མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟག་སྣ་འཇིཊ་མེད་བཟང་པོའི་ལོ་རྒྱུས་ལ་གཟིཊ་ཏེ་བསླབ་བྱ་ལེན་དགོས།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྔ་དྲོར་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་བོད་པའི་ཆབ་སྲིད་བཙོན་ཟུར་གྲགས་ཆེན་སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་དཔེ་དེབ་༼མི་ཚེའི་མྱོང་ཚོར།༽ཞེས་པ་དབུ་འབྱེད་གནང་བའི་སྟེང་། སྲིད་སྐྱོང་མཆོག་དང་བདེ་སྲུང་བཀའ་བློན་བཅས་ཀྱིས་རྒྱལ་གཅེས་དཔའ་བོ་ཁོང་ལ་ཆེ་སྟོད་ཀྱི་གཏམ་བཤད་གནང་སོང་།  

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༤༥ ཐོག བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་ཁང་དུ། ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིཊ་མེད་བཟང་པོ་ལཊ་ཀྱི་༼ མི་ཚེའི་མྱོང་ཚོར། ༽ ཞེས་པའི་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་ཚོཊ་སོང་། དེར་བོད་མིའི་སྒྲིག་འཛུཊ་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག  སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིཊ་མེད་བཟང་པོ་ལཊ། དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་གཙོ་དང་རྒྱུན་ལས་རྣམ་པ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་གསར་འགོད་པ་བཅས་འཛོམས་འདུག

མཛད་སྒོའི་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་དཔེ་དེབ་དབུ་འབྱེད་གནང་རྗེས། ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིཊ་མེད་བཟང་པོ་ལཊ་དང་བདེ་སྲུང་བཀའ་བློན། སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་བཅས་ནས་དཔེ་དེབ་དང་འབྲེལ་བའི་གསུང་བཤད་དང་། སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱིས་དཔེ་དེབ་རྩོམ་སྒྲིག་པ་ལྷ་ཆབ་སྦྱིན་པ་ལགས་དང་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ་གཉིས་ལ་ཐུགས་རྗེ་ལེགས་འབུལ་བཅས་གནང་སོང་བ་མ་ཟད། སྲིད་སྐྱོང་མཆོག་གིས་རྩོམ་སྒྲིག་པ་རྣམ་གཉིས་ལ་ཕྱག་འཁྱེར་གསོལ་རས་དང་འབྲེལ་གསུང་བཤད་གནང་སོང་།

སྐབས་དེར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ད་ལྟའི་བར་༧གོང་ས་མཆོག་གི་བཀའ་དགོངས་ལྟར་སྔ་ཕྱིར་ཆབ་དེབ་ཕྲེང་ ༢༢ ཙམ་རྩོམ་སྒྲིག་དཔར་འགྲེམ་གྱི་དམིགས་ངོ་སྤྲོད་དང་འབྲེལ། ཐེངས་འདིར་རྒྱ་ནག་གིས་བཙོན་འོག་ཏུ་བཅུག་པའི་ཁོངས་ནས་བཙོན་འཇུག་གི་དུས་ཡུན་རིང་ཤོས་དང་། ལྷོ་ཤར་ཨེ་ཤ་ཡའི་ལོ་རྒྱུས་ནང་གི་ཟིན་ཐོ་དང་པོ། འཛམ་གླིང་ལོ་རྒྱུས་སྟེང་གི་བཙོན་པའི་ལོ་ཡུན་རིང་ཤོས་ཨང་ ༣ ཡིན་པའི་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་མི་ལོ་ ༤༡ དང་། ངལ་རྩོལ་བསྒྱུར་བཀོད་ལོ་ ༥ བཅས་ཀྱི་ཁྲིམས་ཐག་བཅད་པ་ལས། བཙོན་ཁང་དུ་ལོ་ ༣༢ དང་ངལ་རྩོལ་བསྒྱུར་བཀོད་ལོ་ ༥ བཅས་ཁྱོན་ལོ་ ༣༧ སུམ་ཅུ་སོ་བདུན་རིང་རྒྱ་ནག་གི་མནར་གཅོད་འོག་སྡོད་དགོས་བྱུང་ཡང་། སྔ་ཕྱི་བར་གསུམ་དུ་མི་རིགས་ལ་འཆང་པའི་ལྷག་བསམ། ལྟ་བ་བཅས་ལ་གཡོ་བ་མེད་པའི་ཐོག་ནས་དཔའ་ངར་ཞུམ་མེད་ཀྱིས་འཐབ་རྩོད་རྒྱུན་འཁྱོངས་གནང་ཡོད་པ་དང་། ལོ་རྒྱུས་དེབ་ཕྲེང་འདི་བརྒྱུད་རང་རིགས་ཕྱི་རབས་པ་རྣམས་ལ་མི་རབས་གོང་མའི་རྒྱལ་ཞེན་དང་ལྷག་བསམ། མི་རིགས་ཀྱི་ལྟ་བ། གཞན་ཡང་རང་སྲོག་ཚད་ལ་འཛུགས་དགོས་ཀྱང་དགྲ་བོར་ནམ་ཡང་མགོ་མི་སྒུར་བ་དང་དཔའ་མི་ཞུམ་པའི་སྙིང་སྟོབས་ཀྱི་བསླབ་བྱ་བཟང་པོ་དེ་ཤ་སེང་རུས་སེང་དུ་ཐིམ་ཐུབ་པའི་རེ་བ་དང་། དྲང་བདེན་ལ་ཞེན་པའི་འཛམ་གླིང་མི་མང་ཚོས་བོད་དོན་ཐད་རྒྱ་ནག་གུང་ཁྲན་ཏང་གི་ངོ་ཚ་མེད་པའི་རྫུན་གཏམ་དང་གཡོ་ཇུས། མི་རིགས་ཆེན་པོའི་འདུ་ཤེས་ཀྱིས་དཀར་ནག་ཕྱིན་ཅི་ལོག་པའི་ཧམ་བཤད་སོགས་ཀྱི་དོན་ངོ་མ་གསལ་རྟོགས་ཐུབ་རྒྱུར་ཐུགས་ཕན་ཅུང་ཟད་གསོས་པའི་རེ་བ་ཡོད་སྐོར་སོགས་བརྗོད་སོང་།  

དེའི་རྗེས་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིཊ་མེད་བཟང་པོ་ལཊ་ཀྱིས། ཁོང་གི་ལོ་རྒྱུས་དེབ་ཕྲེང་འདི་རྩོམ་འབྲི་གནང་དགོས་དོན་ནི། ༧གོང་ས་མཆོག་གིས་སུམ་ཅུའི་དུས་དྲན་ཐེངས་ ༢༨ ཐོག་བསྩལ་བའི་བཀའ་སློབ་ནང་། དེ་སྔ་སོ་སོ་རང་ཉིད་ཐོག་ལ་གནས་ཚུལ་མང་པོ་ཞིག་བྱུང་བའི་མཐོང་ཐོས་མྱོང་གསུམ་ཡིག་ཐོག་ཏུ་འགོད་དགོས། དེ་ལྟར་མ་བྱས་ན་དཀའ་སྡུག་མང་པོ་མྱངས་པའི་རྒན་པ་ཚོ་རྫོགས་འགྲོ་བཞིན་འདུག མ་འོངས་པའི་དུས་སྐབས་ཤིག་ལ་གནས་ཚུལ་ཞིབ་ཚགས་ཤོད་རྒྱུ་མེད་པ་ཆགས་རྒྱུའི་ཉེན་ཁ་འདུག དེར་བརྟེན་སྔོན་བྱུང་ལོ་རྒྱུས་རྒྱབ་མདུན་གང་ཡིན་ཡང་། ཡིག་ཐོག་ལ་བཀོད་དགོས་ཞེས་གསུངས་བའི་བཀའ་སློབ་དང་། ༢༠༠༢ ལོར་ཨ་རིར་བསླེབས་སྐབས་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཡིག་ཐོག་ནས་ལོ་རྒྱུས་ཞིབ་ཚགས་ཤིག་འབྲི་དགོས་པའི་སྐུལ་མ་གནང་བ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྔ་ཕྱི་ཐེངས་གཉིས་ལ་ལོ་རྒྱུས་འབྲི་དགོས་པའི་སྐུལ་མ་གནང་བ་བཅས་ལ་བརྟེན་ཏེ་ལོ་རྒྱུས་དེབ་ཕྲེང་འདི་ཉིད་གྲུབ་པ་ཡིན་སྐོར་གསུངས་སོང་།

སྤྱི་འཐུས་འཇམ་དབྱངས་བཟོད་པ་ལགས་ཀྱིས། ད་ལྟའི་བར་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་ཀྱི་དཔེ་མཛོད་ཁང་ངག་རྒྱུན་སྡེ་ཚན། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བོད་པའི་གསར་ཁང་ཁག་བཅས་ཀྱིས་བོད་པའི་དཔའ་བོ་དཔའ་མོ་དང་ཆབ་སྲིད་བཙོན་ཟུར་གྱི་དེབ་མང་པོ་ཞིག་བསྒྲིགས་ཡོད་པ་དེ་དག་ཧ་ཅང་གལ་ཆེན་རྩ་ཆེན་ཡིན་པ་དང་། ང་ཚོས་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་ལོ་རྒྱུས་ཀློག་སྟེ་མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་པ་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་དང་། ཁོང་ཚོའི་བཀའ་དྲིན་ཡང་ཡང་བསམ་པར་ཕན་ཐོགས་ཆེན་པོ་འདུག་སྟབས་གཞོན་སྐྱེས་ཚོས་ཀློག་རྒྱུ་གལ་ཆེན་ཡིན་སྐོར་སོགས་བརྗོད་སོང་།  

བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས། སྟག་སྣ་འཇིཊ་མེད་བཟང་པོ་ལཊ་ཀྱི་སྐུ་ཚེའི་སྙིང་བོ་དང་དགུང་ལོ་དར་མ་དེ་བཙོན་དུང་ནང་བཞུགས་དགོས་པའི་གནས་ཚུལ་བྱུང་ཡང་། ཁོང་གིས་སྔ་རྗེས་བར་གསུམ་དུ་ལ་འགྱུར་བ་མེད་པའི་སྙིང་སྟོབས་བཅངས་ཏེ། བོད་རྒྱལ་ཁབ་དང་མི་རིགས། བོད་བསྟན་པ་ཆབ་སྲིད་ལ་ལྷག་བསམ་རྣམ་དག་དང་རྒྱལ་ཞེན་གྱི་དཔེ་མཚོན་གསོན་པོ་ཞིག་བཞག་ཐུབ་ཡོད་པ་དང་། མི་ཚེ་བཟང་མཐར་འཁྱོལ་བའི་དོན་གྱི་རྒྱལ་གཅེས་དཔའ་བོ་ཞིག་ཆགས་ཡོད་སྐོར་གསུངས་སོང་། ཁོང་གིས་། “ ང་རང་རྒྱུན་རིང་པོ་གཤིབ་མེད་ཀྱང་། འཇིཊ་བཟང་ལཊ་ཀྱི་ཐུཊ་གཤིས་དེ་ཧ་ཅང་ཉམས་ཆུང་དང་། དཔེ་མཚོན་ཆུང་ཆུང་ཞིག་ཞུས་ན། བཙོན་ཁང་ནང་ལོ་མང་པོ་བཞུཊ་ཀྱང་། རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་ཐབས་ལམ་འོག་སྨན་སྦྱོར་དང་སྦྲཊ་ཕྱི་ཕྱོཊ་སུ་ཡོང་བའི་གོ་སྐབས་རག་སྐབས་བློ་རྩ་བརྟན་པོས་དང་ལེན་མ་བྱས་པ་དེ་དག་ནི་མི་ཚེའི་ལོ་རྒྱུས་ནང་ཧ་ཅང་ཡ་མཚན་ཆེན་པོ་ཡིན་པ། མི་རིཊ་དང་རྒྱལ་ཁབ་ཀྱི་དོན་དུ་སྒེར་གྱི་ཁེ་ཕན་བློས་བཏང་ཡང་མཐའ་མར་ཕེབས་རྒྱུའི་གོ་སྐབས་བྱུང་བ། དེབ་འདིའི་ནང་ཞིབ་ཚཊ་པོ་བྱས་ཏེ་གནས་ཚུལ་མང་པོ་ཞིག་བཀོད་གནང་ཡོད་ཀྱི་མ་རེད་བསམ་གྱི་འདུག སྐབས་དེའི་བཙོན་རོགས་མང་པོ་ཞིག་འདིར་ཕེབས་བཞུཊ་གནང་ཡོད་པ་རེད། དེ་ཚོས་ངེས་པར་དུ་ཁ་གསབ་གནང་དགོས་པ་དང་། དོ་བདག་རང་ཉིད་ཀྱི་ཐུགས་ཞིབ་ཀྱི་ཐོག་ནས་འགྲིག་བསྡད་པ་ཡིན་ན།  སོ་སོ་རང་ཉིད་ཀྱིས་རང་ཉིད་ལ་ལྟོས་པའི་བཟོད་དགོངས་ཏེ་མ་འགྲིག་པ་ཏན་ཏན་ཡོད་ངེས་སྟབས། བཙོན་རོགས་གཞན་པ་ཚོས་རྒྱུས་ཡོད་ཀྱི་ཐོག་ནས་མ་འོངས་པར་ཁ་གསབ་གནང་ཐུབ་པ་བྱུང་བ་ཡིན་ན་ཏན་ཏན་སྐད་ཆ་ཡོང་གི་རེད་བསམ་གྱི་འདུག ” ཅེས་གསུངས་བྱུང་།

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། ཁོང་ལྡི་ལི་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་སྐབས་ནས་བཟུང་སྟག་སྣ་འཇིཊ་མེད་བཟང་པོ་ལགས་གྲྭ་བཞི་བཙོན་ཁང་དུ་ཡོད་པའི་ལོ་རྒྱུས་ཐོས་མྱོང་བ་དང་། ༡༩༩༢ ལོར་སུད་སི་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་མཐོ་སློབ་དུ་ཕེབས་སྐབས། ཁོང་གིས་གྲྭ་བཞི་བཙོན་ཁང་དུ་ངོ་རྒོལ་བྱས་པ་ཐོས་ཡོད་ཚུལ། རྗེས་སུ་བཙོན་ཁང་དུ་ལན་འབྱོར་ཏེ་ཨ་རིར་ཕེབས་ཆོག་གི་ཡོད་པ་དང་། བོད་ལ་ཚུར་ལོག་གི་མིན་ཞེས་ཁས་ལེན་བྱེད་དགོས་པའི་ཆ་རྐྱེན་བཏོན་སྐབས། ཁོང་གིས་ཕྱིར་བོད་ལ་ལོག་རྒྱུ་མེད་པ་ཡིན་ན། ཨ་རིར་འགྲོ་ཡི་མིན་ཞེས་གསུངས་ཡོད་པ་མ་ཟད། ཡིག་ཐོག་ནས་སོ་སོའི་ཕ་ཡུལ་བོད་ལ་ལོག་རྒྱུ་མེད་པ་ཡིན་ན། ང་ཨ་རིར་འགྲོ་རྒྱུ་མིན་ཞེས་བཀོད་ཡོད་པ་དང་། རྗེས་སུ་ཆ་རྐྱེན་གང་ཡང་མེད་པར་སྐུ་གཟུགས་དང་གནས་བབ་ཀྱི་ཐོག་ནས་ཨ་རིར་ཕེབས་ན་འགྲིག་གི་ཡོད་ཚུལ་བཤད་རྗེས། གཞི་ནས་ཕྱིས་སུ་སྐུ་གཟུགས་བརྟག་དཔྱད་གནང་ཆེད་ཕྱིར་ཕེབས་ཐུབ་པ་བྱུང་ཡོད་པ་དེས། ཁོ་རང་ང་ཚོའི་རྒྱལ་ཁབ་ལ་རྒྱལ་ཞེན་དང་། མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་གང་འདྲ་ཡོད་མེད་དང་། བོད་སྤྱི་བའི་རྩ་དོན་ཆེད་རང་ཉིད་བློས་བཏང་སྟེ། ལྷག་བསམ་རྣམ་དག་གིས་རྩ་དོན་རང་གི་ཆེད་དུ་སྐུ་ངལ་བསྐྱོན་ཡོད་མེད་བཅས་དཔའ་ བོ་དཔའ་མོའི་ནང་ནས་མིག་དཔེ་འཇོག་དགོས་པ་ཞིག་དང་། དམིགས་བསལ་ཕྱི་ནང་གཉིས་སུ་ཡོད་པའི་ན་གཞོན་ཚོས་ཁོང་གི་ལོ་རྒྱུས་གཏིང་ཟབ་པོའི་ཐོག་ནས་རྟོག་དགོས་པ་ཧ་ཅང་གལ་ཆེན་ཡིན་ཚུལ་གསུངས་སོང་།

སྟག་སྣ་འཇིགས་མེད་བཟང་པོ་ལགས་ཀྱི་དེབ་འདིར་ཁྱོན་ལེ་ཚན་ ༦ དང་ཤོག་ངོས་ ༢༢༥ ཡོད་པ་དང་། ལེ་ཚན་དང་པོར། ཁོང་ཐོག་མར་བཙོན་ཁང་ནས་ཨ་རིར་སླེབས་ཚུལ་དང་། ཨ་རིར་སླེབས་པའི་བརྒྱུད་རིམ། ལེ་ཚན་གཉིས་པ། ཨ་རིར་འབྱོར་རྗེས་ཀྱི་སྐོར། ལེ་ཚན་གསུམ་པ། ལྷ་སའི་སློབ་ཆུང་དང་པོའི་ནང་དགེ་རྒན་བྱས་པའི་སྐོར། ལེ་ཚན་བཞི་བ། བཙོན་དུ་ཚུད་པའི་སྐོར། ལེ་ཚན་ལྔ་བ། འཁྲུངས་ཡུལ་དང་ཕ་མའི་སྐོར། ལེ་ཚན་དྲུག་པ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་རང་ཉིད་ཀྱི་ལྟ་ཚུལ་སྐོར་བཅས་སོགས་བཀོད་འདུག་ལ། ད་དུང་ཁོང་གི་ལོ་རྒྱུས་རང་བཞིན་གྱི་སྐུ་པར་ཁག་ཅིག་དང་། ཁྲིམས་གཅོད་དཔང་ཡིག དེ་མིན་གྱི་ཡིག་ཆ་ཁག་ཅིག་བཅས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. འཕྲིན་ལས་མཐའ་ཡས། says:
    ལོ་ 12 སྔོན།

    བཀུར་འོས་ཆབ་སྲིད་བཙོན་ཟུར་གྲགས་ཅན་སྟག་སྣ་འཇིགས་མེད་བཟང་པོ་མཆོག་ལ་གུས་འདུད་ལན་བརྒྱར་ཞུ་བ་དང་འབྲེལ། སྙིང་སྟོབས་ལ་དུས་དང་མཐུན་པའི་སློབ་སྦྱོང་བྱེད་ཨེ་ཐུབ་ཀྱང་ལྟ་རྒྱུ་ཡིན།

    དེ་བཞིན། སྲིད་སྐྱོང་སོགས་ཆེན་པོ་རྣམས་ཀྱིས་དཔའ་བོའི་བྱུང་རབས་དེབ་ཐེར་དུ་འཇོག་པའི་གལ་གནད་ཐད། དབུ་ཁྲིད་ཅིག་ཡིན་པའི་ངོས་ནས་གཏམ་བཤད་ཚད་ལྡན་མ་འདྲ་བ་གནང་ཐུབ་མི་འདུག་ཀྱང། ས་ཆའི་ཚོད་ཀྱི་དྭགས་ཡིན་པར་སོང་ཁྱེད་ཚོའང་བཀའ་དྲིན་ཆེ་ཞུ།

    ཞོར་དུ། རྩོམ་སྒྲིག་པ་ཆབ་སྲིད་བཙོན་ཟུར་ལྷ་ཆབ་སྦྱིན་པ། ཆབ་སྲིད་བཙོན་ཟུར་པ་སངས་ཚེ་རིང། ཆབ་སྲིད་བཙོན་ཟུར་དམེ་བུ་དཀོན་རྒྱམ་སོགས་དགུ་བཅུ་གསུམ་ནང་གི་ཆབ་སྲིད་བཙོན་ཟུར་ཚང་མ་ལའང་བཀའ་དྲིན་ཆེ་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese