རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རྐྱེན་བྱས་ཏེ། མགོ་ལོག་པདྨ་རྫོང་གི་བོད་མི་གསུམ་འཛིན་བཟུང་བྱས་ཡོད་འདུག
ཟླ་འདིའི་ཚེས་ ༢༢ ཉིན་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཕྱི་ཕྱོཊ་སུ་གནས་ཚུལ་ངོ་སྤྲོད་གནང་བ་ལྟར་ན། སྔར་ལོ་ཕྱི་ཟླ་ ༡༡ ཚེས་ ༡༡ ཉིན་བོད་མདོ་སྨད་མཚོ་སྔོན་མགོ་ལོག་ཁུལ་པདྨ་རྫོང་ཇོ་ནང་ཨ་སྐྱོང་དགོན་པའི་གྲྭ་ཚེ་རིང་རྒྱ་ལཊ་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་རྗེས། རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་དུ་དམ་དྲག་དང་བོད་མི་ཚོ་གང་བྱུང་འཛིན་བཟུང་བྱས་ཡོད་པ་མ་ཟད། ཟླ་འདིའི་ཚེས་ ༡༨ ཉིན་ཇོ་ནང་ཨ་སྐྱོང་དགོན་པའི་དགེ་བསྐོས་དགེ་ལེཊ་ལགས་དང་། ཁོང་གི་སྤུན་ཆུང་བ་ཚེ་ལྷ་སྐྱབས། གཞན། བོད་མི་ཚེ་སྐྱབས་ཞུ་བ་ཞིག་བཅས་ནག་ཉེས་ཅི་ཡིན་གསལ་ཁ་མེད་པར་འཛིན་བཟུང་བྱས་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཚེས་ ༡༨ ཉིན་རྒྱ་ནག་གཞུང་གིས་ཨ་སྐྱོང་ཇོ་ནང་དགོན་པའི་དགེ་བསྐོས་དགེ་ལེཊ་ལགས། ས་གནས་སྲིད་གཞུང་དུ་སྐད་བཏང་སྟེ་སྐད་ཆ་འདྲི་རྒྱུ་ཡོད་ཚུལ་བཤད་རྗེས་ཕྱིར་ཡོང་མེད་པར་གྱུར་ཡོད་འདུག་ལ། ཁོང་གི་སྤུན་ཆུང་བ་ཚེ་ལྷ་སྐྱབས་ལགས་ན་ཚའི་དབང་གིས་འབར་ཁམས་རྫོང་སྨན་ཁང་དུ་ཕྱིན་སྟེ་སྨན་བཅོས་བྱེད་སྐབས་འཛིན་བཟུང་བཀག་ཉར་བྱས་ཡོད་འདུག
ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་ཚེ་སྐྱབས་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། དེ་སྔོན་རང་ལུས་མེར་བསྲེཊ་ཀྱི་གནས་ཚུལ་རྐྱེན་བྱས་ཏེ་འཛིན་བཟུང་བྱས་པའི་བོད་མི་སྐྱ་སེར་ཁག་ཅིག་ད་ཆར་ཡང་བཀག་ཉར་བྱས་ཡོད་པ་མ་ཟད། ས་གནས་སུ་སྔར་བཞིན་དམ་དྲག་བྱས་ཏེ། ཇོ་ནང་ཨ་སྐྱོང་དགོན་པའི་ནང་གྲྭ་བ་ཚོས་ཕན་ཚུན་ལ་སྐད་ཆ་བཤད་པར་དོགས་ཟོན་བྱེད་དགོས་ཀྱི་ཡོད་འདུག་ལ། ལྷག་པར་དུ་གྲྭ་ཚེ་རིང་རྒྱལ་དང་འབྲེལ་བའི་གནས་ཚུལ་རིགས་གླེང་མི་ཐུབ་པར་གྱུར་ཡོད་འདུག
གསར་འགོད་པ། དོན་གོ