མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་སར་སྐབས་རོཊ་དངུལ་སྤྲོད་འཆར།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༢
Share on FacebookShare on TwitterShare on EmailShare on Whatsapp

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྔར་ལོ་སྒོར་དུང་ཕྱུར་ ༡༥༤།༥ བཏང་སྟེ་རོང་འབྲོག་མི་མང་ལ་རོགས་སྐྱོར་བྱས་ཡོད་པ་དང་། འདི་ལོའི་ལོ་སར་སྐབས་མི་མང་གི་གཞི་རྩའི་འཚོ་བར་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི་ ༧༢༧༣༣ སྤྲོད་འཆར་ཡོད་འདུག

ཉེ་བའི་ལོ་འགའི་རིང་རྒྱ་གཞུང་གིས་བོད་ནང་གི་ས་ཆ་གང་སར་རོགས་དངུལ་མང་དུ་བཏང་སྟེ། མི་མང་གི་བསམ་བློ་བསྒྱུར་ཐབས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་དཀའ་ངལ་འགེབ་ཐབས་ཀྱི་ཐབས་ལམ་འདྲ་མིན་ལག་བསྟར་བྱེད་ཀྱིན་པ་ལྟར། ཉེ་ལམ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས། ༢༠༡༣ ལོར་རོང་འབྲོག་མང་ཚོགས་ལ་རོགས་དངུལ་ག་ཚོད་ཕུལ་མིན་དང་། ས་གནས་ཀྱི་གཞུང་ལམ་དང་གློག སྡོད་ཁང་གི་མཐུན་རྐྱེན་ཇེ་ལེགས་སུ་བཏང་བའི་ཐད་གནས་ཚུལ་ཞིག་བཀོད་ཡོད་པའི་ནང་། ཕྱི་ལོ་ ༢༠༡༣ ལོར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྒོར་དུང་ཕྱུར་ ༡༥༤།༥ བཏང་སྟེ་རོང་འབྲོག་ཁུལ་དུ་གཞུང་ལམ་སྤྱི་ལེ་ ༩༩༧༠ གསར་འཛུཊ་དང་། ཟམ་པ་ ༢༢༣ འཛུགས་སྐྲུན། སྡེ་བ་ ༡༠༧ ལ་ཁ་པར་གྱི་མཐུན་རྐྱེན་བསྐྲུན་ཡོད་ཚུལ་དང་། རོང་འབྲོག་ཁུལ་གྱི་ཁྱིམ་ཚང་ཁྲི་ ༣།༩༢ ཡི་གློག་གི་དཀའ་ངལ་སེལ་ཡོད་ཚུལ་སོགས་བཀོད་ཡོད་པ་མ་ཟད། དབུལ་སྐྱོར་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ་སྡེ་བ་ ༣༧༦ དག་ཐེར་ཡར་སྐུལ་བྱས་ཡོད་པ་དང་། དབུལ་ཕོངས་རོང་འབྲོག་ ༥༤༠༠༠ ལྷག་དབུལ་སྐྱོར་གནས་སྤོར། སྒོར་དུང་ཕྱུར་ ༢།༡ བཏང་སྟེ་ཆུ་དང་གཞུང་ལམ་སོགས་གསར་བསྐྲུན་བཅས་བྱས་ཏེ། དབུལ་ཕོངས་ ༢༡༣༠༠༠ ཇེ་ཉུང་དུ་བཏང་ཚུལ་སོགས་བཀོད་ཡོད་འདུག་ལ། ༢༠༡༤ ལོའི་སྐོར་དང་པོའི་དཀའ་ངལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི་ ༧༢༧༣༣ ཡོད་པ་ལས། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི་ ༣༥༤༥༥ གཏོང་འཆར་ཡོད་པ་དང་། ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་ཁ་གསབ་མ་དངུལ་སྒོར་ཁྲི་ ༣༧༢༧༨ གཏོང་རྒྱུའི་གཏན་འབེབས་བྱས་ཏེ། ལོ་སར་སྐབས་མ་དངུལ་བགོ་འགྲེམས་བྱ་འཆར་ཡོད་ཚུལ་སོཊ་བཀོད་འདུག

དེ་བཞིན། ཟླ་འདིའི་ཚེས་ ༡༩ ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཐོག ཞིང་ཆེན་གྱི་དམར་ཤོག་མགོ་གཙོ་ཧུའུ་ཕིན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུ་སྒྲོགས་སྦྱོང་གནང་སྟེ། ཉེ་བའི་ལོ་འགའི་རིང་དམངས་འཚོའི་ཐད་མཚོ་སྔོན་གྱི་སྤྱིའི་འགྲོ་སོང་གི་བརྒྱ་ཆ་ ༧༥ ཡན་ཟིན་གྱི་ཡོད་པ་དང་། ༢༠༡༣ ལོར་འགྲོ་སོང་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་བཞི་ (༩༤།༠༠༠།༠༠༠།༠༠༠) ལྷག་བཏང་བ་ལས། དམངས་འཚོའི་དོན་དངོས་བཅུའི་ཐད་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་གཅིག་དུང་ཕྱུར་ལྔ (༤༡།༥༠༠།༠༠༠།༠༠༠) ལྷག་བཏང་སྟེ་ལག་བསྟར་བྱས་ཡོད་ཚུལ་བརྗོད་འདུག

ཁོས་བསྒྲགས་པའི་དམངས་འཚོའི་དོན་དངོས་བཅུ་ནི། དང་པོ། ལས་ཞུགས་ཡོང་སྒོ་འཕར་ཚད་ཀྱིས་ལོ་རྒྱུས་ཀྱི་ཆུ་ཚད་གསར་བ་བསྐྲུན་ཡོད་པ་དང་། གཉིས་པ། གྲོང་གསེབ་ཀྱི་བདེ་སྡོད་བཟོ་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། གསུམ་པ། སྤྱི་ཚོགས་འགན་སྲུང་ཆུ་ཚད་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་བཏང་བ། བཞི་བ། སློབ་གསོའི་ལས་དོན་མཐུན་སྦྱོར་དང་དོ་མཉམ་སྒོས་འཕེལ་རྒྱས་སུ་བཏང་བ། ལྔ་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ། དྲུག་པ། རིག་གནས་དམངས་ཕན་སྲིད་ཇུས་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་བ། བདུན་པ། ཚན་རྩལ་གསར་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་བ། བརྒྱད་པ། དབུལ་སྐྱོར་བྱ་བའི་ཐད་ནས་ཤུགས་སྣོན། དགུ་བ། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས། བཅུ་བ། གྲོང་གསེབ་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་བཅས་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese