མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་ཆ་ནག་པོ་ཆཊ་དོན་སྐོར་གྱི་དཀྲོག་གཏམ་དེ་སུས་བཟོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༤/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྤེལ་ལྗམ་གྱི་བོད་མི་སྐྱབས་བཅོལ་བའི་ཡིག་ཆ་ནག་པོ་ཆགས་བཞིན་པའི་ཐད་ཚོགས་འདུ་ཚོགས་ཏེ། སྤར་སིལ་སྐུ་ཚབ་དོན་གཅོད་མཆོག་གིས་སྤྱི་ཚོགས་ནང་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་རེ་ཟུང་གི་གཏམ་བཤད་བརྒྱུད་བོད་མི་ཚོའི་ཡིག་ཆ་ནག་པོ་ཆགས་ཚུལ་དེ་བདེན་པ་མིན་པའི་གསལ་བཤད་གནང་འདུག

གཟའ་སྤེན་པའི་ཉིན། སྤེལ་ལྗམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག སྦར་སིལ་དུ་ཡོད་པའི་ན་ལན་ཊའི་དགོན་པའི་ནང་། ཉེ་བའི་ཆར་བོད་མི་སྐྱབས་བཅོལ་ཞུ་མཁན་མང་བོ་ཞིག་ལ་ཡིག་ཆ་མ་རག་པའི་དཀའ་ངལ་འཕྲད་ཡོད་པའི་སྐོར་ལ་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་དྲུང་ཆེ་ཀརྨ་ལགས། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་བཅས་ཕེབས་ཡོད་པ་དང་། དེ་མིན། ཡིག་ཆ་ནག་པོ་ཆགས་མཁན་དང་། དྲི་བ་གཉིས་བ་ཡོང་རྒྱུ་ལྷག་བསྡད་ཡོད་མཁན་བཅས་བོད་མི་ ༢༠༠ ཙམ་འདུ་འཛོམས་བྱུང་ཡོད་འདུག

ཚོགས་འདུའི་སྟེང་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ཀྱིས་སྤེལ་ལྗམ་ནང་གསར་དུ་འབྱོར་བའི་བོད་མི་ཕོན་ཆེན་པོ་ཞིག་གི་ཡིག་ཆ་ནག་པོ་ཆགས་ཡོད་པ་དང་། ཁོང་ཚོའི་ཆེད་སྤེལ་ལྗམ་བོད་རིགས་ཚོགས་པས་ཁྲིམས་རྩོད་པ་ཡག་པོ་ཞིག་བཙལ་ཏེ་ཁྲིམས་གཏུག་རོགས་རམ་གྱི་ཐབས་ལམ་འཚོལ་བཞིན་ཡོད་སྟབས་ཡིག་ཆ་ནག་པོ་ཆགས་མཁན་དག་གིས་མིང་ཐོ་སྤྲོད་དགོས་པ་དང་། དྲི་བ་གཉིས་པར་སྒུག་སྡོད་མཁན་ཚོའི་དྲིས་ལན་སྐབས་གནས་ཚུལ་གང་དག་ཐོག་དོ་སྣང་སྤྲོད་དགོས་མིན་ལམ་སྟོན། ཡིག་ཆ་ནག་པོ་ཆགས་མཁན་ཁྲོད་ཕྲུ་གུ་བཙས་མཁན་སོགས་དམིགས་གསལ་དཀའ་ངལ་ཡོད་རིགས་ལ་བོད་རིགས་ཚོགས་པའི་ངོས་ནས་མཚན་ཚོགས་གོ་སྒྲིག་དང་། ཞལ་འདེབས་བསྡུ་སློང་བརྒྱུད་རོགས་རམ་གང་ནུས་བྱ་འཆར་ཡོད་སྐོར་སོགས་བརྗོད་ཡོད་འདུག

སྐབས་དེར་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་ཉེ་ཆར་སྤེལ་ལྗམ་དུ་བོད་མི་མང་བོ་ཞིག་གི་ཡིག་ཆ་ནག་པོ་ཆགས་པ་ནི་སྒྲིག་འཛུགས་ཀྱི་མགོ་ཁྲིད་རེ་ཟུང་གིས་སྐད་ཆ་བཤད་སྟངས་མ་འགྲིག་པའི་དབང་གིས་ཡིན་ཚུལ་དཀྲོག་གཏམ་ཞིག་ཁྱབ་ཀྱིན་ཡོད་པའི་སྐོར་ལ་གསལ་བཤད་གནང་དོན།  ༢༠༡༣ ལོའི་ཟླ་ ༣ པའི་ཚེས་ ༦ ཉིན་ལ་སིད་སུ་དང་སྤེལ་ལྗམ་གཞུང་གི་སྐྱབས་བཅོལ་ལས་ཁུངས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་གར་དང་བལ་ཡུལ་དུ་བསྐྱོད་ཡོད་པ་དང་། ཁོང་ཚོས་ལྡི་ལི་ནས་སྐུ་ཚབ་དོན་གཅོད་ཁང་དང་བདེ་དོན་ལས་ཁུངས། སྣེ་ལེན་ཁང་། བོད་ཀྱི་སྲིད་བྱུས་ཁང་། མདུན་ལམ་ལམ་སྟོན་ཚོགས་པ། བོད་ཀྱི་ཚོང་དོན་ཚོགས་པ། ད་དུང་རྒྱ་གར་གྱི་མཁས་པ་དང་བོད་མི་སྒེར་བ་ཁག་ཅིག་བཅས་ལ་ཐུག་འཕྲད་གནང་ཡོད་འདུག ངྷ་རམ་ས་ལའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད། དགུ་བཅུ་གསུམ། བོད་རང་བཙན་སློབ་ཕྲུག་ཚོགས་པ། སྒྲོལ་མ་གླིང་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་དང་བདེ་སྲུང་། འཕྲོད་བསྟེན། སྤྱི་འཐུས་ལྷན་ཁང་། སྣེ་ལེན་ཁང་བཅས་ལ་གཟིགས་སྐོར་གནང་ཡོད་འདུག དེ་བཞིན་ངྷ་རམ་ས་ལའི་ SP ལའང་ཐུག་འཕྲད་གནང་ཡོད་འདུག དེའི་རྗེས་ཁོང་ཚོ་བལ་ཡུལ་དུ་བསྐྱོད་དེ་བོད་མིའི་ཚོགས་པ་ཁག་ལ་གཟིགས་སྐོར་གནང་སྟེ། སྤྱི་ཡོངས་ཀྱི་ཆ་ནས་བལ་ཡུལ་ལས་རྒྱ་གར་ནང་གནས་སྡོད་བོད་མི་ཚོའི་གནས་སྟངས་ཡག་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་རྒྱ་གར་ཡུལ་མི་ལས་བོད་མིའི་གནས་སྟངས་ཡག་པ། བོད་མི་ཚོས་རྒྱ་གར་ཡུལ་མི་གཡོག་ཏུ་བཀོལ་བའི་གནས་སྟངས་སོགས་གཟིགས་ཡོད་འདུག ཅེས་བརྗོད་འདུག

སྤྱི་ཚོགས་ནང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་སོགས་སྤེལ་ལྗམ་དུ་སླེབས་སྐབས། སྤེལ་ལྗམ་གཞུང་ལ་བོད་མི་ཚོར་དཀའ་ངལ་མེད་སྐོར་ཞུས་ཡོད་པ་ནི་བདེན་པ་མིན་པའི་སྐོར་ལ། ན་ནིང་ཕྱི་ཟླ་ ༨ པར་ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ཨི་ཊ་ལིར་གཞུང་དོན་ཕྱོགས་བསྐྱོད་ཕེབས་ཞོར་ཏུ་བཀའ་ཤག་གི་གཞིས་ཆགས་རོགས་རམ་གྱི་ལས་འཆར་གསལ་བཤད་ཆེད་སྤེལ་ལྗམ་བོད་རིགས་མི་མང་ལ་ཐུག་ཡོད་པ་ལས་སྤེལ་ལྗམ་གཞུང་དང་གྲོས་ཚོགས་གང་ལའང་ཐུག་ཡོད་པ་མ་རེད། དེའི་རྗེས་སྤྱི་འཐུས་ཚོགས་གཙོ་མཆོག་ཧོ་ལན་ཊི་རུ་ཚོགས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་འགན་འཛིན་ལྷན་ཚོགས་སྟེང་བཅར་སྐབས་ཞོར་ཏུ་སྤེལ་ལྗམ་མི་མང་ལ་ཐུག་འཕྲད་ཆེད་ཕེབས་པ་ལས་སྤེལ་ལྗམ་གཞུང་ལ་ཡོད་པ་མ་རེད། ཉེ་ཆར་སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཡུ་རོབ་གྲོས་ཚོགས་དང་སྤེལ་ལྗམ་གྲོས་ཚོགས་ཁག་ལ་ཐུག་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་དང་བོད་མིའི་དཀའ་སྡུག་ཁག་གསལ་བཤད། བོད་དོན་ལ་རྒྱབ་སྐྱོར་གནང་དགོས་བའི་འབོད་སྐུལ་གནང་བ་ལས་བོད་མི་ལ་དཀའ་ངལ་མེད་སྐོར་ཞིག་གཏན་ནས་གླེང་ཡོད་པ་མ་རེད། སྤྱིར་བཏང་རང་རེའི་མཛད་གཙོ་རྣམ་པ་འདིར་ཕེབས་སྐབས་ཀྱི་མཛད་རིམ་ཁག་སྐུ་ཚབ་དོན་གཅོད་ནས་གྲ་སྒྲིག་གནང་གི་ཡོད་ལ། གསུང་མོལ་ག་རེ་གནང་བ་དོན་གཅོད་ནས་ཉར་བསྡད་ཡོད་པ་རེད། ཅེས་བརྗོད་འདུག

དོན་གཅོད་མཆོག་གིས་སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་བའི་ཐོག་སྲིད་ཇུས་དམ་དུ་ཕྱིན་པའི་རྒྱུ་རྐྱེན་སྐོར་གསུངས་དོན། སྤེལ་ལྗམ་གཞུང་གིས་སྐྱབས་བཅོལ་ལ་འཛིན་པའི་སྲིད་ཇུས་ནི་ཁ་སང་བྱ་ཉལ་བསྡད་ཡོད་སར་དེ་རིང་བྱ་ཉལ་བསྡད་མེད་པར་འགྱུར་བ་ཕྱིན་ཡོད་ལ། ད་ལྟའི་སྐྱབས་བཅོལ་འགན་འཛིན་ལྕམ་ (Maggie De Block) ཚོགས་པ་ཡིས་སྐྱབས་བཅོལ་ཐད་དམ་དྲག་སྲིད་ཇུས་བཟུང་སྟེ་སྤེལ་ལྗམ་གཞུང་ལ་ཁེ་ཕན་བསྐྲུན་ཡོད་སྟབས། སྤེལ་ལྗམ་མི་མང་ཁྲོད་ཁོ་མོ་ལ་རྒྱབ་སྐྱོར་གྱི་ཚད་མཐོ་རུ་འགྲོ་བཞིན་ཡོད་པ་མ་ཟད། ཁོ་མོ་མ་འོངས་བར་སྲིད་འཛིན་ཆགས་སྲིད་པའང་རྗོད་ཀྱི་ཡོད་ལ། ཕྱི་ཟླ་ ༣ པའི་ནང་སྤེལ་ལྗམ་གྱི་འོས་བསྡུའི་སྐབས་ཁོ་མོའི་ཚོགས་པ་ལ་རྒྱབ་སྐྱོར་འཐོབ་ཆེད་སྐྱབས་བཅོལ་ཐད་དམ་དྲག་གི་སྲིད་ཇུས་བཟུང་པ་ཡིན་སྲིད་ལ། འོས་ཤོག་རྗེས་སྲིད་ཇུས་ལ་འགྱུར་བ་འགྲོ་མི་སྲིད་པ་མ་རེད་བསམ་གྱི་འདུག ཅེས་བརྗོད་འདུག

དོན་གཅོད་མཆོག་གིས་མུ་མཐུད་དུ། ཡིག་ཆ་ནག་པོ་ཆགས་ཡོད་པའི་དཀའ་ངལ་སེལ་ཆེད་སྤེལ་ལྗལ་གཞུང་གི་མི་སྣ་ཁག་ལ་ཐུག་འཕྲད་གནང་སྟེ་ (RC) སྐོར་འགྲེལ་བཤད་བྱ་རྒྱུ་ཡིན་ལ། ལག་འཁྱེར་( RC )དེ་ལས་བོད་མི་ཚོ་ཕྱི་རྒྱལ་མིའི་ཐོབ་ཐང་ཙམ་ལས་སྐྱབས་བཅོལ་པ་ཡིན་པ་གསལ་མི་འདུག ལོ་རེ་དུས་ཡུན་རྫོགས་ཚེ་ཕར་འགྱངས་ཞུ་དགོས་བ་དང་ས་གནས་གཞན་ལ་འགྲོ་སྐབས་( departure )ཞུ་དགོས་བ། ས་ཆ་ཉོ་ཚོང་གི་ཐོབ་ཐང་མེད་པ་དང་། སློབ་སྦྱོང་དང་ལས་ཀའི་མཐུན་རྐྱེན་མེད་པ་བཅས་ཀྱི་སྐོར་གསལ་བཤད་གནང་སྟེ་སྤེལ་ལྗམ་གཞུང་གིས་བོད་མི་སྐྱབས་བཅོལ་བའི་ཐད་ཀྱི་ཐག་གཅོད་འགྲིག་མེད་པ་གླེང་རྒྱུ་ཡིན། ཅེས་དང་། བོད་མི་ཚོའི་སྐད་འཕྲིན་སྟེང་དཀྲོགས་གཏམ་འདྲ་མིན་བཤད་དེ་གཞུང་དང་མི་མང་བར་འགལ་ཟླ་བཟོ་བཞིན་པ་དེ་ཡག་པོ་མ་རེད། སྐད་འཕྲིན་སུའི་བཟོས་བ་ངོ་ཤེས་དགོས་བ་དང་དཀྲོགས་གཏམ་དེ་དག་དགྲ་བོ་ལ་དགོས་བའི་ལག་ཆ་རུ་གྱུར་སྲིད་སྟབས། བེད་སྤྱོད་སྐབས་བསམ་བློ་གཏོང་དགོས་བ་དང་གཟབ་ནན་བྱ་དགོས་བའི་འབོད་སྐུལ་གནང་སོང་།

ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་སྟེང་གནས་ཚུལ་ཇི་བྱུང་སྤྱི་འཐུས་གྲོས་ཚོགས་ལ་སྙན་གསེང་ཞུ་རྒྱུ་ཡིན་པ་དང་། བོད་མི་ཚོའི་ས་གནས་བོད་རིགས་ཚོགས་པ་དང་དོན་གཅོད་ལ་ཡིད་ཆེས་གནང་ཚེ་དཀའ་ངལ་སེལ་ཐུབ་ངེས་ཡིན་སྐོར་བརྗོད་ཡོད་འདུག མཐར་སྤེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཞོན་སྨན་པ་ཆོས་རིགས་ལགས་ནས་ཐུགས་རྗེ་ཆེ་གཏམ་བཤད་དང་སྦྲགས་ཁོང་སྒེར་ངོས་ནས་ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ཁྲོད་ནད་མནར་གྱིས་བོད་སྨན་བསྟེན་དགོས་བྱུང་ཚེ་བོད་སྨན་རིན་མེད་ཐོག་སྤྲོད་རྒྱུ་ཡིན་ཚུལ་ཁས་ལེན་གནང་ཡོད་འདུག གཞན། ཉིན་དེའི་ཚོགས་ཐོག་ཏུ། ཡིག་ཆ་ནག་པོ་ཆགས་མཁན་ཚོའི་ངོས་ནས་བཀའ་སྤྱི་གཉིས་ལ་མཚན་འཁོད་སྙན་ཞུ་ཞིག་འབུལ་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་དང་། ཚོགས་འདུའི་རྗེས་ཡིག་ཆ་ནག་པོ་ཆགས་མཁན་ ༡༠༣ ཙམ་གྱིས་བོད་རིགས་ཚོགས་པ་ལ་མིང་ཐོ་སྤྲད་ཡོད་འདུག ཅེས་སྤེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་སོང་།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༥ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༦ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 3

  1. ཤག་སྒང་པ། says:
    ལོ་ 12 སྔོན།

    གཞུང་སྒེར་ཚང་མས་འདི་རིགས་ལ་ཡིད་གཟབ་བྱ་དགོས་པ་ལས་སྣང་མེད་དུ་བཏང་མི་ཉན་སྙམ།

    ཡོད་ཚད་བསྐྱུརད་ནས་ཕྱི་གླིང་དུ་འཁྱམས་དོན་ནི་ལྟོ་དང་འཚོ་བ་བོད་ཞེན་ཆེད་ཡིན་པས་ང་ཚོ་གཅིག་ཏུ་བསྒྲིལ་དགོས་པ་ལས་ནང་རྙོག་མ་མཛད་ཅིག

    Reply
  2. གླང་དར་མ། says:
    ལོ་ 12 སྔོན།

    ང་རང་གིས་བསམ་བློ་བཏང་ན་འདི་ལ་རྒྱུ་མཚན་གཉིས་ཡོད་རྒྱུ་རེད་བསམ་གྱི་འདུག དང་པོ། བོད་མིའི་སྒྲིག་འཛུགས་ཀྱི་གསང་བའི་སྲིད་བྱུས་ཤིག་ཡིན་རྒྱུ་རེད། གཉིས་པ་སྦེལ་ལྗམ་གཞུང་ནས་ཀྱང་བོད་པའི་ཐོག་ཟེར་ན་འདྲ་སྐྱབས་བཅོལ་ལེན་ཕྱོགས་ཀྱི་སྲིད་བྱུས་ཐོག་འགྱུར་བ་ཞིག་ཐེབས་པ་ཡིན་རྒྱུ་རེད། ཡིན་ནའང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དེ་དང་བསྟུན་ཏེ་ལམ་སང་བཙན་བྱོལ་བོད་མིའི་དབུ་ཁྲིད་ཁག་ཅིག་ལ་སྐྱོན་བརྗོད་དང་ཉེས་འཛུགས་བྱེད་པ་དེ་ཡག་པོ་མ་རེད། ཕྱོགས་གཅིག་ནས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་ཐོག་ལས་ལས་ཀ་བྱེད་ཀྱི་ཡོད་པ་རེད་དྲན་གྱི་འདུག གང་ལྟར། དཀའ་ངལ་དེ་འདྲ་ཞིག་འཕྲད་ཡོང་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་ཐབས་ཤེས་གནང་སྟེ་སེལ་ཐབས་བྱེད་དགོས་པ་རེད་བསམ་གྱི་འདུག གལ་སྲིད་གཞུང་ལ་དེ་འདྲའི་སྲིད་བྱུས་ཤིག་ཡོད་ན་ཨ་རི་དང་ཁ་ན་སྒྲ། སུད་སི་དང་ཡོ་རོབ་རྒྱལ་ཁབ་ཚང་མའི་ནང་འགྲོ་སྟངས་གཅིག་པ་བཟོ་དགོས་པ་རེད་མ་གཏོགས་སྦེལ་ལྗེམ་གཅུག་པོར་དེ་འདྲ་གནང་པ་ཡིན་ན་དྲང་མོ་མ་རེད།

    Reply
  3. དར་རྒྱས། says:
    ལོ་ 12 སྔོན།

    གསར་འགྱུར་འདིའི་ཁ་བྱང་ཧ་ཅང་གནད་དུ་ཁེལ་བ་ཞིག་བདམས་འདུག ཁ་བྱང་འདིའི་ནང་དུ་དོན་དག་མང་པོ་ཞིག་ཚུད་འདུག ད་དུང་དེ་ལས་ལྷག་ཅིག་འདོག་རྒྱུ་ཡོད་པ་ནི། ༼ དཀྲོགས་གཏམ་འདི་བཟོ་མཁན་སུ་རེད། ཅིའི་ཕྱིར་དེ་ལྟར་བཤད་པ་རེད།༽ ཅེས་བཏགས་ཡོན་ན་དངོས་གནས་སྙིང་རྗེ་བོ་ཡོང་ས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese