས་པ་ཞུ་དགོས་བྱུང་ཡོད་འདུག  

གསར་དུ་བདམས་ཐོན་བྱུང་བའི་ལྕམ་སཱམ་བྷ་པན་ཛྷ་ལགས་ཀྱིས་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་ཐོག ངས་དབུས་ཨ་ཧྥི་རི་ཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་འདྲ་མིན་གྱི་སྤུན་ཟླ་ཚོས་ནང་དམེའི་དམག་འཐབ་ཞི་འཇགས་ཀྱིས་རྒྱལ་ཁབ་དང་མི་རིགས་ཆེད་མཛའ་མཐུན་མཉམ་གནས་ཀྱི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཚུལ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དམག་འཁྲུག་གོད་ཆག་ཁྲོད་ཀྱི་རྒྱལ་ཁབ་འདི་འཛུགས་སྐྲུན་ཐད་གང་ཐུབ་རོགས་རམ་དགོས་སྐོར་སོགས་བརྗོད་འདུག

ད་ལྟ་ཡུ་རོབ་མཐུན་ཚོགས་དང་ཨ་རི། དབྱིན་ལན་སོགས་རྒྱལ་ཁབ་ཁག་དང་། རྒྱལ་སྤྱི་རང་བཞིན་གྱི་ཚོགས་སྡེ་ཁག་གིས་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁབ་གསར་འཛུགས་འཕེལ་རྒྱས་ཡོང་ཐབས་ལ་རོགས་དངུལ་འབོར་ཆེན་སྤྲོད་བཞིན་ཡོད་ཅིང་། ཡུ་རོབ་མཐུན་ཚོགས་ཀྱིས་ཨ་སྒོར་ས་ཡ་ ༢༠༠ དང་དམག་དོན་ལྷན་ཚོགས་ཀྱིས་ཨ་སྒོར་ས་ཡ་ ༦༠། ཨ་རི་དང་ཧྥ་རན་སི་གཞུང་ཁག་སོ་སོས་ཨ་སྒོར་ས་ཡ་ ༤༥། རྒྱལ་སྤྱིའི་དངུལ་ཁང་ནས་ཨ་སྒོར་ས་ཡ་ ༡༠༠། ཨ་ཧྥི་རི་ཀའི་མཉམ་འབྲེལ་དངུལ་ཁང་ནས་ཨ་སྒོར་ས་ཡ་ ༧༥ བཅས་རྒྱལ་སྤྱིའི་ཚོགས་སྡེ་འདྲ་མིན་ནས་ཨ་སྒོར་ས་ཡ་ ༤༩༦ བཅས་ཀྱི་རོགས་སྐྱོར་སྤྲོད་རྒྱུ་ཡིན་པའི་ཁེ་ལེན་བྱུང་ཡོད་འདུག

ཆབ་སྲིད་དབྱེ་ཞིབ་པ་ཚོས། ད་ལྟའི་བར་བརྒལ་སྲིད་གཞུང་གི་སྲིད་འཛིན་ཁཱེ་ཋ་རེང་སཱམ་བྷ་པན་ཛྷ་ལགས་ནི་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་འདྲ་མིན་གྱི་དགའ་མོས་བྱེད་ཡུལ་ཞིག་དང་མི་རིགས་དང་ཆོས་ལུགས་འཐེན་འཁྱེར་གྱི་ལྟ་ཕྱོགས་མེད་མཁན་མགོ་ཁྲིད་ཞིག་ཡིན་སྟབས་ཡུལ་བདེ་ཞི་འཇགས་དང་ནང་དམེ་མེད་པ་གྱུར་རྒྱུ་ཡིན་སྐོར་བརྗོད་འདུག

ལྕམ་ཁཱེ་ཋ་རེང་སཱམ་བྷ་པན་ཛྷ་ (Catherine Samba-Panza)ལགས་ནི་ ༡༩༥༤ ལོའི་ཟླ་ ༦ ཚེས་ ༢༤ ཉིན་དབུས་ཨ་ཧྥི་རི་ཁ་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁོངས་ཅཱ་དྷི་ ( Chad ) ཞེས་པར་འཁྲུངས་ཤིང་། ཁྲིམས་ལུགས་རིག་པའི་ཐོག་ཆེད་ལས་སློབ་སྦྱོང་བྱས་ཏེ་ཁྲིམས་རྩོད་དང་དེ་རྗེས་ཚོང་ལས་ནང་ཞུགས་ཡོད་འདུག ད་རེབ་སྲིད་འཛིན་དུ་བསྐ་བཞག་མ་གནང་བའི་ཡར་སྔོན་ལ་རྒྱལ་ས་བྷན་གྷུའི་གྲོང་ཁྱེར་གྱི་སྤྱི་ཁྱབ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

ཕལ་ཆེར་ལོ་ཁ་ཤས་ནང་སྦྱོར་ལམ་གྱི་རྟོགས་པ་སྐྱེ་ཡོང་བསམ་པའི་རེ་བ་བྱེད་བཞིན་ཡོད་ཅེས་གསུངས།

༢༠༢༣/༠༥/༢༧
ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།
Mobile App

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

༢༠༢༣/༠༥/༢༦
Mobile App

རྒྱ་ནག་གཞུང་གིས་མཐའ་མཚམས་སུ་གྲོང་ཚོ་གསར་པ་ཞིག་འཛུགས་སྐྲུན་བྱེད་བཞིན་འདུག

༢༠༢༣/༠༥/༢༦
A medical worker chooses medicinal materials at the provincial hospital of Tibetan medicine in Xining, northwest China's Qinghai Province, Feb. 26, 2020. (Xinhua/Zhang Long)
Mobile App

རྒྱ་དཀར་ནག་གཉིས་ལ་བོད་ཀྱི་གསོ་རིག་གི་བདག་དབང་མེད།

༢༠༢༣/༠༥/༢༦
རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦
རྒྱ་ནག་གཞུང་གིས་མགོ་ལོག་ཁུལ་རྨ་སྟོད་རྫོང་ཁོངས་སུ་བཙུགས་པའི་གཏན་འཇགས་སློབ་གྲྭ་ཞིག་གི་འཛིན་ཁང་། ༢༠༢༢།༠༥ པར་བོད་ནས་འདི་གར་མཁོ་སྤྲོད་བྱས།
Mobile App

བོད་ལྗོངས་ཀྱི་གོང་འཕེལ་གླེང་སྟེགས་ཟེར་བའི་ཐོག་རྒྱ་ནག་གཞུང་གིས་འཁྱོག་བརྗོད་ཆེན་པོ་བྱས།

༢༠༢༣/༠༥/༢༥

མཆན། 1

  1. བློ་བཟང་། says:
    ལོ་ 9 སྔོན།

    དེང་སྐབས་འཛམ་གླིང་ཐག་བུད་མེད་ཀྱི་སྲིད་འཛིན་དང་སྲིད་བློན་ཇེ་མང་ནས་ཇེ་མང་རེད། འདི་བཟང་རྟགས་ཤིག་ཡིན་ནམ་ངན་རྟགས་ཤིག་ཡིན་ཧ་གོ་མ་སོང་། གང་ལྟར་བོད་པའི་བཤད་སྟངས་ལྟར་ན་ཐན་ལྟེ་ཞིག་ཆགས་ཀྱི་ཡོད་པ་རེད། ལྷོ་ཀོ་རི་ཡའི་སྲིད་འཛིན་བུད་མེད་རེད། ཐེ་ལན་ཊའི་སྲིད་འཛིན་བུད་མེད་རེད། འཇར་མན་གྱི་སྲིད་བློན་ཡང་བུད་མེད་ཅིག་ཡིན་བསམ་སོང་། ཨ་ཧྥི་རི་ཀའི་སྲིད་བློན་ཡང་བུད་མེད་ཆགས་སོང་། ད་དུང་མང་པོ་ཞིག་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist